logo

མཚོ་ལྷོ་ཁུལ་གྱི“མཚོ་སྔོན་པོ་རྟགས་མའི”སྤོ་ལོ་གདན་ཞུ་འགྲན་བསྡུར་སྤེལ་མགོ་བརྩམས།

རྩོམ་པ་པོ།:ཚེ་རིང་རྒྱ་མཚོས་བསྒྱུར། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2025-08-21 ཀློག་གྲངས།:
       ཟླ8པའི་ཚེས18ཉིན། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི“མཚོ་སྔོན་པོ་རྟགས་མའི”སྤོ་ལོ་གདན་ཞུ་འགྲན་བསྡུར་སྐབས་དང་པོ་གུང་ཧོ་རྫོང་མདའ་འཕེན་ཁང་དུ་སྤེལ་མགོ་བརྩམས།
       ཐེངས་འདིའི་འགྲན་བསྡུར་གྱི་དུས་ཡུན་ནི་ཟླ8པའི་ཚེས18ཉིན་ནས་ཚེས25ཉིན་བར་ཡིན་པ་དང་། བསྡོམས་པས་དཔུང་ཁག16འགྲན་བསྡུར་ནང་ཞུགས་ཡོད་ལ། དེའི་ནང་ཞིང་ཆེན་ནང་ཁུལ་གྱི་དཔུང་ཁག9དང་ཞིང་ཆེན་ཕྱི་རོལ་གྱི་དཔུང་ཁག7ཡོད་པ་དང་། ས་ཁོངས་མི་འདྲ་བའི་སྤོ་ལོ་རུ་ཁག་དེ་གར་མཉམ་འཛོམས་བྱས་ཏེ། “མི་རིགས་མཐུན་སྒྲིལ་དང་ལུས་རྩལ་འགྲན་བསྡུར། ཞིང་ལས་ལུས་རྩལ་རིག་གནས་ཚོང་ལས”ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས”ལྟེ་བར་བྱས་ཏེ། སྤོ་ལོ་འགྲན་བསྡུར་བརྒྱུད་དེ་ས་ཁོངས་ལས་བརྒལ་བའི་མི་རིགས་སྤེལ་རེས་ལ་སྐུལ་འདེད་བཏང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་བར་སྐུལ་འདེད་བྱས།
       གླེང་རིན་ཡོད་པ་ཞིག་ནི་ཐེངས་འདིའི་འགྲན་བསྡུར་གྱི་སྤྱིའི་བྱ་དགའི་དངུལ་སྒོར་ཁྲི27.4ལ་སླེབས། དེའི་ནང་ཨང་དང་པོར་ཐོབ་པའི་བྱ་དགའི་དངུལ་སྒོར་ཁྲི13དང་། ཨང་གཉིས་པ་སྒོར་ཁྲི6། ཨང་གསུམ་པ་སྒོར་ཁྲི4། ཨང་བཞི་པའི་བྱ་དགའི་དངུལ་སྒོར་ཁྲི2། ཨང་ལྔ་ནས་བརྒྱད་པ་བར་སོ་སོར་སྒོར་ཁྲི1དང་། སྒོར8000དང་སྒོར4000། སྒོར2000བཅས་ཀྱི་བྱ་དགའི་དངུལ་ཡོད། འདི་འདྲའི་བྱ་དགའི་དངུལ་བཀོད་སྒྲིག་བྱས་པ་དེས་འགྲན་བསྡུར་ནང་ཞུགས་པའི་དཔུང་ཁག་སོ་སོའི་འགྲན་རྩོད་ལ་སྐུལ་སློང་ཆེན་པོ་ཐོབ།
       ཉེ་བའི་ལོ་འགའི་རིང་། མཚོ་ལྷོ་ཁུལ་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས“ཞིང་ལས་དང་ལུས་རྩལ་རིག་རྩལ། ཚོང་ལས”བཅས་འདུས་པའི་རིགས་ལྔའི་མཉམ་འདྲེས་རྒྱུན་འཁྱོངས་བྱས་ཏེ། “ལུས་རྩལ་འགྲན་བསྡུར་དང་བསྟུན་ནས་འགྲུལ་སྐྱོད་བྱེད།” “གློག་བརྙན་དང་བསྟུན་ནས་འགྲུལ་སྐྱོད་བྱེད།” “རིག་གནས་བྱེད་སྒོ་དང་བསྟུན་ནས་འགྲུལ་སྐྱོད་བྱེད།”སོགས་བྱ་བའི་རྒྱུན་མཐུད་ཞིབ་ཚགས་སུ་བཏང་བས། རྒྱལ་ཁའི་ངང“མཚོ་སྔོན་པོ་རྟགས་མའི”མིང་རྟགས་བསྐྲུན་པ་དང་། “མཚོ་སྔོན་པོ་རྟགས་མའི”རྟ་རྒྱུགས་འགྲན་ཚོགས་དང་མདའ་འཕེན་འགྲན་རྩབས། མདེལ་མདའ་འགྲན་རྩབས། བྲག་རྩལ་འགྲན་རྩབས། སྤོ་ལོ་གདན་ཞུ་འགྲན་བསྡུར་སྤེལ་བ་སོགས་དམངས་ཡོངས་ཀྱི་ལས་རྩལ་སྤྲོ་བ་འཕར་བར་སྐུལ་སློང་བྱས་པ་སོགས་ཕན་འབྲས་ལྡན་པའི་ངང་དམངས་ཡོངས་ཀྱི་ལུས་སྦྱོང་བྱ་གཞག་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱས་པ་མ་ཟད། འགྲན་ཚོགས་བསྡུས་པའི་ཤུགས་རྐྱེན་ལ་བརྟེན་ནས། མཚོ་ལྷོ་ཁུལ་གྱི་མཚན་སྙན་གྲགས་མཐོར་འདེགས་སུ་བཏང་། །
འབྲེལ་ཡོད་འོས་སྦྱོར།