ལོ་སར་ལ་རོལ་བའི་དུས་ཚོད་མི་འདྲ་བ་བཞིའི་སྐོར་གླེང་བ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།
དུས་ཚོད།:2024-02-14
ཀློག་གྲངས།:
ལོ་སར་ཞེས་པ་ནི་ལོ་གསར་པ་ཞིག་ཤར་བར་རྟེན་འབྲེལ་གྱི་མཛད་སྒོ་སྤེལ་བར་ཟེར་ཞིང་། རང་རེའི་བོད་ཀྱི་ཡུལ་འདིར་ལོ་མགོ་འཛིན་སྟངས་མི་འདྲ་བ་ཁག་བརྒྱད་ཙམ་བྱུང་ཡོད་ཀྱང་། ལོ་སར་དངོས་སུ་རོལ་བའི་དུས་ཚོད་མི་འདྲ་བ་ཁག་བཞི་ཡོད་པ་སྟེ། རྒྱལ་པོ་ལོ་སར་དང་། སོ་ནམ་ལོ་སར། ཟླ་བཅུ་གཅིག་པའི་ལོ་སར། ཟླ་བཅུ་པའི་ལོ་སར་བཅས་ཡིན།
གཅིག རྒྱལ་པོ་ལོ་སར།
རྒྱལ་པོ་ལོ་སར་ནི་བོད་ཟླ་དང་པོའི་ཚེས་གཅིག་ཉིན་ལོ་སར་རོལ་བ་དེ་ཡིན། དེ་ནི་དུས་རབས་བཅུ་གསུམ་པའི་དུས་མགོར་ཧོར་ཇིང་གིར་རྒྱལ་པོས་བོད་དབང་དུ་བསྡུས་རྗེས། རྒྱ་ནག་གི་ཧོང་ལེ་དང་བོད་ཟླ་དང་པོ་དང་མཐུན་པར་བརྟེན་ཧོར་ལུགས་ལྟར་བོད་ཟླ་དང་པོར་ཧོར་ཟླ་དང་པོ་ཞེས་པའི་ཐ་སྙད་བཏགས་པ་དང་། སྐབས་དེའི་བོད་ཁྲི་སྐོར་བཅུ་གསུམ་དུ་གཏོགས་པའི་བོད་རིགས་ས་ཆ་མང་ཆེ་བས་ས་སྐྱའི་ལོ་ཐོ་གཞིར་བཟུང་ནས་ལོ་སར་དེ་རོལ་སྲོལ་བྱུང་བ་ཡིན། ལོ་སར་དེ་ནི་རྒྱས་སྤྲོས་ཆེ་ཆུང་ཙམ་མ་གཏོགས་མདོ་སྨད་སྟོད་དང་། དབུས་གཙང་སོགས་བོད་རིགས་གནས་པའི་ས་ཁུལ་ཡོངས་རྫོགས་ཀྱིས་དགའ་གཏོང་བྱེད་པའི་ལོ་སར་ཞིག་ཡིན།
གཉིས། སོ་ནམ་ལོ་གསར།
དེ་ནི་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ནས་ལོ་སར་རོལ་སྲོལ་ཡོད་པ་དེ་ཡིན། དེ་ཡང་དུས་རབས་བརྒྱད་པའི་ནང་བོད་ཀྱི་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་བོད་ཆོས་ཉམས་པ་དང་གྱི་ཤིང་ཀོང་ཇོའི་དུས་སུ་བསྒྱུར་བའི་རྒྱ་ནག་གི་རྩིས་གཞུང་བར་འགྱུར་གསལ་སྒྲོན་སྦས་བཅས་ཅན་གྱི་ལུགས་ཞེས་པའི་དེ་ཆར་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་རྒྱ་ནག་གི་སོ་ནམ་ལོ་སར་ལ་འཁེལ་བ་དང་ལྷན་དུ་བོད་ཀྱི་སོ་ནམ་ལོ་སར་རོལ་སྲོལ་དེ་ཆགས་པ་ཡིན། ལོ་སར་རོལ་སྲོལ་དེར་ཀོང་ཇོ་ཕྱི་མའི་ལུགས་ཀྱང་ཟེར། ལོ་སར་དེ་ནི་གཙང་ཕྱོགས་ཀྱི་ཡུལ་གྲུ་མང་ཆེ་བ་དང་། སྟོད་མངའ་རུས་ཀྱི་འབྲོག་པ་སོགས་ཀྱིས་ཤིན་ཏུ་གྲ་རྒྱས་པོ་གཏོང་བར་མ་ཟད། དབུས་ཀྱི་སྙེ་མོ་དང་། ལྷོ་ཁའི་ཤེ་གྲོང་སོགས་ཡུལ་གྲུ་འགའ་ཤས་དང་། ཁམས་ཕྱོགས་ཀྱི་བྲག་གཡས་དང་སྨར་ཁམས་སོགས་ཀྱི་ས་ཆ་མང་པོས་ལོ་གསར་དེ་གྲ་རྒྱས་ཤོས་གཏོང་སྲོལ་ཡོད།
གསུམ། བོད་ཟླ་བཅུ་གཅིག་པའི་ལོ་སར།
དེ་ལ་དྭགས་རོང་བའི་ལོ་སར་ཡང་ཟེར། ལོ་སར་དེ་ནི་ལ་དྭགས་དང་མངའ་རུས་ཀྱི་ལུང་པ་འགར་གཏོང་སྲོལ་ཡོད་པ་དང་། དེ་མིན་གཙང་ཁུལ་གྱི་ས་ཆ་མང་པོས་ལོ་སར་དེ་གཏོང་བཞིན་ཡོད་ལ། དབུས་ཀྱི་ལུང་པ་འགར་ཡང་ལོ་སར་དེ་རོལ་སྲོལ་ཡོད། དབུས་རྒྱུད་ཀྱི་སྙེ་མོའི་གྲོང་ཚོ་འགའ་ཞིག་གིས་ཟླ་བཅུ་གཅིག་པའི་ལོ་སར་དང་། ཟླ་བཅུ་གཉིས་པའི་སོ་ནམ་ལོ་སར། དང་པོའི་རྒྱལ་པོའི་ལོ་སར་བཅས་ལོ་སར་གསུམ་དགའ་གཏོང་བྱེད་བཞིན་ཡོད་ཀྱང་། རྒྱ་ཆེས་ཤོས་ནི་བཅུ་གཅིག་པའི་ལོ་སར་ཡིན། བོད་ཟླ་བཅུ་གཅིག་པའི་ལོ་སར་དེ་ལ་སྔོན་མ་ལྟོགས་བླའི་ལོ་སར་ཡང་ཟེར་སྲོལ་ཡོད།
བཞི། བོད་ཟླ་བཅུ་པའི་ལོ་སར།
དེ་ནི་མངའ་རུས་ཀྱི་ཤར་པ་དང་ཀོང་པོའི་ཁུལ་གྱིས་གཏོང་སྲོལ་ཡོད། དེ་ཡང་ཀོང་པོའི་ལོ་སར་གཏོང་སྲོལ་བྱུང་བའི་བཤད་སྲོལ་ནི་ཀོང་པོ་ཨ་རྒྱ་རྒྱལ་པོར་བདུད་ཀྱི་དམག་བྱུང་བུ་ལ་གནོད་ལེན་དུ་འགྲོ་དགོས་པས། ལོ་སར་མ་རོལ་གོང་ནས་དམག་ལ་སོང་ན་དམག་ཤུགས་མི་ཡོང་སྙམ་ནས་བོད་ཟླ་བཅུ་པའི་ཚེས་གཅིག་ལ་ལོ་སར་རོལ་ནས། དམག་ལ་ཆས་ཏེ་རྒྱལ་ཁ་ཐོབ་པས་ཀོང་པོའི་ཁུལ་གྱིས་ཨ་རྒྱ་རྒྱལ་པོར་དྲན་གསོ་བྱེད་ཆེད་ལོ་སར་དེ་རོལ་བཞིན་ཡོད་ཅེས་བཤད་སྲོལ་ཡོད་ཀྱང་། བོད་དུ་དུས་རབས་བདུན་པའི་རྒྱ་བཟའ་ཀོང་ཇོས་བསྣམས་པའི་རྩིས་གཞུང«སྔ་འགྱུར་རྒྱ་རྩིས་སྔ་མའི་ལུགས»ཞེས་པ་སོགས་ནང་བོད་ཟླ་བཅུ་པར་ལོ་སར་བ་ཤར་བའི་བཞེད་ཚུལ་བྱུང་ཡོད།

འབྲེལ་ཡོད་འོས་སྦྱོར།