ཆོས་དབྱིངས་སྐྱིད་ཀྱིས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་ཐོབ་ཐང་བླངས།
རྩོམ་པ་པོ།:
ཡོང་ཁུངས།:མདོ་ལ་བོད་ཡིག་ཚགས་པར།
དུས་ཚོད།:2024-04-22
ཀློག་གྲངས།:
པེ་ཅིང་གི་དུས་ཚོད་ཟླ4པའི་ཚེས21ཉིན། འཛམ་གླིང་འདུར་རྒྱུག་འགྲན་སྡུར་ཚོགས་པའི་གཟེངས་རྟགས་འགྲན་སྡུར་གྱི་མ་ལ་སུང་འགྲན་སྡུར་གྱི་ཕོ་མོ་མཉམ་བསྲེས་མཐུད་རྒྱུག་འགྲན་སྡུར་ཁྲོད་ཀྲུང་གོའི་འགྲན་ཞུགས་པ་ཧི་ཞང་ཧུང་དང་ཆོས་དབྱིངས་སྐྱིད་ཀྱིས་དུས་ཚོད3དང་སྐར་མ03སྐར་ཆ10ཡི་གྲུབ་འབྲས་སྤྱད་དེ་ཨང11པ་བླངས་ཤིང་། ཀྲང་ཅུན་དང་དབྱང་ཅ་ཡུས། ལི་ཡན་ཏུང་དང་ལིག་ཧུང་བཅས་ཀྱིས་སོ་སོར་ཨང12པ་དངཨང25པ་བླངས།
ཆོས་དབྱིངས་སྐྱིད།(གཡས)
ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཐོག འགྲན་ཞུགས་ཚོགས་པ25འདུར་རྒྱུག་འགྲན་སྡུར་གྱི་མཉམ་བསྲེས་མཐུད་རྒྱུག་རྣམ་གྲངས་ཀྱི་འགྲན་སྡུར་ནང་ཞུགས་རྒྱུ་ཡིན་ལ། འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་སྒྲིག་སྲོལ་ལ་གཞིགས་ན། སྐབས་འདིའི་འཛམ་གླིང་འདུར་རྒྱུག་འགྲན་སྡུར་ཚོགས་པའི་གཟེངས་རྟགས་འགྲན་སྡུར་ཁྲོད་མདུན་གྲལ་གྱི་ཨང་རིམ22ཁྲོད་ཚུད་པའི་ཚོགས་པ་རང་འགུལ་ངང་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པའི(ཕོ་མོ་སོ་སོར་གཅིག་རེ)ཐོབ་ཐང་ཐོབ་རྒྱུ་ཡིན་པ་རེད། རྒྱལ་ཁབ་བམ་ས་ཁུལ་ལ་ཆེས་མང་ན་འགྲན་སྡུར་ནང་ཞུགས་པའི(ཕོ་མོ་སོ་སོར་གཉིས་རེ)ཐོབ་ཐང་གཉིས་རེ་ཐོབ་པར་མ་ཟད། རྒྱལ་ཁབ་བམ་ས་ཁུལ་ལྔ་ལ་མ་གཏོགས་འགྲན་སྡུར་ལ་ཞུགས་པའི་ཐོབ་ཐང་གཉིས་མེད།
འགྲན་སྡུར་ཁྲོད་ཀྱི་ཆོས་དབྱིངས་སྐྱིད།
དེར་བརྟེན། ཀྲུང་གོའི་རུ་ཁག་ལ་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་མ་ལ་སུང་འདུར་རྒྱུག་འགྲན་སྡུར་གྱི་ཕོ་མོ་མཉམ་བསྲེས་ཀྱི་མཐུད་རྒྱུག་རྣམ་གྲངས་ཀྱི་གདན་ཐོབ་གཉིས་བདེ་བླག་ངང་ཐོབ་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།