“གཡང་ལྷ་མའི་རྟགས་ཅན”གྱི་འོ་བཞོ་འགྲན་སྡུར།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2022-08-08
ཀློག་གྲངས།:
འོ་ལས་ཐོན་རྫས་ལ་བརྟེན་ནས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པ།
ཟླ7པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རྩེ་ཁོག་རྫོང་དཔྱི་ས་ཞང་མི་དམངས་སྲིད་གཞུང་དང་རྩེ་ཁོག་རྫོང་གཡང་ལྷ་མའི་འོ་ལས་ཀུང་སི་གཉིས་ཀྱིས་མཉམ་དུ་སྒྲུབ་པའི“གཡང་ལྷ་མའི་རྟགས་ཅན”གྱི་འོ་བཞོ་འགྲན་སྡུར་དཔྱི་ས་ཞང་ནས་བསྡུས།
འོ་མ་བཞོ་བ་ནི་འོ་ལས་ཐོན་རྫས་ཐོན་སྐྱེད་ཁྲོད་ཆེས་གཙོ་ཆེ་བའི་གོ་རིམ་དེ་ཡིན་ཞིང་། ལག་ཤེས་ལ་བརྟེན་ནས་འོ་མ་བཞོ་བ་ནི་འབྲོག་པའི་ཐོན་སྐྱེད་འཚོ་བའི་ཁྲོད་མེད་མི་རུང་བའི་གྲུབ་ཆ་ཞིག་ཡིན། ཕྱུགས་ལས་ཚོང་ར་ཅན་དང་འཕྲུལ་ཆས་ཅན་དུ་གྱུར་དང་འགྱུར་བཞིན་པའི་དེང་གི་དུས་འདིར། ཕུལ་དུ་བྱུང་བའི་སྲོལ་རྒྱུན་གྱི་འབྲོག་པའི་རིག་གནས་འདི་ཚད་ངེས་ཅན་ཞིག་གི་སྟེང་ནས་ཉམས་རྒུད་དུ་འགྲོ་བཞིན་ཡོད་པས། འོ་མ་འདོན་སྤྲོད་བྱེད་པའི་ཚོང་རའི་ནང་དུས་རྒྱུན་ཏུ་འོ་ཞོ་རྫུན་མ་དང་། སྤུས་ཚད་མི་ལེགས་པའི་འོ་ལས་ཐོན་རྫས་འབྱུང་བཞིན་ཡོད།
རྒྱུས་ལོན་པ་ལྟར་ན། ཐེངས་འདིར་རྩེ་ཁོག་རྫོང་གིས་འོ་བཞོ་འགྲན་སྡུར་སྤེལ་བའི་དམིགས་ཡུལ་ནི། ཕུལ་དུ་བྱུང་བའི་སྲོལ་རྒྱུན་གྱི་འབྲོག་པའི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པ་དང་། འབྲོག་པ་མང་ཚོགས་ལ་སྐུལ་འདེད་བཏང་སྟེ། རིམ་བཞིན་ཐོན་རྫས་འདོན་སྤྲོད་བྱེད་པའི་གོ་རིམ་ཚད་ལྡན་ཅན་དང་འཐུས་ཚང་ཅན་དུ་གཏོང་བར་འབད་པ་ལྷོད་མེད་བྱས་མཐར། འོ་ལས་ཐོན་རྫས་འདོན་སྤྲོད་བྱེད་པའི་ཚོང་རའི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་ཆེད་རེད།
ཐེངས་འདིའི་འོ་བཞོ་འགྲན་སྡུར་ནང་ཞུགས་པའི་འགྲན་ཞུགས་པ30ནི་སོ་སོ་རྩེ་ཁོག་རྫོང་དཔྱི་ས་ཞང་གི་སྡེ་བ་སོ་སོས་འོས་སྦྱོར་བྱས་ནས་བདམས་ཐོན་བྱུང་བ་ཡིན་ལ། འགྲན་བསྡུར་ལ་ཨང་དང་པོ1དང་ཨང་གཉིས་པ2། ཨང་གསུམ་པ3། ཕུལ་བྱུང་བྱ་དགའ4། ཡར་སྐུལ་བྱ་དགའ20བཅས་བཀོད་སྒྲིག་བྱས་ཡོད།
ཨང་དང་པོ་ཐོབ་མཁན།
ཨང་གཉིས་པ་ཐོབ་མཁན།
རྩེ་ཁོག་རྫོང་གཡང་ལྷ་མའི་སྐྱེ་ཁམས་ཐོན་ཁུངས་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་སི་ནི2019ལོར་བཙུགས་པ་དང་། ཀུང་སི་འདིས“གསར་སྤེལ་དང་སྐྱེ་ཁམས། བསླད་མེད། སྐྱེ་ལྡན། སྒོ་འབྱེད། བདེ་འཇགས”བཅས་ཀྱི་འཕེལ་རྒྱས་གསར་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རྩེ་ཁོག་རྫོང་གི་རྩུ་སའི་སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་ཐད་ཀྱི་མདུན་ལྗོངས་ཆེན་མོར་དམིགས་ནས་འབྲི་གཡག་དང་བོད་ལུག་སོགས་ཐུན་ཁོངས་སྤུས་ལེགས་གསར་སྤེལ་བྱས་ཐོག ཀུང་སི་དང་མཉམ་ལས་ཁང་། འབྲོག་པའི་དུད་ཁྱིམ་དང་མ་རྐང་མཉམ་ལས་བཅས་མཉམ་འབྲེལ་སྒོས། རྒྱུན་མཐུད་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པ་གཏོད་པ་དང་། སྡེ་བ་རིམ་པའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་དུ་མ་རྐང་འཇོག་པ། འབྲོག་པ་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་སྣེ་ཁྲིད་པའི་དུས་མཚུངས་སུ། རྩེ་ཁོག་རྫོང་གི་ཕྱུགས་ལས་ཐོན་རྫས་ཀྱི་མིང་རྟགས་གསར་སྐྲུན་བྱེད་པ་དང་། རྨ་ལྷོ་ཁུལ་གྱི་བསླད་མེད་སྐྱེ་ལྡན་ཞིང་ཕྱུགས་ལས་ཐོན་རྫས་ཚོད་ལྟ་ཁུལ་གསར་སྐྲུན་བྱེད་པ། རྩེ་ཁོག་རྫོང་གི་རྒྱལ་ཁབ་རིམ་པའི་དེང་རབས་ཐོན་ལས་ར་བ་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ལག་ལེན་བྱེད་མཁན་དང་སྔོན་སྐྱོད་པ་རུ་གྱུར།
འབྲེལ་ཡོད་འོས་སྦྱོར།