logo

དཔའ་རིས་ས་ཁུལ་གྱི་བོད་མིའི་དུས་སྟོན་གྱི་སྐོར་བཤད་པ།

རྩོམ་པ་པོ།:ནམ་ཆུང་སྐྱིད། ཡོང་ཁུངས།:བོད་ཀྱི་དྲ་བ། དུས་ཚོད།:2008-02-13 ཀློག་གྲངས།:

                       

  

   དཔའ་རིས་ན་སྲོལ་རྒྱུན་གྱི་དུས་སྟོན་རིགས་གཉིས་ཡོད་དེ།  གཅིག་ནི་ཆོས་ཕྱོགས་ཀྱི་དུས་སྟོན་དང་།  གཅིག་ནི་དངམས་ཁྲོད་ཀྱི་དུས་སྟོན་ཡིན།  རྒྱ་ལོའི་བཅོ་ལྔ་ནི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཡིན།

  ཉིན་འདིར་སེར་སྐྱ་མང་ཚོགས་ཀྱིས་འཕྱོར་ལྭ་གང་འཛོམས་བསཀླུབས་ནས་མེ་ཏོག་མཆོད་པ་དང་། གོས་སྐུ།  ལྷ་འཆམ་སོགས་ཀྱི་ཆོ་གར་འཇུག  ཟླ་བཞི་བའི་ཚེས་བཅུ་བཞི་བཅོ་ལྔ་ནི་སངས་རྒྱས་ཤྰཀྱ་ཐུབ་པ་སྐུ་བལྟམས་པ་དང་མངོན་པར་རྫོགས་པར་སངས་རྒྱས་དང་སྐུ་མྱ་ངན་ལས་འདས་པ་སྟེ་དུས་ཆེན་གསུམ་འཛོམས་ཡིན་པས།  དད་ལྡན་རྣམས་ཀྱིས་བསྙུང་གནས་སྲུང་བ་དང་།  དགོན་པར་མ་ཎི་རིལ་སྒྲུབ་དང་།  ཆོས་སྤྱོད་མང་བོ་བསྒྲུབ་པར་བྱེད།  ཟླ་ལྔ་བའི་ནང་གྲོང་གསེབ་ཏུ་སྡེ་བའམ་རུ་སྐོར་བྱས་ནས་ཐུན་མོང་དུ་མ་ཎི་འཛིན།  རྒྱ་ལོའི་ཚེས་གཅིག་དང་ཟླ་དྲུག་པའམ་བདུན་པའི་ནང་དུ་ལབ་རྩེ་བསྟོད།

  དམངས་ཁྲོད་ཀྱི་དུས་ཆེན་ནང་དུ་ལོ་སར་ནི་ཆེས་གཟབ་རྒྱས་ཆེ་བའི་དུས་སྟོན་ཡིན།  དགུན་ཐ་ཆུང་སྟེ་ཟླ་བཅུ་གཉིས་པའི་ཚེས་དགུ་ནི་གཙང་སྦྲ་བྱེད་པའི་ཉིན་མོ་ཡིན།  ཉིན་དེར་ཁྱིམ་གྱི་ཕྱི་ནང་ཚང་མ་ཕྱགས་ནས་གཙང་མ་བྱེད།  གནམ་གང་ཡོད་མེད་གང་རུང་ལ་ལོ་ཕྱི་མའི་ཚེས་གཅིག་གི་སྔ་ཉིན་གྱི་ཕྱི་དྲོ་ཉི་མ་ནུབ་ཁར་ཚང་མའི་ཁང་ཀྮད་དང་གྱང་མགོ་རུ་ཆབ་རོམ་འཇོག  དགོང་མོ་དགུ་ཐུག་ཟེར་བ་རང་གི་ཁ་ཟས་སྣ་ཚོགས་འདུས་པའི་ཐུག་རིང་ངམ་ཟས་ཞིམ་པོ་རྒྱས་པ་ཟོས་མཐར་ཟོག་སྤག་ཉུངཉུང་འགད་པར་བྱེད།  ཚེས་གཅིག་གི་ནང་སྔ་མོར་ནམ་ཕྱེད་ཡོལ་ཙམ་ནས་བཟུང་བཟའ་ཚང་གང་བོ་མལ་ལས་ལངས་ཏེ་གནམ་ལོ་གསར་བར་དགའ་སྟོན་རྟེན་འབྲེལ་ཞུ་བའི་མགོ་རྩོམ་པ་ལ།  ཐོག་མར་ལྷ་ལ་སྨོན་བཀུར་དང་ཡུལ་ལྷར་བསང་མཆོད་རྒྱས་པ་ཕུལ་ཞིང་བྱིས་པ་ཚོར་སིལ་ཏོག་ཁ་ར་སོགས་བྱིན་ནས་ཚེ་རིང་བདེ་སྐྱིད་ཡོང་བར་ཁ་གཡང་ཞུས་རྗེས།  གོ་རིམ་ཡོད་པའི་ངང་ནས་བཟའ་ཚང་ལྷན་འཛོམས་སུ་ཇ་ཕུད་དང་པོ་གསོལ།  ཐོ་རངས་ཀྱི་དུས་ས་ཝ་གྱོན་ཆས་འཕྱོར་ཤོམ་སྤྲས་ཏེ་དུར་སར་གསུར་གཏོང་བ་དང་རི་མགོར་ལབ་རྩེ་བསྟོད་དུ་འགྲོ་བ་དང་། རུ་སྐོར་དང་གཉེན་ཉེ་དག་ལ་གནམ་ལོ་གསར་ཚེས་ཀྱཡི་རྟེན་འབྲེལ་ལ་སྐཡེས་སུ་འབུལ་དུ་འགྲོ  རྟ་རྒྱུག་ནི་དམངས་ཁྲོད་ཀྱི་དུས་སྟོན་གཞན་ཞིག་ཡིན།  སྤྱིར་བཏང་དུ་གནམ་གཤིས་དྲོ་བའི་དབྱར་ཁ་ཚོགས།  དཔའ་རིས་ས་ཆའི་རྟ་རྒྱུག་ལ་མགྱོགས་རྩལ་འགྲན་པ་དང་བང་རྩལ་འགྲན་པའི་རིགས་གཉིས་ཡོད་དོ།།


འབྲེལ་ཡོད་འོས་སྦྱོར།