logo

འབའ་རྫོང་གི་ནོར་གནག་རིག་གནས་སྒྱུ་རྩལ་དུས་སྟོན་སྐབས་གཉིས་པ་བསྡུས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ། དུས་ཚོད།:2015-08-05 ཀློག་གྲངས།:


འབའ་རྫོང་གི་ནོར་གནག་རིག་གནས་སྒྱུ་རྩལ་དུས་སྟོན་སྐབས་གཉིས་པ་རྨ་ཞོལ་རྩྭ་ཐང་ནས་བསྡུས།

འབའ་རྫོང་གི་ནོར་གནག་རིག་གནས་སྒྱུ་རྩལ་དུས་སྟོན་སྐབས་གཉིས་པ་བསྡུས་པ།
ཁ་ཤགས།


བཤད་པ།


བཞད་གར།


གཡག་རྒྱུག

     མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་འབའ་རྫོང་གིས་ནོར་གནག་གི་ཚོང་རྟགས་གྲགས་ཅན་སྔོག་འདོན་དང་གསར་སྤེལ། སྐྱེ་ཁམས་རྫོང་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལ་སྐུལ་འདེད། གཙང་གསུམ་འབྱུང་ཡུལ་གྱི་ལྷད་མེད་ཐོན་ལས་གཅིག་སྡུད་ཀྱིས་འཕེལ་རྒྱས་དང་ས་གནས་ཀྱི་ཚོང་རྟགས་གྲགས་ཅན་འཕེལ་རྒྱས་སུ་གཏོང་བ་བཅས་ཀྱི་བསམ་ཕྱོགས་ལྟར། ནོར་གནག་རིག་གནས་དྲིལ་སྒྲོག་དང་གསར་སྤེལ་བྱེད་པ་དེ་རྫོང་གི་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་མེད་དུ་མི་རུང་བའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་ནོར་གནག་རིག་གནས་སྒྱུ་རྩལ་དུས་སྟོན་་སྐབས་གཉིས་པ་དེ་སྤྱི་ཟླ8པའི་ཚེས3ཉིན་རྨ་ཞོལ་རྩྭ་ཐང་ནས་གཟབ་རྒྱས་ངང་བསྡུས།
     ཐེངས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་སྤེལ་ཡུན་ཉིན3ཡིན་པ་དང་། སྒྱུ་རྩལ་དུས་ཆེན་སྟེང་དུ་རྒྱུད་བཟང་ནོར་གནག་འདེམས་པ་དང་། བོད་ཀྱི་སྲོལ་རྒྱུན་དམངས་སྲོལ་འགྲེམ་སྟོན་བྱེད་པ། རྟ་རྒྱུག་དང་གཡག་རྒྱུག་འགྲན་བསྡུར་བྱེད་པ། སྤུས་བཟང་སྐམས་ཤའི་ཐོན་རྫས་འགྲེམ་ཚོང་སོགས་བྱས་པ་མ་ཟད། ཞིང་ཆེན་ཕྱི་ནང་གི་གླུ་བ་གླུ་མ་གདན་དྲངས་ནས་ཕུན་སུམ་ཚོགས་པའི་རིག་རྩལ་སྤྲོ་ཚོགས་ཤིག་རང་ས་གནས་དང་ཁྱིམ་མཚེས་རྫོང་གི་ལྟད་མོ་བ་སྟོང་ཕྲག་འགའི་སྤྱན་སྔར་ཕུལ།


འབྲེལ་ཡོད་འོས་སྦྱོར།