logo

ཡ་རྫི་རྫོང་རྡོ་སྦིས་ཡུལ་ཚོའི་ལབ་ཙེ་གཏོད་པའི་ཆོ་ག་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-07-12 ཀློག་གྲངས།:


བསང་མཆོད་བྱེད་པ།

ཡ་རྫི་རྫོང་རྡོ་སྦིས་ཡུལ་ཚོའི་ལབ་ཙེ་གཏོད་པའི་ཆོ་ག་སྤེལ་བ།

ཡ་རྫི་རྫོང་རྡོ་སྦིས་ཡུལ་ཚོའི་ལབ་ཙེ་གཏོད་པ།


ཡ་རྫི་རྫོང་རྡོ་སྦིས་ཡུལ་ཚོའི་ལབ་ཙེ་གཏོད་པ།


ཡ་རྫི་རྫོང་རྡོ་སྦིས་ཡུལ་ཚོའི་ལབ་ཙེ་གཏོད་པའི་ཆོ་ག

གླུ་གར་འཁྲབ་སྟོན།

       ཟླ7པའི་ཚེས11སྟེ་ལུགས་རྙིང་གི་ཟླ6པའི་ཚེས15ཉིན།  ཡ་རྫི་རྫོང་རྡོ་སྦིས་ཡུལ་ཚོའི་ལབ་ཙེ་གཏོད་པའི་དུས་ཆེན་རྡོ་སྦིས་ཡུལ་ཚོར་བསྡུས།  དྲུག་པའི་ལབ་ཙེའམ་དྲུག་པའི་ཤིང་ལང་ཅེས་པའི་དུས་ཆེན་འདིར་གཙོ་བོ་ཆོས་ལུགས་ཆོ་གའི་མདའ་ཤིང་གཏོད་པ་དང་ཁྱིམ་ཚང་རེ་རེས་བསང་མཆོད་གཏོང་བ།  མང་ཚོགས་ཁྲོད་གླུ་གར་རྩེད་འཇོ་དང་།  རྟ་རྒྱུག་འགྲན་བསྡུར། དམངས་ཁྲོད་ལུས་རྩལ་འགྲན་བསྡུར་སོགས་བྱ་འགུལ་གང་མང་འདུས།
       རྡོ་སྦིས་ལབ་ཙེ་ནི་དགེ་བཤེས་ཤེས་རབ་རྒྱ་མཚོའི་ཞལ་ཆེམས་དང་མངགས་བཅོལ་ལྟར་བཙུགས་པ་ཞིག་ཡིན། སྔོན་ཁྱིམ་ཚང་དག་གིས་རང་སར་ནས་ལབ་ཙེ་གཏོད་པ་ཡིན་ཡང་།  སྡེ་བའི་བར་འབྲེལ་འདྲིས་ལེགས་པོ་བྱེད་པར་སྟབས་བདེ་བཟོ་སླད་རྡོ་སྦིས་ཡུལ་ཚོའི་སྡེ་བ་སོ་སོས་ཆེད་དུ་ལབ་ཙེ་གཏོད་པའི་གནས་དུས་གཅིག་གྱུར་བྱས་པ་སྟེ། ལོ་རེའི་ལུགས་རྙིང་གི་ཟླ6པའི་ཚེས15ཉིན་རྡོ་སྦིས་ཡུལ་ཚོའི་རྡོ་སྦིས་གྲྭ་ཚང་འགྲམ་དུ་གཏོད་པ་ཡིན་ནོ།།