འབྲས་སྤུངས་དགོན་པར་གོས་སྐུ་བཤམས་ནས་ཞོ་སྟོན་དུས་ཆེན་གྱི་འགོ་བརྩམས་པ།
ཉི་ཤར་གྱི་རྩེ་མོ་སྟོན་པའི་གོས་སྐུ་ཆེན་མོའི་སྟེང་འཕྲོས་པ།
སྟོན་པ་ཤྰཀྱ་མུ་ནེའི་ཐང་ག་ཆེན་མོ་ཡོངས་སུ་བཤམས་ཚར་པ།
སེར་སྐྱ་ཕོ་མོ་རྣམས་ཀྱིས་སྟོན་པའི་གོས་སྐུ་བཤམས་པར་ལྷ་རྫས་ཁ་བཏགས་འབུལ་བཞིན་པ།
ཟླ8པའི་ཚེས29ཉིན་ཏེ་བོད་ལུགས་ཀྱི་ཟླ6པའི་ཚེས30ཉིན། འབྲས་སྤུངས་དགོན་པར་གོས་སྐུ་བཤམས་པའི་ཆོས་ལུགས་ཀྱི་ཆོ་ག་ཆེན་པོ་སྤེལ་བ་རེད། སྔ་དྲོའི་ཆུ་ཚོད8ཀྱི་སྟེང་ཉི་བཞོན་ཤར་རིའི་རྩེ་ནས་འཕགས་མ་ཐག དགོན་པའི་བླ་གྲྭ་རྣམས་ཀྱིས་དུང་ཆེན་འབུད་པ་དང་། ཆོས་གསུངས་པ། སེར་སྐྱ་ཕོ་མོ་རྣམས་ཀྱིས་ཡིག་དྲུག་དབྱངས་སུ་གྱེར་བ་སོགས་ཀྱི་རྟེན་འབྲེལ་དང་བསྟུན་ནས་སྲིད་ལ་སྨི40དང་ཞེང་ལ་སྨི34ཡོད་པའི་སྟོན་པ་ཤཱཀྱ་མུ་ནེའི་ཐང་ག་ཆེན་པོ་ཞིག་དད་ལྡན་མང་ཚོགས་ཀྱི་སྤྱན་ལམ་དུ་བཤམས་ཤིང་། འདི་ནི་ལོ་ངོ500ཡི་ལོ་རྒྱུས་ལྡན་པའི་འཚེམ་ཐང་ཆེན་མོ་ཞིག་ཡིན།
འབྲས་སྤུངས་དགོན་པ་རུ་གོས་སྐུ་བཤམས་པ་དང་བསྟུན་ནས་བོད་ཀྱི་སྲོལ་རྒྱུན་དུས་སྟོན་ཏེ་ལོ་རེར་ཐེངས་གཅིག་ལ་བསྡུ་བཞིན་པའི་ལྷ་སའི་ཞོ་སྟོན་དུས་ཆེན་ཚོགས་འགོ་བརྩམས་ལ། 2006ལོ་ནས་བཟུང་ལྷ་སའི་ཞོ་སྟོན་དུས་ཆེན་དེ་ཀྲུང་གོའི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་བྱེད་པའི་མིང་སྒྲིག་ཐོག་མའི་ནང་བཀོད་པ་རེད།
ལྷ་སའི་ཞོ་སྟོན་དུས་ཆེན་འདི2011ལོའི་ཟླ8པའི་ཚེས29ཉིན་ཚོགས་འགོ་བརྩམས་པ་ནས་བཟུང་ཟླ9བའི་ཚེས4བར་དུ་ཚོགས་རྒྱུ་ཡིན་ཞིང་། དུས་སྟོན་འདིའི་ཐོག་རིག་རྩལ་འཁྲབ་སྟོན་དང་། ལུས་རྩལ་འགྲན་སྡུར། ཚོང་ཟོག་གྲོས་མོལ། གནས་སྐོར་སྤྲོ་འཆམ་སོགས་ཀྱི་བྱ་འགུལ་རབ་དང་རིམ་པ་སྤེལ་རྒྱུ་རེད།