མཚོ་ལྷོའི་རྐང་རྩེད་སྤོ་ལོ་རུ་ཁག་གིས2025ལོའི“གངས་དཀར་བུམ་པ”རྟགས་མའི་གདན་ཞུའི་འགྲན་བསྡུར་སྐབས་གཉིས་པའི་ཁྲོད་ཨང་དང་པོའི་བྱ་དགའ་བླངས།
རྩོམ་པ་པོ།:རྩོམ་སྒྲིག་པ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2025-06-28
ཀློག་གྲངས།:
ཟླ6ཚེས27ཉིན་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གྱིས་གཙོ་གཉེར་གནང་བའི2025ལོའི“གངས་དཀར་བུམ་པ”རྟགས་མའི་ན་གཞོན་རྐང་རྩེད་སྤོ་ལོ་གདན་ཞུའི་འགྲན་བསྡུར་སྐབས་གཉིས་པའི་ཁྲོད་མཚོ་སྔོན་མཚོ་ལྷོའི་རྐང་རྩེད་སྤོ་ལོ་རུ་ཁག་གིས་སྤོབས་པ་ཞུམ་མེད་དང་དཔའ་ངར་ཆེར་བསྐྱེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཛ་དྲག་གི་འགྲན་རིམ་དག་ལས་རྣམ་པར་རྒྱལ་ཏེ་ཨང་དང་པོའི་བྱ་དགའ་བླངས་པ་རེད།

ཐེངས་འདིའི་འགྲན་བསྡུར་ནི་ཟླ6ཚེས21ཉིན་ནས་ཚེས27ཉིན་བར་སི་ཁྲོན་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་དུ་སྤེལ་བ་དང་འགྲན་བསྡུར་ཁྲོད་སི་ཁྲོན་དང་། བོད་ལྗོངས། ཡུན་ནན། མཚོ་སྔོན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞི་ནས་ཡོང་བའི་རུ་ཁག13འགྲན་བསྡུར་ལ་ཞུགས་ཡོད།

མཚོ་ལྷོའི་རྐང་རྩེད་སྤོ་ལོ་རུ་ཁག་གིས་ཨང་དང་པོ་བླངས་པ་དེས་རུ་ཁག་གི་ཁྱད་དུ་འཕགས་པའི་རྐང་རྩལ་དང་མཐུན་སྒྲིལ་གྱི་དཔུང་རྡང་དམ་དུ་སྦྲེལ་ནས་མདུན་དུ་མཆོང་བའི་སྙིང་སྟོབས་མངོན་པ་དང་ཆབས་ཅིག མཚོ་ལྷོ་ཁུལ་རྐང་རྩེད་སྤོ་ལོའི་བྱ་གཞག་ལ་འོད་སྟོང་འཕྲོ་བའི་ལེའུ་གསར་པ་བརྩམས་པ་མ་ཟད། ས་གནས་ཁག་དབར་གྱི་རྐང་རྩེད་སྤོ་ལོའི་རིག་གནས་བརྗེ་རེས་དང་སྤེལ་རེས་ལ་སྐུལ་འདེད་ཡག་པོ་བཏང་ཡོད་དོ། །

འབྲེལ་ཡོད་འོས་སྦྱོར།