logo

ཀྲུང་གོའི་སྐོར་བྲོ་འགྲན་སྡུར་སྐབས་བཞི་བ་དང་ཀླུ་ཆུའི་ཤིང་སློང་དུས་ཆེན་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-08-07 ཀློག་གྲངས།:

ཀྲུང་གོའི་སྐོར་བྲོ་འགྲན་སྡུར་སྐབས་བཞི་བ་དང་ཀླུ་ཆུའི་ཤིང་སློང་དུས་ཆེན་སྤེལ་བ།
ཀྲུང་གོའི་སྐོར་བྲོ་འགྲན་སྡུར་སྐབས་བཞི་བ་དང་ཀླུ་ཆུའི་ཤིང་སློང་དུས་ཆེན་གྱི་མཛད་སྒོ།


མཛད་སྒོའི་རྣམ་པ།


མཛད་སྒོའི་རྣམ་པ།


སྐོར་བྲོ་འཁྲབ་པ།


རྒྱན་ཆས།


ཀླུ་ཆུ་རྫོང་ལ་སྐོར་བྲོ་ཁྲིད་སྦྱོང་དང་འཛིན་སྐྱོང་སྤེལ་གསུམ་གྱི་རྟེན་གཞི་གནང་།

     སྤྱི་ཟླ8པའི་ཚེས6ཉིན་གྱི་སྔ་དྲོ་ཆུ་ཚོད9:00ཡི་སྟེང་། ཀྲུང་གོའི་སྐོར་བྲོ་འགྲན་སྡུར་སྐབས་བཞི་བ་དང་ཀླུ་ཆུའི་ཤིང་སློང་དུས་ཆེན་གྱི་མཛད་སྒོ་དེ་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་དུ་སྤེལ་ཞིང་། མཚོ་སྔོན་དང་སི་ཁྲོན། ཀན་སུའུ་བཅས་ཞིང་ཆེན་གསུམ་གྱི་འཐུས་ཚབ་རུ་ཁག33དང་སྐོར་བྲོ་འཁྲབ་སྟོན་པ1400ཐེངས་འདིའི་འགྲན་བསྡུར་དུ་ཞུགས་པ་རེད།
     ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅི་ཡུའུ་ཁྲིན་ཧོས་ཡིས་ཀྲུང་གོའི་སྐོར་བྲོ་འགྲན་སྡུར་སྐབས་བཞི་བ་དང་ཀླུ་ཆུའི་ཤིང་སློང་དུས་ཆེན་གྱི་མཛད་སྒོ་དངོས་སུ་མགོ་བརྩམས་པ་བསྒྲགས་པ་དང་། མཛད་སྒོའི་སྟེང་ཀྲུང་གོའི་བྲོ་གར་བའི་མཐུན་ཚོགས་ཀྱིས་ཀླུ་ཆུ་རྫོང་ལ་སྐོར་བྲོ་ཁྲིད་སྦྱོང་དང་འཛིན་སྐྱོང་སྤེལ་གསུམ་གྱི་རྟེན་གཞི་གནང་།
     རྒྱུས་ལོན་པ་ལྟར་ན། འགྲན་ཞུགས་རུ་ཁག་ཁྲོད་སི་ཁྲོན་རྔ་བ་བོད་རིགས་རང་སྐྱོང་ཁུལ་ནས་ཡོང་བའི་སྐོར་བྲོ་རུ་ཁག6དང་། མཚོ་སྔོན་གྱི་སྐོར་བྲོ་རུ་ཁག3། ཀན་སུའུ་ཡི་སྐོར་བྲོ་རུ་ཁག14བཅས་ཡོད་ཅིང་། སྐོར་བྲོ་རུ་ཁག་འདི་དག་གིས་ཚེས6ནས་ཚེས10ཡི་བར་དུ་འགྲན་བསྡུར་བྱེད་པ་རེད།
     མཚམས་སྦྱོར་བྱས་པ་ལྟར་ན། ཐེངས་འདིའི་བྱ་འགུལ་ཁྲོད་ད་དུང་ཀན་སུའུ་ཞིང་ཆེན་གྱི་དམངས་གླུ་གླུ་བའི་འགྲན་བསྡུར་དང་། ཀླུ་ཆུའི་རྫོང་གླུ་ཞེས་གླུ་ཚིག་འདེམ་ཐོན་བྱ་དགའི་བྱ་འགུལ་དང་། རྒྱལ་ཡོངས་བོད་ཀྱི་སྐོར་བྲོའི་བགྲོ་གླེང་ཚོགས་འདུ་དང་། སྟོང་མིའི་སྐོར་བྲོ་འཁྲབ་སྟོན། མེ་ཕུང་སྐོར་བྲོ་དགོང་ཚོགས་སོགས་རྣམ་གྲངས་དུ་མ་ཡང་སྤེལ།


འབྲེལ་ཡོད་འོས་སྦྱོར།