༄༅། །རྒྱལ་རོང་བོད་མིའི་སྒོ་ལྡོང་དྲིན་གཟོའི་དུས་སྟོན།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:རྔ་བ་ཁུལ་བརྙན་འཕྲིན་ཁང་བོད་སྐད་ལེ་ཚན།
དུས་ཚོད།:2020-04-14
ཀློག་གྲངས།:


ཨ་མས་ཁོང་གི་བྱིས་མིང་ལྷ་དབང་ནོར་བུ་སྟོབས་ལྡན་ཞེས་བོས་པས་ཅུང་མ་འགོར་བར་ནགས་གསེབ་ནས་གཟུགས་སྟོབས་སྔར་ལས་ཆེ་ཞིང་རྩལ་སྟོབས་སྔར་ལས་རྒྱས་པ་ལུས་ཀྱི་བ་སྤུ་སྔར་ལས་རིང་བ་ཞིག་ཕེབས་པའི་ཤུགས་སྟོབས་ཀྱིས་རླུང་སྒྲ་འུར་འུར་ལྡང་ཅིང་རི་དྭགས་དང་གཅན་གཟན་གདུག་པ་ཅན་མང་པོ་བསད་པས་ཁོང་གི་སོ་བར་དུ་འཚང་བའི་བ་སྤུ་སོགས་ཀྱང་སྤར་གང་རེ་ཡོད་པ་ཞིག་ཡོང་ནས་ཨ་མ་ལ་འབོད་དོན་ཅི་ཡིན་དྲིས།
ཨ་མས་བུ་ལ་ཕ་ཡུལ་མི་མང་ལ་གཅན་གཟན་དང་བྲག་སྲིན་གདུག་པ་ཅན་རྣམས་ཀྱིས་འཚེ་བའི་སྡུག་བསྔལ་ཞུས་རྗེས། བུས་ཁྱོད་ཡུལ་དུ་ལོག་སྟེ་ཐུག་ཟངས་བཅུ་གསུམ་ནང་དུ་ཐུག་པ་སྐོལ། གོ་རེ་བཅའ་སའི་ལྕགས་ལེབ་གཅིག་དང་ལྕགས་ཀུག་ཅིག་ཕག་ཤ་བུབས་བཅུ་གསུམ། ཕག་ཚིལ་བུབས་བཅུ། ཟ་ཐུར་བཞི་བཅས་གྲ་སྒྲིག་བྱོས་ཞེས་སོགས་ནམ་ཡོང་གི་དུས་ཚོད་སོགས་གཏན་ཁེལ་བྱས་རྗེས་ཨ་མ་ཡུལ་དུ་ལོག་སྟེ་དེ་བཞིན་གྲ་སྒྲིག་བྱས་རྗེས་དུས་ཆད་ལྟར་ཨ་མྱེས་སྒོ་གདོང་ཡུལ་དུ་ལོག་ནས་སྐད་ཅིག་ཙམ་གྱིས་ཐུག་ཟངས་བཅུ་གསུམ་ནང་དུ་ཐུག་པ་བསྐོལ་ཡོད་པ་དེ་འཐུང་སྟེ། ཕག་ཤ་དང་ཕག་ཚིལ་སོགས་ལུས་ལ་བཏགས་ནས་རྒྱལ་རོང་སྟོད་སྨད་བར་གསུམ་ཉུལ་ནས་གཅན་གཟན་གདུག་པ་ཅན་མི་རྒོད་དང་བྲག་སྲིན་སོགས་ཕ་རོལ་དགྲ་ཚོགས་མང་པོ་ཆམ་ལ་ཕབ་སྟེ་མི་མིན་དང་བྲག་སྲིན་གཅན་གཟན་གདུག་པའི་འཐབ་རྩོད་ཀྱི་འདུ་ལོང་གཡོ་སའི་ཤར་རོང་ཆེན་ས་ཆ་ཞི་བདེའི་གནས་མཆོག་འབའ་ཞིག་ཏུ་བསྒྱུར། དེ་ནས་བཟུང་ཁོང་གི་ཟ་ཐུར་སོགས་ཀྱང་ཉེ་བའི་དུས་སྐབས་སུ་རྒྱལ་རོང་གི་མི་རྣམས་ཀྱིས་ལོ་གསར་སྐབས་སུ་ཨ་མྱེས་སྒོ་གདོང་དྲིན་གཟོའི་ཚུལ་དུ་བཞེངས་སྲོལ་ཡོད་ལ། རིང་ཐུང་ལ་འདོམ་པ་གང་ཙམ་ཡོད་པའི་ཟ་ཐུར་རིང་བོ་བཞི་ཡིན། ཨ་མྱེས་སྒོ་གདོང་གསོལ་མཆོད་བྱེད་སའི་བསྟན་སྲུང་དུ་བཀུར་ནས་ནམ་རྒྱུན་དེ་ལ་གསོལ་མཆོད་བྱས།
མ་འོངས་རྒྱལ་རོང་ས་ཆའི་འཚེ་བ་སྔོན་འགོག་ཕྱིར་དུ་རྒྱལ་རོང་གནས་འགོ་སྐྱུང་ཀའི་མཁར་ཆེན་དང་། བྲག་སྟེང་སྐྱུང་ཀའི་རྡོ་མཁར། ལ་ཀའི་མཁར་སོགས་མང་པོར་བཞེངས་ཤིང་། མཁར་དེ་དག་ཀྱང་ཞི་རྒྱས་དབང་དྲག་གི་ཚུལ་དུ་ཡོད་དེ། ནང་དུ་སྒྲ་བླའི་གོ་མཚོན་སྣ་དགུ་དང་སྟེང་དུ་སྲིད་པའི་དར་ཆེན་སོགས་ཕྱར་སྲོལ་ཡོད། དེ་དག་སྟག་གཟིག་འོལ་མོ་ལུང་རིང་གི་གསས་མཁར་པར་པོ་སོ་བརྒྱད་ལ་དཔེ་བྱས་ཏེ་བཟོ་རྒྱལ་གར་མ་ལི་ཤོས་བཟོ་རྩལ་ལས་ཐོན་པ་ཡིན་པས་རབ་གནས་མི་དགོས་པར་བྱིན་རླབས་ངང་གིས་ཞུགས་པར་བཤད་སྲོལ་ཡོད། དེ་ལྟར་རྒྱལ་རོང་བའི་ས་ཆ་ཞི་བདེའི་མི་ཡུལ་ཞིག་ཏུ་བསྒྱུར་རྗེས་ཕུང་པོ་ལྷག་མ་མེད་པར་ལྷག་མེད་དགྲ་བཅོམ་པའི་རྒྱལ་ས་བརྙེས། ཕྱིས་སུ་ཡང་རྒྱལ་རོང་པས་བཀའ་དྲིན་ཅན་གྱི་ཨ་མྱེས་འདི་མི་བརྗེད་པར་དྲིན་གཟོའི་ཞུ་ཆེད་དུ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱིས་བོད་ཟླ་༡༡པའི་ཚེས་༡ཉིན་ནས་༡༣བར་དུ་རྗེས་དྲན་དྲིན་གཟོའི་དུས་སྟོན(ཁ་རྒྱུན་དུ་དའི་གཟོ་ཟེར)གྱི་གྲ་སྒྲིག་ཏུ་ཁང་མགོའི་ལ་བཙས་མན་ཆད་ནས་སྒོ་ཁའི་སྒོ་རུ་ཡན་ཆད་ལ་ག་དར་དང་དཀར་རྩི་བྱུག་པ་སོགས་བྱེད་སྲོལ་ཡོད། དེ་མིན་དའི་གཟོའི་སྐབས་སུའང་ཨ་མྱེས་སྒོ་གདོང་ལ་རྗེས་དྲན་ཆེད་དུ་གོ་རེ་བྱ་མགོ་དང་ལུག་མགོ་སོགས་ལོ་སྐོར་བཅུ་གཉིས་ཀྱི་མགོ་བརྙན་སོགས་བཅའ་བའི་སྲོལ་ཡོད།
བོད་ཟླ་༡༡པའི་ཚེས་༡༣ནས་༡༥བར་ཉིན་གསུམ་གྱི་རིང་ཨ་མྱེས་སྒོ་གདོང་གི་དའི་གཟོ་འཚོགས་པའི་སྲོལ་ཆགས། ཚེས་༡༣ཉིན་ཡུལ་མི་དག་གིས་བསང་ཕུད་དེ་ཐོག་མར་དུང་དཀར་གསུམ་འབུད་སྲོལ་ཡོད། དེ་ནས་ཨ་མྱེས་སྒོ་གདོང་ལ་བསང་འབོད་བྱས་རྗེས་དེ་ནས་གནས་ཆེན་དམུ་རྡོ་སོགས་ལ་འབོད་སྲོལ་ཡོད། དེ་ཡང་བཤད་སྲོལ་ཞིག་ལ་ཨ་མྱེས་སྒོ་གདོང་སྐུ་གཤེགས་ཁར་ཁྱེད་ཅག་ལ་དཀའ་ཁག་འདྲ་ཡོད་ན་དུང་དཀར་འབུད་ནས་བདག་ལ་བོས་ང་ཡིས་སྡོང་གྲོགས་བྱ་ཞེས་པས། རྗེས་སུ་རྒྱལ་རོང་བའི་བསང་ཕུད་དུས་དུང་འབུད་པ་སོགས་ཀྱི་སྲོལ་ཆགས་པ་ཞིག་ཡིན། ལོ་གསར་སྐབས་སྣོད་ཁ་རྣམས་སུ་ཐུག་པ་སོགས་འདྲ་མིན་བསྐོལ་ཏེ་བསྟན་ནས། སྒོ་མི་གཏན་པར་ཨ་མྱེས་སྒོ་གདོང་དུས་སྟོན་ལ་ཡོང་རྒྱུ་རེད་ཅེས་ཡུལ་མི་དག་གིས་ཀྱང་ལྟོ་བ་རྒྱག་ཚད་ཅིག་མ་འཐུང་མ་བཟས་ན་ཨ་མྱེས་སྒོ་གདོང་གིས་རྒྱ་ཁར་ཚད་ནི་རེད་ཅེས་གང་ལྟར་མི་རབས་ནས་མི་རབས་མང་པོ་འདས་ཀྱང་རྒྱལ་རོང་བའི་རྒན་དར་གཞོན་གསུམ་དང་། རྒྱལ་རོང་བའི་ས་འབུར་གཞོང་གསུམ་གང་དུ་ཡང་ཨ་མྱེས་སྒོ་གདོང་གི་བཀའ་དྲིན་ལས་ཤར་བའི་བྱམས་བརྩེ་དྲོད་རླངས་གཏན་ནས་ཡལ་མ་ཐུབ་པར་དུས་ད་ལྟའི་བར་གཏུགས། ལྷག་པར་དེང་དུས་རྒྱལ་རོང་བའི་ས་ཆར་ཨ་མྱེས་སྒོ་ལྡོང་གི་སྣོད་ཆས་བཅའ་ལག་སོགས་རིགས་མང་མཐོང་རྒྱུ་ཡོད་ལ། དཔེར་ན་ཨ་མྱེས་སྒོ་གདོང་གི་ལྷམ་སོགས་ལ་དཔེ་བྱས་ཏེ་བཟོས་པ་དང་། ཨ་མྱེས་སྒོ་གདོང་གི་ཐེའུ་རྒྱག་བྱེད་སོགས་ཨ་མྱེས་སྒོ་གདོང་གི་རིང་གི་ལི་དང་གསེར་དངུལ་རྫ་སོགས་ཀྱིས་བཞེངས་པའི་ཡོ་བྱད་གྱ་ནོམ་པ་དུ་མ་བདག་གིས་འདི་གར་བཙལ་འཚོལ་དང་ཉོ་བསྡུ་བྱས་ཏེ་གནས་འགོ་དགོན་དངོས་རྫས་སྲུང་སྐྱོབ་ཀྱི་གྲས་སུ་བཞག་ཡོད།
འབྲེལ་ཡོད་འོས་སྦྱོར།