ཐུན་ཏེ་རྫོང་གིས“རྫོང་རུ་རྟགས་མའི”མཐོ་སྒང་རྐང་རྒྱུག་འགྲན་བསྡུར་བྱས།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-06-08
ཀློག་གྲངས།:
ཏང་གི་ཚོགས་ཆེན་ཉི་ཤུ་བའི་དགོངས་དོན་ལག་ལེན་དོན་འཁྱོལ་དང་། ཞི་ཅིན་ཕིང་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བརྗོད་དོན་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་ལ་གཟིགས་ཞིབ་ཏུ་ཕེབས་སྐབས་ཀྱི་གསུངས་བཤད་གལ་ཆེན་ལག་ལེན་དོན་འཁྱོལ་སྒོས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་། ལུས་རྩལ་འགྲན་ཚོགས་ཀྱི་སྤུས་ཀ་ཁྱོན་ཡོངས་ནས་མཐོར་འདེགས་གཏོང་ཆེད་དང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་མཐོ་ས་བསྐྲུན་པའི་མྱུར་ཚད་ལ་ཤུགས་སྣོན་བྱེད་པ། རྒྱལ་སྤྱིའི་སྐྱེ་ཁམས་དམིགས་ས་བསྐྲུན་པ་བཅས་ཀྱི་ཆེད་དུ། བློ་མཐུན་མོའོ་ཙེ་ཏུང་གིས“ལུས་རྩལ་སྦྱོང་བརྡར་རྒྱ་ཆེར་སྤེལ་ནས། དམངས་ཀྱི་ལུས་སྟོབས་འཕེལ་རྒྱས་གཏོང་དགོས”ཞེས་པའི་ལྟ་བ་བཏོན་ནས་ལོ71འགོར་བའི་རྗེས་དྲན་དང་འགྲོགས་ནས། མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གི་མཛུབ་སྟོན་འོག་ཏུ། ཀྲུང་གུང་ཐུན་ཏེ་རྫོང་ཨུ་དང་། རྫོང་མི་དམངས་སྲིད་གཞུང་། མཚོ་སྔོན་ཞིང་ཆེན་དགུན་དུས་ལས་གཞི་དང་སྒོ་ཕྱིའི་ལུས་རྩལ་དོ་དམ་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཐུན་ཏེ་རྫོང་རིག་གནས་ཡུལ་སྐོར་ཅུའུ་དང་། མཚོ་སྔོན་ཞིང་ཆེན་རི་འཛེགས་མཐུན་ཚོགས་ཀྱིས་འགན་སྒྲུབ་བྱས་པའི2023ལོའི་མཚོ་སྔོན་ཐུན་ཏེའི“རྫོང་རུ་རྟགས་མའི”མཐོ་སྒང་རི་ཐང་རྐང་རྒྱུག་འགྲན་བསྡུར་དེ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་འཁོར70ལོན་པའི་སྐབས་འདི་དང་བསྟུན་ཏེ། ཟླ6པའི་ཚེས6ཉིན་མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་དུ་སྤེལ། ཞིང་ཆེན་ལུས་རྩལ་ཅུའུ་དང་མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་། ཐུན་ཏེ་རྫོང་བཅས་ཀྱི་འབྲེལ་ཡོད་མགོ་ཁྲིད་ཡུལ་དངོས་སུ་ཕེབས་ཤིང་དབུ་འབྱེད་མཛད་སྒོར་ཞུགས།
གཙོ་སྒྲུབ་དང་འགན་སྒྲུབ་ཕྱོགས་ཀྱིས་སེམས་ཞིབ་མོས་གྲ་སྒྲིག་བྱས་པ་བརྒྱུད། འགྲན་བསྡུར་ལ་སྐབས་གསུམ་གྱི་ལེགས་སྒྲིག་དང་། དགོས་སུ་ད་ལོར་ཆེད་ལས་རང་བཞིན་དང་བདེ་འཇགས་རང་བཞིན་ལེགས་བཅོས་གོང་འཕེལ་བཏང་ནས།ཐོག་དང་པོརITRAརྒྱལ་སྤྱིའི་རི་ཐང་འགྲན་བསྡུར་གྱི་བསགས་སྐར་ཁྲོད་བཞག་པ་དང་། རྒྱལ་ནང་གི་མིང་དུ་གྲགས་པའི་རྒྱུགས་ལམ་སྤྱི་ཁྱབ་ལྟ་སྐུལ་བ་དང་རྒྱལ་ཁབ་རིམ་པའི་ཤན་འབྱེད་པ་གདན་འདྲེན་བྱས་ཤིང་། ཨང་ཐོའི་རྡུལ་ལེབ་ཀྱིGPSགནས་གཏན་བེད་སྤྱོད་བྱས་ནས། འགྲན་བསྡུར་གྱི་ཆེད་ལས་ཆུ་ཚད་ཁྱོན་ཡོངས་ནས་ཇེ་མཐོར་བཏང་། ཉེན་མཐོའི་ལུས་རྩལ་འགྲན་བསྡུར་གྱི་བདེ་འཇགས་ཁག་ལེན་བྱེད་པར་ཤུགས་སྣོན་ཆེད། མཚོ་སྔོན་ཞིང་ཆེན་རི་འཛེགས་མཐུན་ཚོགས་ཀྱི་རི་ཐང་ཉེན་སྐྱོབ་རུ་ཁག་གདན་དྲངས་ནས་ཐེངས་འདིའི་འགྲན་བསྡུར་གྱི་འགྲན་ལམ་ལ་ཆེད་ལས་ཅན་གྱི་འཕྲད་མྱུར་རོགས་སྐྱོབ་མཁོ་འདོན་བྱས།
འགྲན་ཡུན་ཉིན1ཡིན་ལ། སྤྱི་ལེ50ཅན་དང་། སྤྱི་ལེ30ཅན། སྤྱི་ལེ12ཅན་བཅས་ཀྱི་འགྲན་རིམ་དུ་མ་བགར་ཡོད། རྒྱལ་ནང་གི་ཕུལ་བྱུང་འགྲན་ཞུགས་པ212དང་། ས་གནས་རང་གི་རི་ཐང་འགྲན་རྒྱུགས་པ300ཐེངས་འདིའི་འགྲན་བསྡུར་ལ་ཞུགས་ཤིང་། འགྲན་རྒྱུགས་བྱེད་སའི་ཆ་སྙོམས་ཀྱི་མཚོ་ངོས་ལས་མཐོ་ཚད་ལ་རྨི3100ཡོད། ཐུན་ཏེ་རྫོང་གི་རང་བྱུང་མཛེས་ལྗོངས་ལ་གཞི་བཅོལ་ནས། འགྲན་ལམ་ཇུས་འགོད་བྱེད་དུས་ས་གནས་རང་བྱུང་མཛེས་ལྗོངས་ཀྱི་ཐིག་རྩ་ལྟར་ཇུས་འགོད་བྱས་ཡོད་པས། རི་ཐང་འགྲན་རྒྱུགས་ཀྱི་ཉེན་མཆོངས་རང་བཞིན་དང་། ཐུན་ཏེའི་ཐུན་མིན་གྱི་ལྗོངས་རྣམ་རང་བཞིན་གཅིག་ཏུ་འདྲེས་ཡོད། འགྲན་ལམ་དུ་ལོ་རྒྱུས་རིང་བའི་རྫོང་རུ་གནའ་ཤུལ་དང་། ལྷ་བཟོའི་པུར་གྱིས་བྲིས་འདྲའི་ས་ཁམས་ཡུལ་ལྗོངས། གཡུ་འབྲུག་ས་ལ་འཁྱུག་འདྲའི་རྨ་ཆུའི་འབབ་རྒྱུན། དཀན་གཟར་འཇིགས་རྔམ་ཆེ་བའི་རྨ་ཁུགས་གྲོག་རིང་བཅས་བསྟར་ཡོད། ལུས་རྩལ་སྟོབས་ལྡན་གྱི་ཐུན་ཏེ་འཛུགས་བསྐྲུན་བྱ་ཆེད། འགྲན་དོན་ཨུ་ཡོན་ལྷན་ཚོགས་ཀྱིས་རང་ཞིང་གི་ཕ་ཡུལ་ཐུན་ཏེ་ནས་ཡིན་པའི་ཕུལ་བྱུང་ན་གཞོན་འདུར་རྒྱུགས་ལུས་རྩལ་པ་སྟག་མགོ་མཚོ་གདན་དྲངས་ནས་སྤྱི་ལེ12ཅན་གྱི་མང་ཚོགས་འགྲན་རྒྱུགས་ལ་རྒྱུགས་འགོ་ཁྲིད་དུ་བཅུག་ཡོད།
ཐེངས་འདིའི་འགྲན་བསྡུར་གྱིས“མི་རིགས་མཐུན་སྒྲིལ་རྩལ་སྦྱོང་དཔེ་སྟོན་ཁུལ་འཛུགས་བསྐྲུན་བྱེད་པ”བརྗོད་དོན་དུ་བཟུང་ནས། དམངས་ཡོངས་ལུས་སྦྱོང་དང་རིག་གནས་ཡུལ་སྐོར་མཉམ་དུ་དར་རྒྱས་གཏོང་བར་དམིགས་ཏེ། “ས་གནས་རེ་ལ་ཁྱད་ཆོས་རེ”ཡི་ལེགས་ཆ་རྩལ་ཏུ་སྤྲུགས་ཤིང་། འགྲན་ཞུགས་ལུས་རྩལ་པ་དང་འབྲེལ་ཡོད་ལས་བྱེད་པ་དག་ལ་འབའ་མདོ་སྡེ་བའི་དམངས་སྲོལ་གསོལ་མགྲོན་ཁང་ནས་འདུག་ཤག་བཀོད་སྒྲིག་བྱས་ཏེ། འགྲན་བསྡུར་ལ་བསྟེན་ནས་འབའ་མདོ་སྡེ་བའི་ཐོན་ལས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱས། “འབའ་མདོ་ནས་འགྲན་ཞིང་། འབའ་མདོར་འདུག་ལ། འབའ་མདོ་སྐོར་བའི”འཆར་འགོད་ལྟར་ཏུ། འགྲན་བསྡུར་ལ་བསྟེན་ནས་ས་གནས་དེ་གའི་ལུས་རྩལ་དང་དཔལ་འབྱོར། ཡུལ་སྐོར། རིག་གནས་སོགས་ཁྱོན་ཡོངས་ནས་མཉམ་དུ་དར་སྤེལ་བཏང་སྟེ། ལུས་རྩལ་འགྲན་བསྡུར་གྱིས་མི་རིགས་མཐུན་སྒྲིལ་དང་ཞིང་སྡེ་དར་སྤེལ་སོགས་ཀྱི་ཐད་དུ་ཐོན་པའི་ནུས་ཤུགས་འདོན་སྤེལ་གང་ལེགས་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།