logo

ལོ་གསར་གྱི་འཁྲབ་སྟོན་དུས་ཆེན་སྤེལ་བ།

རྩོམ་པ་པོ།:ཚེ་རིང་རྡོ་རྗེ། ཡོང་ཁུངས།:ཀན་ལྷོ་ཁུལ་རླུང་འཕྲིན་ཁང་། དུས་ཚོད།:2010-11-11 ཀློག་གྲངས།:
         ཟླ 10 བའི་ཚེས 18 ཉིན། ཀན་ལྷོའི་བླ་བྲང་སྲོལ་རྒྱུན་དམངས་ཁྲོད་གླུ་གར་དང་བོད་ཀྱི་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་འཁྲབ་སྟོན་ཆེན་མོ་བསང་ཆུ་རྫོང་ནས་སྤེལ་བ།   ཁུལ་དང་རྫོང་ནས་ཡོང་བའི་བོད་ཀྱི་སྒྱུ་རྩལ་བས་སྣ་མང་ཕུན་སུམ་ཚོགས་པའི་བོད་ཀྱི་སྲོལ་རྒྱུན་གླུ་གར་འཁྲབ་སྟོན་བྱས་པ་ལས།  རང་ཁུལ་གྱི་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་གི་ཐུན་མོང་ མ་ཡིན་པའི་ཁྱད་ཆོས་ཕྱིར་ངོམ་པ་མ་ཟད།  ས་དེའི་མང་ཚོགས་ལ་དུས་ཆེན་གྱི་རྟེན་འབྲེལ་ ཕུལ་བ་རེད།    ཐེངས་འདིའི་བྱ་འགུལ་གྱིས་སྔར་ལས་ལྷག་པར་རང་ཁུལ་གྱི་མི་རིགས་ཀྱི་སྲོལ་རྒྱུན་དམངས་ཁྲོད་རིག་གནས་སྒྱུ་རྩལ་སྔོན་འདོན་དང་ལེགས་སྒྲིག   རྒྱུན་འཛིན་བྱས་ནས་རང་ཁུལ་གྱི་སྲོལ་རྒྱུན་དམངས་ཁྲོད་གླུ་གར་དང་བླ་བྲང་རིག་གནས་ཀྱི་མཚན་སྙན་གྲགས་ཇེ་ཆེར་གཏོང་རྒྱུ་དེ་རེད།   བླ་བྲང་ས་ཁུལ་གྱི་དམངས་ཁྲོད་སྒྱུ་རྩལ་བ་དང་བོད་ཁུལ་གཞན་པའི་དམངས་ཁྲོད་གླུ་བ།   འཁྲབ་སྟོན་པ་ཕལ་ཆེར་མི 300 ལྷག་འཁྲབ་སྟོན་ལ་ཞུགས་པ་དང་དགུང་ལོ་ཆེས་ཆེ་བ་ལོ་དྲུག་ཅུ་ཡན་ཆད་དང་ལོ་ན་ཆེས་ཆུང་བ་ལོ་བདུན་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།