མཚོ་སྔོན་གྱི་རྐང་གྲུག་འགྲན་བསྡུར་ཆེན་མོ་འདི་སྤེལ་འགོ་ཚུགས།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
དུས་ཚོད།:2024-05-20
ཀློག་གྲངས།:
ཟླ5ཚེས18ཉིན་རབ་མཛེས་མཚོ་སྔོན། ས་མཐོའི་རྐང་གྲུག་ཅེས་པའི་མཚོ་སྔོན་གྱི་རྐང་གྲུག་འགྲན་བསྡུར་དེ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་མཚོ་སྔོན་ལུས་རྩལ་ལྟེ་གནས་སུ་འགོ་ཚུགས་ཤིང་། ཐེངས་འདིའི་མཚོ་སྔོན་གྱི་རྐང་གྲུག་འགྲན་བསྡུར་ནང་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་བཅས་འགྲན་ཁུལ་ཁག8ཡོད་པ་དང་། འགྲན་བསྡུར་ནང་ཞུགས་པའི་རུ་ཁག་ཚང་མར་འགྲན་བསྡུར་གཙོ་བོ7དང་མགྲོན་ཁུལ་འགྲན་བསྡུར7ཡོད་པ་མ་ཟད། འགྲན་སྐོར་གཅིག་གི་འགྲན་བསྡུར4ཚང་མ་གཟའ་མཇུག་གམ་ཡང་ན་དུས་ཆེན་དང་གུང་གསེང་རིང་སྤེལ་རྒྱུ་དང་ཁྱོན་འགྲན་སྐོར14དང་འགྲན་ཐེངས56ཡོད་པ་རེད།
མཚོ་སྔོན་གྱི་རྐང་གྲུག་འགྲན་བསྡུར་འདི་མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་གཉིས་དང་ཁུལ་དྲུག་ལ་ཁྱབ་པ་དང་། འགྲན་བསྡུར་གྱི་དུས་ཡུན་རིང་ཞིང་བརྒལ་ཚད་ཆེ་བ། ཞུགས་མཁན་མི་གྲངས་མང་བ་བཅས་ལས་མཚོ་སྔོན་གྱི་རྐང་གྲུག་འགྲན་བསྡུར་གྱི་ལོ་རྒྱུས་ཐོག་སྤྱི་ཚོགས་སྟོབས་ཤུགས་ཐོག་མར་ཚོགས་མིའི་ལམ་ལུགས་ཀྱི་ཐོག་ནས་འགྲན་བསྡུར་ནང་ཞུགས་པ་དང་། འགྲན་བསྡུར་རེའི་འགྲན་རིམ་གཉིས་ཀའི་སྐར་མ་གཅིག་ཏུ་སྣོན་རྒྱུ་ཐོག་མར་ཚོད་ལྟ་བྱས་ཡོད་པ་ལས་གཞན། ཞིང་ལས་དང་ལུས་རྩལ། རིག་གནས། ཡུལ་སྐོར། ཚོང་འདུས་བཅས་གཞི་གཅིག་ཏུ་འདྲེས་པའི་འགྲན་བསྡུར་གཉེར་སྟངས་བཏོན་ཡོད།
ཐེངས་འདིའི་རྐང་གྲུག་འགྲན་བསྡུར་ནི་རྐང་གྲུག་འགྲན་བསྡུར་གཞན་དང་མི་འདྲ་བའི་ས་ནི་འགྲན་བསྡུར་གཉེར་ཡུལ8པོའི་ས་བབ་སྨི2000ཡན་ཟིན་པ་དང་འགྲན་བསྡུར་གཉེར་ཡུལ4གྱི་ས་བབ་སྨི2800ལས་བརྒལ་བ། དེ་མིན་ཡུལ་ཤུལ་གྲོང་ཁྱེར་གྱི་ས་བབ་སྨི3700ཡན་བཅས་ཡོད་པས་འགྲན་བསྡུར་གྱི་དཀའ་ངལ་ཆེ་བ་དང་འགྲན་སློང་རང་བཞིན་ཧ་ཅང་ཆེན་པོ་ཡོད་ཅིང་། དེའི་ཐོག་ནས་ས་མཐོའི་རྐང་གྲུག་གི་ཁྱད་ཆོས་དངོས་སུ་མངོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་མཚོ་སྔོན་གྱི་རྐང་གྲུག་འགྲན་བསྡུར་དེ་ཟླ5ནས་འགོ་བརྩམས་ཏེ་ཟླ10པར་མཇུག་སྒྲིལ་རྒྱུ་དང་། འགྲན་བསྡུར་ཚང་མ་གཟའ་མཇུག་ལ་སྤེལ་རྒྱུ་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ནས་རིན་མེད་སྒོ་ནས་འགྲན་བསྡུར་ལ་གཟིགས་ཆོག་པ་མ་ཟད། ད་དུང་འགྲན་བསྡུར་རིང་འབྲེལ་ཡོད་ཀྱི་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་ནས་མཚོ་སྔོན་གྱི་ཡུལ་སྐོར་ལ་རོགས་འདེགས་བྱ་རྒྱུ་ཡིན་པ་རེད།
འགྲན་བསྡུར་ཡུལ་དངོས་ཀྱི་གནས་ཚུལ།
འབྲེལ་ཡོད་འོས་སྦྱོར།