logo

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ལོ་རེའི་རྟ་རྒྱུག་དུས་ཆེན་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-08-03 ཀློག་གྲངས།:

ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ལོ་རེའི་རྟ་རྒྱུག་དུས་ཆེན་སྤེལ་བ།
ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ལོ་རེའི་རྟ་རྒྱུག་དུས་ཆེན་སྤེལ་བ།


རྟ་ཐོག་ནས་མེ་མདའ་རྒྱག་པ།


རྟ་ཐོག་ནས་ཐང་གི་ཁ་བཏགས་འཐུ་བ།

     སྤྱི་ཟླ7པའི་ཚེས25ནས་ཚེས27བར། ལོ་རེའི་ཡུལ་ཤུལ་ཁུལ་གྱི་རྟ་རྒྱུག་དུས་ཆེན་དེ་ཡུལ་ཤུལ་གྱི་དཔལ་རྩྭ་ཐང་དུ་གཟབ་རྒྱས་ངང་བསྡུས་ཤིང་། ཡུལ་ཤུལ་མི་དམངས་ཀྱིས་ལུས་ལ་གཟབ་མཆོར་སྤྲས་ཏེ་ཕྱོགས་བཞི་མཚམས་བརྒྱད་ནས་གནས་འདིར་སླེབས་པ་དང་། རྟ་བ་རྣམས་ཀྱི་རྟ་ཐོག་གི་འཁྲབ་རྩལ་ལ་ལྟད་མོ་ལྟ་བ་ཡིན།
     སྦྲ་གུར་དུ་གླུ་སྐད་སིང་སིང་དུ་གྲགས་པ་དང་འོ་དྲི་མངར་མོ་སྣ་ལམ་དུ་ཐུལ་འོང་ལ་སྦྲ་ཕྱི་རུ་འདོ་རིག་རྟའི་བང་རྩལ་འགྲན་གྱི་ཡོད། རྟ་རྒྱུག་གི་རྣམ་གྲངས་ལ་རྟ་ཐོག་གི་འཁྲབ་རྩལ་དང་། རྟ་ཐོག་ནས་ཐང་གི་ཁ་བཏགས་འཐུ་བ། རྟ་ཐོག་ནས་མེ་མདའ་རྒྱག་པ། རྟའི་བང་རྩལ་འགྲན་བསྡུར། རྟ་མགྱོགས་འགྲན་བསྡུར་སོགས་ཡོད།
     ཡུལ་ཤུལ་གྱི་རྟ་རྒྱུག་དུས་ཆེན་དེ་རྒྱལ་ཁབ་ཕྱི་ནང་ན་མིང་དུ་གྲགས་ཡོད། ལོ་རེའི་རྟ་རྒྱུག་དུས་ཆེན་ལ་བོད་རིགས་མང་ཚོགས་ཀྱིས་རྟ་ཐོག་ནས་འཁྲབ་རྩལ་ངོམ་པའི་རིག་གནས་བྱ་འགུལ་ཞིག་རེད། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ཏེ་ད་སྔ་ཡུལ་ཤུལ་རྟ་རྒྱུག་དུས་ཆེན་ནི་རྟ་རྒྱུག་ཁོ་ན་མ་ཡིན་པར་མི་རིགས་རིག་གནས་འགྲེམ་སྟོན་དང་དཔལ་འབྱོར་འབྲེལ་འདྲིས། ཡུལ་སྐོར་ལས་རིགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམངས་ཡོངས་ཀྱི་ཚོགས་ཆེན་ཞིག་ཡིན།


འབྲེལ་ཡོད་འོས་སྦྱོར།