logo

སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུའི་སྒྲུབ་ཆོག་གི་བྱེད་སྒོ་དང་ཕན་ནུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-02-15 ཀློག་གྲངས།:

  བླ་མ་གསང་འདུས་ཐེམས་ཡིག་ལས། དཔལ་ཆེན་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་དང༔དུས་ཀྱི་རྒྱལ་པོ་ཚེས་བཅུ་ཐམས་ཅད་ལ༔སྤྲུལ་པ་འཛམ་གླིང་་ཁྱབ་པར་དགྱེད༔མཆོག་ཐུན་དངོས་གྲུབ་ང་ཡིས་སྟེར༔ཞེས་གསུངས་པ་དང༌། བླ་མ་སྒྲུབ་པའི་གནས་ཡིག་ལས། སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ཉིན་ཞག་ལ༔ཨོ་རྒྱན་བདག་ཉིད་བོད་ཡུལ་ཐམས་ཅད་དུ༔ངེས་པར་བྱོན་པ་ང་ཡི་ཐ་ཚིག་ཡིན༔ཟླ་རེའི་ཚེས་བཅུའི་བྱུང་ངོ་ཅོག་ལ་ཡང༔སྤྲུལ་པས་བོད་ཁམས་ཁྱབ་པར་མི་འབྱོན་རེ༔དམ་ཚིག་ཡིན་ནོ་པད་འབྱུང་བསླུ་མི་སྲིད༔ཅེས་ཚེས་བཅུའི་དུས་མཆོད་དེ་ཉིད་སློབ་དཔོན་ཆེན་པོ་ཉིད་ཀྱིས་ཞལ་བཞེས་མཛད་པས། ཁྱད་འཕགས་ཀྱི་ཚེས་བཅུའི་དུས་མཆོད་བཟུང་བའི་ཕན་ཡོན་ནི། སངས་རྒྱས་རབ་བཀྲམ་མང་པོ་ལ་མཆོད་བསྟོད་བྱས་པ་དང་མཉམ༔སྟོང་གསུམ་གྱི་སྟོང་ཆེན་པོ་ན་བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་དང༔རིག་འཛིན་གྲུབ་ཐོབ་རྒྱ་མཚོའི་ཚོགས་རྣམས་ལ༔སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཁམས་ཐམས་ཅད་རིན་པོ་ཆེའི་བྱེ་བྲག་དང༔དར་ཟབ་བམ་འདོད་རྒུའི་བྱེ་བྲག་སྣ་ཚོགས་ཀྱི་མཆོད་པ་བས་དུས་མཆོད་འདིའི་བསོད་ནམས་བརྗོད་ལས་འདས༔ཡུལ་ཕྱོགས་ཐམས་ཅད་དུ་བྱད་དང་བྱུར་སྐལ་བ་ངན་པ་སོགས་མི་འབྱུང༔ནད་མཚོན་དང་དུས་ཀྱི་འཁྲུག་པ་སོགས་མི་འབྱུང་ཞིང༔བཀྲ་ཤིས་བྱིན་ཆགས་བདེ་ལེགས་ཕུན་སུམ་ཚོགས་པར་འགྱུར་རོ༔མཆོག་གི་དངོས་གྲུབ་ནི༔སངས་རྒྱས་ཀྱི་ཞིང་ཁམས་རྣམས་སུ་སྟོན་པའི་གཙོ་བོ་ཀུན་ཏུ་བཟང་པོ་ལྟ་བུར་འཚང་རྒྱ་བར་ཐེ་ཚོམ་མེད་དོ༔ཞེས་གསུངས།

 

 

  ཚེས་བཅུའི་དུས་ཆེན་གྱི་བྱེད་སྒོ་ནི། སྤྲེལ་ལོ་སྤྲེལ་ཟླའི་ཚེས་བརྒྱད་ལ་སྟག་ལུང་སྐྱབས་མགོན་རྣམ་གསུམ་གདན་ས་ནས་དྲེའུ་ལུང་དགོན་དུ་ཆིབས་བསྒྱུར་དང་འབྲེལ་དཀྱིལ་འཁོར་དང་མཆོད་པར་གཟིགས། ཚེས་དགུ་ལ་དག་སྣང་རྩ་གསུམ་དཀྱིལ་འཁོར་གྱི་སྒྲུབ་མཆོད་དབུ་ཚུགས་རྒྱུ་དང༌། ཟངས་མདོག་དཔལ་རིའི་མདུན་དུ་སྟག་ལུང་དགོན་གྱི་ཞི་ཁྲོ་ཚོགས་ཆེན་དང༌། སེ་བ་ལུང་ཚེས་བཅུ། གཞན་ཡང་ཕོད་མདོ། ཀླུང་ཤོད། འཕན་པོ། འདམ། སྙིང་གྲོང༌། བར་ཐ་སོགས་ནས་ཕེབས་པའི་ཚེས་བཅུ་བ་བཞི་བཅུ་ལྟག་ཙམ་དང་མ་ཁི་སྤྱི་པ་བཅས་ཀྱིས་རང་རང་ལུགས་འདྲ་མིན་གྱི་ཚེས་བཅུའི་དཀྱིལ་འཁོར་སྒྲུབ་མཆོད་ཞལ་ཕྱེ། ཚེས་བཅུ་ལ་གུ་རུ་གཙོ་འཁོར་གསུམ་གྱི་སྣང་བརྙན་གོས་སྐུར་བཤམས། བླ་གྲྭ་རྣམས་ཀྱིས་དབེན་གནས་བྱིན་རླབས་ཀྱི་ཁྲུས་གསོལ་རབ་གནས་དང་འབྲེལ་བའི་མཆོད་བསྟོད་འབུལ། ཚེས་བཅུ་གཅིག་ནས་ཚེས་བཅོ་ལྔ་བར་དད་ལྡན་སེར་སྐྱ་ཁྲི་ཕྲག་འགའ་ཤས་གནས་རི་བསྐོར་བ་དང༌། དབང་དང་འཕོ་ལུང་ཞུ་བ། གནས་ཀྱི་རང་བྱུང་ངོ་མཚར་གྱི་བཀོད་པ་མཇལ་བ། ཚེས་བཅུའི་སྒྲུབ་མཆོད་མཇལ་བ་སོགས་བྱེད་པ་དང༌། ཚེས་བཅུ་དྲུག་ལ་ཚེས་བཅུའི་དཀྱིལ་འཁོར་གཤེགས་བསྡུ་སོགས་ཆོས་ལུགས་ཀྱི་བྱེད་སྒོས་དུས་འདའ་བར་བྱེད་དོ། །

  དེ་ལྟ་བུའི་དུས་ཆེན་དེ་ཉིད་དུས་དབང་གིས་ས་སྤྲེལ་ལྕགས་སྤྲེལ་གཉིས་ལ་གཏོང་རྒྱུའི་གོ་སྐབས་ཡོལ་རུང༌། ད་ཆ་ཏང་གི་མི་རིགས་ཆོས་ལུགས་སོགས་ཀྱི་སྲིད་ཇུས་ལག་བསྟར་དོན་འཁྱོལ་སྔར་ལས་ལྷག་པར་མཛད་པའི་འོག དགོན་སྡེ་ཉམས་གསོ་གྲུབ་པ་དང་ཆབས་ཅིག་ད་ལོ་སླར་ཡང་སྔར་སྲོལ་ལོ་འཁོར་བཅུ་གཉིས་ནང་ཐེངས་རེ་ཡིན་པའི་ཤིང་སྤྲེལ་ལོའི་ཟངས་མདོག་དཔལ་རིའི་ཚེས་བཅུའི་དུས་མཆོད་ཆེན་མོའི་ལོ་འཁེལ་བས། རྒྱ་ཆེའི་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། སྤྲེལ་ལོ་ཚེས་བཅུའི་དུས་མཆོད་སྔར་བས་སླར་གསོ་བྱེད་རྒྱུར་བསུ་བ་ཞུ་བཞིན་ལགས། དུས་ཆེན་དེ་ཉིད་དགའ་སྤྲོ་མཉམ་གཏོང་ཐུབ་པ་བྱུང་ན་དེས་རང་ལྗོངས་ཀྱི་དུས་བབ་བརྟན་ལྷིང་གི་ཆབ་སྲིད་ཀྱི་རྣམ་པ་བཟང་པོར་དགེ་མཚན་ལྡན་པའི་དུས་བབ་འདོན་ཐུབ་རྒྱུར་ང་ཚོར་ཡིད་ཆེས་ཡོད། ད་ལོའི་དྲེའུ་ལུང་སྤྲེལ་ལོའི་ཚེས་བཅུ་ནི་བོད་ཤིང་སྤྲེལ་ལོའི་ཟླ་ལྔ་པའི་ཚེས་དགུ་སྟེ་སྤྱི་ལོ་༢༠༠༤ལོའི་ཟླ་༧ཚེས་༨ལ་དབུ་ཚུགས་རྒྱུ་ཡིན་པས། ཚེས་བཅུ་ཕྱོགས་ཁག་གི་རྒྱ་ཆེའི་ཆོས་དད་སེར་སྐྱ་མང་ཚོགས་དང༌། ཡུལ་སྐོར་སྤྲོ་འཆམ་ལ་ཕེབས་མཁན་རྣམས་དུས་ཆེན་འདིར་བསོད་ནམས་མཉམ་གསོག་དང་དགའ་སྤྲོ་


འབྲེལ་ཡོད་འོས་སྦྱོར།