བོད་ལྗོངས་ཀླུ་ནང་ནས་ཀོང་པོའི་རྫི་གླུ་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་ལ་རོལ་བ།
ཀོང་པོའི་མདའ་རྩེད་འགྲན་སྡུར་སྤེལ་བཞིན་པ།
འགྲན་ཞུགས་པས་རྟ་རྩལ་འཁྲབ་སྟོན་བྱེད་བཞིན་པ།
འགྲན་ཞུགས་པས“བོད་ལྭ་གྱོན་པའི”འགྲན་སྡུར་བྱེད་བཞིན་པ།
སྐྱེས་པ་ཞིག་གིས་རྡོ་འགྱོག་པའི་འགྲན་སྡུར་བྱེད་བཞིན་པ།
ཉེ་ལམ། ཀོང་པོའི་མདའ་རྩེད་དང་རྟ་རྒྱུག རྡོ་འགྱོག མར་དཀྲོགས། རྩམ་པ་བརྫི་བ་ལ་སོགས་པ་སྟེ། ཉིན་འདི་དག་ལ་རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཡོང་བའི་ཡུལ་སྐོར་བ་རྣམས་བོད་ལྗོངས་ཉིང་ཁྲིའི་ཀླུ་ནང་དུ་འཛོམས་ཏེ། སྐབས་གསུམ་པའི་ཀླུ་ནང་ཀོང་པོའི་རྫི་གླུ་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་ལ་རོལ་བ་རེད།
ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་ལ་སྒོ་འབྱེད་མཛད་སྒོའི་སྟེང་གི་གླུ་གར་འཁྲབ་སྟོན་དང་ཀོང་པོའི་སྲོལ་རྒྱུན་རིག་གནས་འགྲེམ་སྟོན། ཀོང་པོའི་མདའ་རྩེད། རྟ་རྒྱུག། དམངས་སྲོལ་གྱི་རྩེད་བྲོད་ལུས་རྩལ། མེ་ཕུང་སྒོར་བྲོའི་དགོང་ཚོགས། མི་སྟོང་གི་རྡོ་ཁོག་གསོལ་སྟོན་བཅས་ཀྱི་བྱ་འགུལ་འདུས་པ་རེད།
ཚེས12ཉིན་ལ་ཧོ་ནན་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ཝེ་ཡིས། “ཐོག་དང་པོར་གནས་འདིར་ཡུལ་སྐོར་ལ་ཡོང་བ་ཡིན་པས། རྩམ་པ་བརྫི་བའི་བྱ་འགུལ་ཤིན་ཏུ་ཡག་ལ་སྤྲོ་སྣང་ལྡན་པ་ཞིག་རེད”ཅེས་ཟེར།
“རིག་གནས་ནི་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་གྱི་ཐེག་གཟུགས་ཡིན”ཞེས་ཀླུ་ནང་གྲོང་རྡལ་གྱི་ཏང་ཨུ་ཧྲུའུ་ཅི་སྤེན་པས་བཤད་རྒྱུར། “སྟོན་ཐོག་བསྡུ་བའི་དུས་སྐབས་ཡིན་ནའང་། སྐབས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་ལ་མང་ཚོགས་རྣམས་ཞུགས་པ་ཤིན་ཏུ་བཟང་ལ། རྣམ་པ་ཚང་མ་བྱ་འགུལ་འདི་ལྟ་བུར་དགའ་ཞེན་ཞེ་དྲག་འདུག”ཅེས་ཟེར།
ཀླུ་ནང་ལྗོངས་ཁུལ་དོ་དམ་ཨུ་ལྷན་ཏང་རྩ་འཛུགས་གྱི་ཧྲུའུ་ཅི་བསྟན་འཛིན་ལྷ་མོས། “རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་བའི་དགོས་པ་ནི། དམངས་སྲོལ་རིག་གནས་བྱ་འགུལ་དེ་རིམ་པ་བཞིན་དུ་རིག་གནས་ཡུལ་སྐོར་ཐོན་རྫས་ལ་བཟོ་བསྐྲུན་བྱ་བ་དང་། ཡུལ་སྐོར་བ་ཀླུ་ནང་དུ་སླེབས་ནས་མཛེས་ལྗོངས་ལ་རོལ་ཐུབ་པར་མ་ཟད། ཟ་འཐུང་དང་རྩེད་སྤྲོ་སོགས་ཕྱོགས་སོ་སོ་ནས་ཀྱང་དམངས་སྲོལ་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ལ་མྱོང་རོལ་བྱེད་ཐུབ་པའི་ཆེད་ཡིན”ཞེས་ཟེར།
རྒྱུས་ལོན་བྱས་པ་ལྟར་ན། ཀླུ་ནང་ཀོང་པོའི་རྫི་གླུ་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་དེ་སྐབས་གསུམ་ལ་སྤེལ་མྱོང་ཞིང་། ད་ལོའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་སྒོ་འབྱེད་མཛད་སྒོར་ཞུགས་པའི་ཉིན་དེའི་མི་གྲངས་ཁྲི་5ལ་ཉེ་བ་རེད།