བོད་ལྗོངས་ཀྱི་ཞིང་བས་ལོ་རེའི་འོང་སྐོར་དུས་ཆེན་ལ་རོལ་བ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།: བོད་ལྗོངས་ཉིན་རེའི་ཚགས་པར།
དུས་ཚོད།:2015-07-08
ཀློག་གྲངས།:
བོད་ལྗོངས་ཀྱི་ཞིང་བས་ལོ་རེའི་འོང་སྐོར་དུས་ཆེན་ལ་རོལ་བ།
བོད་ལྗོངས་ཀྱི་ཞིང་བས་ལོ་རེའི་འོང་སྐོར་དུས་ཆེན་ལ་རོལ་བ།
སྤྱི་ཟླ7པའི་ཚེས2ཉིན། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་རྒུ་རུམ་ཤང་གི་གྲོང་མིས་ཆོས་དཔེ་རྒྱབ་ཏུ་འཁུར་ནས་ཞིང་ཁ་སྐོར་ཏེ་འོང་སྐོར་དུས་ཆེན་ལ་རོལ་བ།
འོང་སྐོར་ནི་བོད་རིགས་ཞིང་པས་ལོ་ལེགས་རྟེན་འབྲེལ་ཞུ་བའི་དུས་ཆེན་ཞིག་ཡིན། ལོ་ལྟར་བོད་ཟླ6པ་ནས7པའི་བར་གཏོང་བ་ཡིན། འོང་སྐོར་གྱི་དུས་ཚོད་དེ་ས་ཁུལ་ཁག་གི་ཞིང་ལས་དུས་ཚིགས་ཀྱི་འགྱུར་བ་གཞིར་བཟུང་སྟེ་འདྲ་གི་མེད་པས་སྤྱིར་ན་ལོ་ཏོག་སྨིན་རྗེས་དང་བཙས་མ་རྔ་འགོ་མ་ཚུགས་གོང་དུ་གཏོང་གི་ཡོད། དེར་བརྟེན་འོང་སྐོར་གྱི་དུས་ཚོད་དེ་ཡུལ་ཚོ་སོ་སོས་ཚོགས་པ་དང་ས་གནས་སོ་སོའི་སྐྱེ་དངོས་སྨིན་ཚུལ་གཞིར་བཟུང་སྟེ་གྲོང་མིས་གྲོས་བསྡུར་བྱས་ནས་གཏན་འཁེལ་བྱེད་པ་ཡིན།
འབྲེལ་ཡོད་འོས་སྦྱོར།