logo

མཚོ་སྔོན་པོའི་འགྲམ་དུ་སྲོལ་རྒྱུན་འགྲན་སྡུར་ཆེན་མོ་འདི་གཉིས་འཚོགས།

རྩོམ་པ་པོ།: ཡོང་ཁུངས།:མཚོ་ལྷོ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། དུས་ཚོད།:2025-08-19 ཀློག་གྲངས།:
ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་ཆེན་མོ་སྐབས་དགུ་བ་དང་མཚོ་ལྷོ་ཁུལ་གྱི་སྐབས་དང་པོའི་མཚོ་སྔོན་པོ་རྟགས་མའི་རྟ་རྒྱུགས་འགྲན་སྡུར་གྱི་མགོ་རྩོམ་མཛད་སྒོ།
 
       ཉེ་སྔོན། འཆམ་མཛེས་གུང་ཧོ་རྟགས་མའི་ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་སྡུར་ཆེན་མོ་སྐབས་དགུ་པ་དང་མཚོ་སྔོན་པོ་རྟགས་མའི་རྟ་རྒྱུགས་འགྲན་སྡུར་སྐབས་དང་པོ་གུང་ཧོ་རྫོང་ཅང་སི་གྲོང་རྡལ་རྨོག་རུ་སྡེ་བ་རུ་འཚོགས་མགོ་བརྩམས།
       བྱེད་སྒོ་འདི་ནི་ཀྲུང་གུང་མཚོ་ལྷོ་ཁུལ་ཨུ་དང་། མཚོ་ལྷོ་ཁུལ་མི་དམངས་སྲིད་གཞུང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། འདི་ལས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ལུས་རྩལ་འགྲན་བསྡུར་གྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྔོག་འདོན་བྱས་ཏེ་མི་རིགས་ཁག་གི་ཐུན་མོང་འབད་འཐབ་དང་། དར་རྒྱས་གོང་འཕེལ་ཡོང་བའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད།
       མགོ་རྩོམ་མཛད་སྒོའི་སྟེང་། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་བྲོ་རྩྭ་ཐང་གི་འབྲོག་གླུ་དང་རྟ་མཆོག་གྱི་ལིང་ཞེས་པ་ལས་མཐོ་སྒང་གི་བུ་བུ་མོ་དང་། རང་བྱུང་ཁོར་ཡུག་འཆམ་མཐུན་མཉམ་གནས་ཀྱི་རྣམ་པ་མངོན་ཞིང་། ངོ་མཚར་བའི་སྐྱ་རྩལ་རེ་རེས་ལྟད་མོ་བ་རྣམས་ཀྱི་མིག་དབང་ཅིག་ཅར་དུ་འཕྲོག་ཅིང་། མཇུག་མཐའི་ཞབས་བྲོ་མ་ཡུམ་ཀྲུང་ཧྭ་ཞེས་པའི་རོལ་དབྱངས་སྙན་མོས་མགོ་རྩོམ་མཛད་སྒོའི་རྣམ་པ་ཡང་བསྐྱར་མཐོ་རླབས་སུ་བསྐྱལ་ཞིང་། རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ།
       སྐབས་འདིའི་བོད་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་བསྡུར་ཆེན་མོ་སྐབས་དགུ་བ་དང་མཚོ་ལྷོ་ཁུལ་གྱི་སྐབས་དང་པོའི་མཚོ་སྔོན་པོ་རྟགས་མའི་རྟ་རྒྱུག་འགྲན་བསྡུར་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། ལྷག་པར་དུ་རྟ་རྒྱུག་དང་གཡག་རྒྱུག་གི་འགྲན་སྡུར་ནི་ཆེས་ལྟ་འདོད་པའི་དམངས་ཡོངས་ཀྱི་ལུས་སྦྱོང་ཕྲེང་བསྟར་བྱ་འགུལ་ཞིག་ཡིན་ལ། དེ་ལས་རྒྱ་ཆེའི་མང་ཚོགས་ལ་སྤྲོ་སྣང་ཆེན་པོ་སྟེར་ཞིང་། མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་པར་ཡང་དོན་སྙིང་གལ་ཆེན་ལྡན་པ་རེད།
       རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་སྡེ་ཆེན་རྩེད་རའི་ལ་གཞས་འགྲན་བསྡུར་ཆེན་མོ་སྐབས་དགུ་པ་དང་མཚོ་ལྷོ་ཁུལ་གྱི་སྐབས་དང་པོའི་མཚོ་སྔོན་པོ་རྟགས་མའི་རྟ་རྒྱུག་འགྲན་བསྡུར་འདི་ཉིད་ཟླ8པའི་ཚེས21ཉིན་བར་འཚོགས་རྒྱུ་ཡིན་ལ། འགྲན་སྡུར་དང་ངོ་མཚར་བའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་མུ་མཐུད་དུ་མཚོ་སྔོན་པོའི་འགྲམ་ངོགས་སུ་སྤེལ་ཏེ་ཕྱོགས་བཞི་མཚམས་བརྒྱད་ཀྱི་ལྟད་མོ་བ་ཡོངས་ལ་རིག་གནས་ལུས་རྩལ་གྱི་གསོལ་སྟོན་གྱ་ནོམ་པ་ཞིག་འབུལ་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།