logo

བོད་ལྗོངས་མལ་གྲོ་གོང་དཀར་རྫོང་གི་སྲོང་བཙན་རིག་གནས་སྒྱུ་རྩལ་དུས་ཆེན།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-08-23 ཀློག་གྲངས།:


བོད་ལྗོངས་མལ་གྲོ་གུང་དཀར་རྫོང་གི་མང་ཚོགས་ཀྱིས་གཡག་རྒྱུག་འགྲན་སྡུར་བྱེད་བཞིན་པ།

  ཟླ8པའི་ཚེས22ཉིན། བོད་ལྗོངས་མལ་གྲོ་གོང་དཀར་རྫོང་གི་སྐབས་གཉིས་པའི་རྒྱ་མ་སྲོང་བཙན་རིག་གནས་སྒྱུ་རྩལ་དུས་ཆེན་དེ་བཙན་པོ་སྲོང་བཙན་སྒམ་པོའི་འཁྲུངས་ཡུལ་རྒྱ་མ་ཡུལ་ཚོར་གཟབ་རྒྱས་ངང་འགོ་བརྩམས་པ་རེད། སྒྱུ་རྩལ་དུས་ཆེན་འདིའི་ཁྲོད་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་དང་། དམངས་ཁྲོད་ཀྱི་རོལ་རྩེད། སྲོལ་རྒྱུན་གྱི་ལུས་རྩལ་འགྲན་སྡུར། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་རྫས་བཤམས་འཚོང་སོགས་བྱ་འགུལ་སྣ་ཚོགས་ལ་བརྟེན་ནས་ལྷ་སའི་ཤར་བརྒྱུད་ཀྱི་མལ་གྲོའི་ཡུལ་ཁོངས་ཀྱི་གནས་སྐོར་ལས་རིགས་གོང་འཕེལ་དུ་གཏོང་བ་རེད།


བོད་ལྗོངས་མལ་གྲོ་གོང་དཀར་རྫོང་མོན་པ་ཡུལ་ཚོའི་མང་ཚོགས་ཀྱིས་འཁྲབ་སྟོན་བྱེད་བཞིན་པ།

བོད་ལྗོངས་མལ་གྲོ་གོང་དཀར་རྫོང་བཀྲ་ཤིས་སྒང་ཡུལ་ཚོའི་མང་ཚོགས་ཀྱི་འཁྲབ་སྟོན་བྱེད་བཞིན་པ།
མང་ཚོགས་ཀྱིས་རྒྱ་མ་སྲོང་བཙན་རིག་གནས་སྒྱུ་རྩལ་དུས་ཆེན་ཐོག་ལྟད་མོར་ལྟ་བ།


འབྲེལ་ཡོད་འོས་སྦྱོར།