“རབ་མཛེས་མཚོ་སྔོན•མཐོ་སྒང་རྐང་རྩེད་སྤོ་ལོའི”ལྷག་རིམ་འགྲན་སྡུར་ཟླ་ལྔ་པར་མགོ་རྩོམ་རྒྱུ་རེད།
རྩོམ་པ་པོ།:
ཡོང་ཁུངས།:མདོ་ལ་བོད་ཡིག་ཚགས་པར།
དུས་ཚོད།:2024-05-10
ཀློག་གྲངས།:
“རབ་མཛེས་མཚོ་སྔོན•མཐོ་སྒང་རྐང་རྩེད་སྤོ་ལོའི”ལྷག་རིམ་འགྲན་སྡུར་ཟླ5པའི་ཚེས18ཉིན་ཟི་ལིང་དུ་མགོ་རྩོམ་མཛད་སྒོ་འཚོགས་ནས་འགྲན་སྡུར་བྱ་རྒྱུ་དང་། ཟླ10བའི་ཚེས3ཉིན་མཇུག་བསྒྲིལ་ནས་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོགས་རྒྱུ་ཡིན་པ་དང་དུས་ཡུན་ཟླ་བ5རེད། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ8ཀྱིས་རུ་ཁག་སྒྲིག་སྟེ། འགྲན་ཁུལ་གཙོ་བོ7བཙུགས་ནས་ཁྱོན་འགྲན་འཁོར་ཐེངས་བཅུ་བཞི་དང་འགྲན་སྡུར་ཐེངས56ཡོད། འགྲན་འཁོར་རེའི་འགྲན་སྡུར4གཟའ་འཁོར་རེའི་ངལ་གསོའི་ཉི་མའམ་དུས་ཆེན་ལ་སྤེལ་རྒྱུ་རེད།
ཐེངས་འདིའི་ལྷག་རིམ་མཉམ་འགྲན་ནི་རྐང་རྩེད་སྤོ་ལོའི་འགྲན་སྡུར་ཆེན་མོ་གཉེར་བ་དེ་གཞི་རྟེན་དུ་བྱས་ནས“རྐང་རྩེད་སྤོ་ལོའི་དགའ་སྟོན་དང་མཐོ་སྒང་ཐོན་རྫས་ལོངས་སྤྱོད་བྱེད་པ། རབ་མཛེས་མཚོ་སྔོན་ལ་ཡུལ་སྐོར་བྱེད་པ”བཅས་བརྗོད་དོན་བྱས་ནས“ཆས་རྟགས་རྐང་རྩེད་སྤོ་ལོའི་འགྲན་སྡུར+ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམ་ཚོང+ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་རྫས་འགྲེམས་སྟོན+ཁྱད་ལྡན་རིག་རྩལ་ལེ་ཚན་འགྲེམ་འཁྲབ+དྲ་ཐོག་དྲ་ཕྱིའི་དྲིལ་སྒྲོག་ཁྱབ་གདལ་བཅས་ཀྱི་རྣམ་པ་བརྒྱུད་ཐུན་མོང་ཐོག་དྲང་གཞག་དང་སྤྱོད་གཙང་། ལྷད་མེད། རྣམ་དག སྤྲོ་སྣང་བཅས་ཀྱི་རྐང་རྩེད་སྤོ་ལོའི་མཉམ་འགྲན་བཏོད་ནས་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་བསམ་པའི་གསོལ་སྟོན་དང་ཐོན་རྫས་ཕྱོགས་བསྒྲིགས་ཆེན་པོ་ཞིག་ཕུལ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།