logo

ཆོས་དབྱིངས་སྐྱིད་ཀྱིས་ཡ་རྩལ་འགྲན་ཚོགས་སྟེང་གསེར་གྱི་རྟགས་མ་བླངས།

རྩོམ་པ་པོ།: ཡོང་ཁུངས།:ཨ་མདོ་བརྙན་འཕྲིན། དུས་ཚོད།:2023-10-05 ཀློག་གྲངས།:
རང་རྒྱལ་གྱི་འདུར་རྒྱུག་ལུས་རྩལ་པ་ཆོས་དབྱིངས་ཀྱིས་ཧང་ཀྲོའུ་ཡ་གླིང་ལུས་རྩལ་འགྲན་ཚོགས་སྟེང་གསེར་གྱི་རྟགས་མ་བླངས།
 
       ཟླ10ཚེས4ཉིན་གྱི་སྔ་དྲོར། ཧང་ཀྲོའུ་ཡ་གླིང་ལུས་རྩལ་འགྲན་ཚོགས་ཀྱི་མཆོང་རྒྱུག་འཕེན་གསུམ་རྣམ་གྲངས་ལས་སྤྱི་ལེ35ཡི་འདུར་རྒྱུག་འགྲན་སྡུར་གྱི་ཕོ་མོ་མཉམ་བསྲེས་ཀྱི་ཚོགས་པའི་འགྲན་སྡུར་ཁྲོད་ཀྲུང་གོའི་རུ་ཁག་གིས་ཐུན་མོང་སྟོབས་ཤུགས་ལ་བརྟེན་ནས་གསེར་གྱི་རྟགས་མ་བླངས་ཡོད་པར་མ་ཟད། ཐེངས་འདིའི་ཡ་གླིང་ལུས་རྩལ་འགྲན་ཚོགས་སྟེང་འདུར་རྒྱུག་འགྲན་སྡུར་རྣམ་གྲངས་ཀྱི་གསེར་དངུལ་ཟངས་གསུམ་གྱི་རྟགས་མ་ཁ་ཚང་བླངས་ཡོད་པ་རེད།
       སྤྱི་ལེ35ཡི་འདུར་རྒྱུག་འགྲན་སྡུར་ལས་ཕོ་མོ་མཉམ་བསྲེས་ཀྱི་ཚོགས་པའི་འགྲན་སྡུར་ལ་སྐྱེས་པ་འགྲན་ཞུགས་པ་གཉིས་དང་སྐྱེས་མ་འགྲན་ཞུགས་པ་གཉིས་བཅས་བསྡོམས་པས་འགྲན་ཞུགས་པ་བཞི་རེ་ཞུགས་ཡོད་ཅིང་། ཀྲུང་གོའི་རུ་ཁག་གིས་འདུར་རྒྱུག་ལུས་རྩལ་པ་ཆོས་དབྱིངས་སྐྱིད་དང་པེ་ཞོའེ་དབྱིན། ཧིག་ཞང་ཧོང་། ཝང་ཆེན་བཞི་མངགས་ནས་འགྲན་སྡུར་བྱས་པ་བརྒྱུད་སྐྱེས་མའི་འགྲན་སྡུར་གྱི་ཁྲོད་ནས་ཆོས་དབྱིངས་སྐྱིད་ཀྱིས་ཨང་དང་པོ་དང་པེ་ཞོའེ་དབྱིན་གྱིས་ཨང་གཉིས་པ་དང་སྐྱེས་པའི་འགྲན་སྡུར་ཁྲོད་ནས་ཝང་ཆེན་གྱིས་ཨང་གཉིས་པ་དང་ཧིག་ཞང་ཧོང་གིས་ཨང་གསུམ་པ་བཅས་བླངས་ཏེ་ཀྲུང་གོའི་རུ་ཁག་གིས་སྤྱིའི་ཐོབ་འབྲས་ཆུ་ཚོད5དང་སྐར་མ16དང་སྐར་ཆ41གིས་གསེར་གྱི་རྟགས་མའི་བྱ་དགའ་བླངས་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།