logo

ལབ་ཙེ་ཁྲ་རིལ་གྱི་དགའ་སྟོན་ཚོགས་འདུ་ཆབ་ཆའི་དགོན་གསར་དུ་བསྡུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོའི་བོད་ཡིག་སྨྱན་གསར། དུས་ཚོད།:2018-08-03 ཀློག་གྲངས།:

     ཉེ་ཆར། མཚོ་ལྷོ་ཁུལ་གསེར་ཆེན་རྫོང་ཆབ་ཆ་གྲོང་རྡལ་གྱི་སྐབས་བཅུ་བཞི་པའི་ལབ་ཙེ་ཁྲ་རིལ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རོང་འབྲོག་ལུས་རྩལ་བྱ་འགུལ་ཚོགས་ཆེན་མཛད་སྒོ་ཆབ་ཆའི་དགོན་གསར་དུ་བསྡུས།

     མཛད་སྒོའི་སྟེང་ཆབ་ཆ་གྲོང་རྡལ་གྱི་སྡེ་བ15དང་། སྡོད་ཁུལ་འཐུས་མི་རྣམས་ཀྱིས་ཞབས་བྲོ་དང་། ལ་གཞས། དམངས་གླུ་སོགས་རྩེད་མོ་སྣ་ཚོགས་བསྟན་ནས་མཛད་སྒོའི་ཡོལ་བ་ངང་གིས་ཕྱེ།

     དུས་ཡུན་ཉིན་གཉིས་རིང་ལ་མདའ་རྩེད་དང་ཐག་འཐེན། དམངས་གླུ་སོགས་ཀྱིས་གནས་འདིའི་མང་ཚོགས་རྣམས་ལ་མི་རིགས་ཀྱི་ཁྱད་ཆོས་མངོན་པར་དོད་པའི་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་བྱས་ནས་སྤྲོ་སྐྱིད་ཀྱི་དཔལ་ལ་རོལ།

     ཐེངས་འདིའི་བྱ་འགུལ་ནི་རྒྱ་ཆེའི་མང་ཚོགས་རྣམས་ཀྱི་མཐུན་སྒྲིལ་དང་། བདེ་འཇགས། འཆམ་མཐུན། འཚོ་བ་བདེ་སྐྱིད་ལྡན་པའི་ནང་དོན་མཚོན་པ་མ་ཟད། ཆབ་འགག་ས་ཆའི་ལྟ་མཁན་མང་པོའང་བུང་བ་སྤྲིན་གྱི་ཚོགས་བཞིན་འདུས་ཏེ་ཚང་མས་མཉམ་གཅིག་ཏུ་དགའ་བའི་གླུ་བླངས་ཤིང་སྐྱིད་པའི་བྲོ་འཁྲབ་པ་རེད།

     དེ་མིན་བྱ་འགུལ་འདིས་ཆབ་ཆ་གྲོང་རྡལ་གྱི་མང་ཚོགས་རྣམས་ཀྱི་ཐོན་སྐྱེད་འཚོ་བ་དང་རིག་གནས་ལུས་རྩལ་སོགས་ཕྱོགས་གང་ཐད་ནས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་མ་ཟད། མང་ཚོགས་རྣམས་ཀྱང་ལུས་རྩལ་བྱ་འགུལ་ནང་ཞུགས་སུ་བཅུག་ནས་ལུས་ཕུང་བདེ་ཐང་དང་འཚོ་བ་ཡར་རྒྱས་ཀྱི་ཕྱོགས་སུ་སྣེ་ཁྲིད་བཟང་བོ་བྱས།

 


འབྲེལ་ཡོད་འོས་སྦྱོར།