logo

བོད་ལྷམ།

རྩོམ་པ་པོ།:པད་མས་བསྒྱུར། ཡོང་ཁུངས།:ཀྲུང་གོའི་བོད་ལྗོངས་དྲ་བ། དུས་ཚོད།:2018-01-18 ཀློག་གྲངས།:

     བོད་ལྷམ་ནི་འབྲོག་ཁུལ་དུ་འཚོ་སྡོད་བྱས་པའི་བོད་རིགས་དང་། སོག་རིགས་མི་དམངས་ཀྱི་མེད་དུ་མི་རུང་བའི་སྤྱོད་ཆས་ཤིག་ཡིན་ཞིང་། དུས་ཡུན་རིང་པོའི་འཕེལ་རིམ་བྱས་པ་བརྒྱུད་དེ་བས་མཛེས་ཤིང་སྤུས་ལེགས་པ་དང་། ལུགས་དང་མཐུན་པ། དངོས་བཀོལ་ལྡན་ཏེ་འབྲོག་པ་མང་ཚོགས་རྣམས་དམིགས་བསལ་གྱི་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་འོག་ཐོན་སྐྱེད་དང་། འཚོ་བའི་དགོས་མཁོ་དང་འཚམ་ཐུབ་པར་བྱས་ཏེ་དགའ་བསུ་ཆེན་པོ་འཐོབ་ཀྱི་ཡོད།
     བོད་ལྗོངས་ས་མཐོའི་ས་ཁོངས་རྒྱ་ཆེ་ཞིང་ས་ཁུལ་རེ་རེར་རང་ལུང་པའི་ལྷམ་ཡོད་ཅིང་། བོད་ཀྱི་ཕོ་ལྷམ་མོ་ལྷམ་གྱི་ཕྱི་ཚུལ་དེ་གར་སྟེགས་ཐོག་གི་གནའ་རབས་ཆས་ལུགས་ཟློས་གར་ཁྲོད་དུ་གྱོན་པའི་འཇུར་རྟ་དང་འདྲ་ཡང་། དེའི་ལྷམ་མཐིལ་ནི་ཀོ་བས་བཟོས་ཤིང་། ཞབས་ཀྱི་མཐོ་ཚད་ལ་ཚུན་གཉིས་ཡོད་པ་དང་། ལྷམ་གྱི་ཡུ་བ་རྐང་ངར་སྟེང་དུ་སླེབས་ཡོད།ལྷམ་ངོས་སུ་དམར་ལྗང་འདྲེས་མའི་རེ་སྣམ་གྱིས་བརྒྱན་ཡོད་པ་དང་། ཡུ་བར་ཐིག་རིས་དང་འཁྱུག་རིས་ཡོད་ལ།  ལྷམ་མགོ་ནི་ཚོས་གཞི་མི་འདྲ་བའི་དར་སྐུད་དམ་ཀོ་བ་དང་། སྣམ་ཕྲུག རྒྱ་གསེར་གྱིས་བཟོས་ནས་གྲུབ་པ་ཞིག་ཡིན་ཞིང་། མི་རྣམས་ཀྱིས་མི་ཞིག་གིས་གྱོན་པའི་ལྷམ་ལས་མི་དེའི་ལས་རིགས་དང་སྤྱི་ཚོགས་ཀྱི་རིམ་གྲས་ཁ་ཚོན་གཅོད་ཐུབ་ཀྱི་ཡོད།
     བོད་ལྷམ་ནི་བོད་ཀྱི་གོས་རྒྱན་གྱི་ཁྱད་ཆོས་གལ་ཆེན་གྲས་ཀྱི་གཅིག་ཡིན་ཞིང་། དེ་ནི་འབྲོག་ཁུལ་དུ་འཚོ་སྡོད་བྱས་པའི་བོད་རིགས་དང་། སོག་རིགས་མི་དམངས་ཀྱི་མེད་དུ་མི་རུང་བའི་བཀོལ་ཆས་ཤིག་ཡིན། ས་འོག་ནས་ཐོན་པའི་རིག་དངོས་ལ་རྟོག་ཞིབ་བྱས་པ་ལས། སྔ་དུས་ཀྱི་རྡོ་ཆས་གསར་པའི་དུས་མཇུག་ཏུ། མཚོ་སྔོན་ཞིང་ཆེན་དུར་ལམ་རྫོང་རྒྱུད་དུ་ཀོ་པའི་འཇུར་རྟ་ཡོད་པ་ཤེས་རྟོགས་བྱུང་ཞིང་། གདོད་མའི་འཇུར་རྟ་འདིའིིི་རིགས་ཀྱི་རྒྱུ་ཆ་ནི་ཀོ་བ་ཡིན་པ་དང་།  ཀོ་བ་ཅུང་མཐུག་པས་ལྷམ་མཐིལ་བཟོས་ཤིང་། ཅུང་སྲབ་པའི་ཀོ་བ་དེ་ངོས་བྱས་ཏེ་ལྷམ་མཐིལ་དང་ངོས་གཉིས་བཙེམ་པར་གནག་ཕྱུགས་དང་ལུག་གི་པགས་པ་བཀོལ་བ་དང་། ལྷམ་མགོའི་མདུན་སྣེར་ད་དུང་སྤུ་ལྡན་གྱི་ནོར་ལུག་གི་པགས་པས་བརྒྱན་ཡོད།  འཇུར་རྟ་འདིའི་རིགས་ནི་བོད་ལྷམ་གྱི་མེས་པོ་ཡིན་ཞེས་བཤད་ཀྱང་ཆོག ཡིན་ཡང་། དེའི་རྒྱུད་ཕྱི་མས་དུས་ཡུན་རིང་པོའི་འཕེལ་རིམ་བརྒྱུད་རྗེས་དེ་བས་སྤུས་ལེགས་པ་དང་། མཛེས་སྡུག་ལྡན་པ། བཀོལ་སྤྱོད་ཀྱི་རིན་ཐང་ལྡན་པར་གྱུར་ཏེ་འབྲོག་པ་མང་ཚོགས་ཀྱིས་དམིགས་བསལ་གྱི་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་འོག་ཐོན་སྐྱེད་དང་། འཚོ་བ་རོལ་བའི་དགོས་མཁོ་དང་འོས་མཐུན་བྱུང་སྟེ་དགའ་བསུ་ཆེན་པོ་ཐོབ་པ་རེད།

     བོད་ལྷམ་གྱི་རིགས་དབྱེ་ཧ་ཅང་མང་ཞིང་རྣམ་གྲངས་ཀྱང་མི་འདྲ་བ་མང་པོ་ཡོད་དེ། སྤྱིའི་ཆ་ནས“ སུམ་པ” དང་། “ སྐར་ལོས“  " རྡོ་རྫ་"  “ བྲག་གསུམ་” སོགས་རིགས་འགའ་ཡོད།  “སུམ་པའི་ལྷམ”ནི་ཆེས་མིང་དུ་གྲགས་པ་སྟེ། དེ་ནི་ཀོ་བ་དང་། རས་སྐུད།  སྟོང་སྐུད།  གསེར་སྐུད། བལ་སྐུད། སྣམ་ཕྲུག འགོ་སྣམ་སོགས་ཀྱི་རྒྱུ་ཆ་བེད་སྤྱད་དེ་ལག་བཟོས་འཚེམས་དྲུབ་བྱས་ནས་གྲུབ་པ་དང་། དེའི་ཁ་དོག་སྒྲིག་སྦྱོར་བྱ་བར་ཡང་ཧ་ཅང་དང་དོད་ཆེན་པོ་བྱེད་དགོས་ཤིང་། ལ་ལ་ད་དུང་སྟོང་སྐུད་ཀྱི་སྟེང་དུ་རི་མོ་འདྲ་མིན་སྣ་ཚོགས་གཙགས་པ་དང་། ལ་ལར་རྒྱ་གསེར་དང་རིས་སྦྱར་གྱིས་བརྒྱན་གྱི་ཡོད། ལྷམ་རྩེར་དེ་བས་ཀྱང་གྲུ་བཞི་དང་སྒོར་དབྱིབས་ཡོད་པ་དང་། ཟོར་མོ་དང་གུག་གུག་སོགས་རྣམ་པ་འདྲ་མིན་སྣ་ཚོགས་ཡོད་དེ་ཁྱད་ཆོས་ཆེན་པོ་འདུག རྣམ་པ་སོ་སོའི་བོད་ལྷམ་གྱི་ལྷམ་གྱི་ཡུ་བའི་རྒྱབ་ཏུ་ལི་སྨི10ལྷག་ཙམ་གྱི་ཁ་ཕྱེས་ཏེ་ལྷམ་གྱོན་པ་དང་ཕུད་པར་སྟབས་བདེ་བཟོས་ཡོད་པས། བོད་ལྷམ་གྱོན་དུས་ལྷམ་སྒྲོག་རྒྱག་དགོས། ལྷམ་སྒྲོག་ནི་ཧ་ཅང་མཛེས་ཤིང་དང་དོད་ཆེ་བའི་ལག་ཤེས་བཟོ་རྩལ་ཞིག་ཡིན་ཞིང་། མང་ཆེ་བ་ནི་ཐེར་སྐུད་ཕྲ་མོས་འཐག་པ་དང་། སྟེང་དུ་རི་མོ་སྣ་ཚོགས་བཀོད་ཡོད། སྣེ་གཉིས་སུ་ཚོན་མདོག་བཀྲ་བའི་ཚོན་སྙེ་བཞག་ཡོད་པས། དེ་དང་བོད་ལྷམ་གཉིས་མཉམ་དུ་བཞག་ཚེ་ཧ་ཅང་ལྟ་ན་སྡུག་པ་ཞིག་ཡིན། “སུམ་པ་ལྷམ”ལ་གྲོང་རྡལ་དང་གྲོང་སྡེའི་མང་ཚོགས་ཀྱི་ཡོངས་ཁྱབ་ཀྱི་དགའ་བསུ་ཆེན་པོ་འཐོབ་པར་མ་ཟད། བོད་དུ་ཡུལ་སྐོར་དུ་ཕེབས་པའི་རྒྱལ་ཕྱིའི་ཡུལ་སྐོར་བ་རྣམས་ཀྱིས་ཉོ་མང་བ་དང་བཀོལ་སྤྱོད་བྱས་པ་མང་བའི་ཡུལ་སྐོར་ཐོན་རྫས་ཤིག་ཀྱང་ཡིན། ཐོན་རྫས་འདིའི་བཟོ་དབྱིབས་ལ་ཕོ་མོའི་དབྱེ་བ་ཡོད་པ་དང་། སྤུས་ཚད་དང་གོང་ཚད་ཀྱི་རིམ་པ་དེ་ལྷམ་མཐིལ་དང་ལྷམ་ངོས་ཀྱི་ཚོས་གཞི་རི་མོའི་ཟོར་ལྕིའི་ཚད་གཞིར་བརྟེན་ནས་གཏན་ཁེལ་བྱེད་ཀྱི་ཡོད།
     ས་གནས་སོ་སོའི་བར་གྱི་ཆ་རྐྱེན་མི་འདྲ་བའི་དབང་གིས། བོད་ལྷམ་གྱི་ཐོན་སྐྱེད་དེ་རྒྱུ་ཆ་ནས་བཟོ་ལྟའི་བར་དུ་ཚད་གཞི་མི་འདྲ་བ་དང་རིགས་རྒྱུད་མི་འདྲ་གྲུབ་ཀྱི་ཡོད་ཅིང་། རྒྱུ་ཆ་བཀོལ་སྤྱོད་བྱས་པ་མི་འདྲ་བའི་ཐད་ནས། ཀོ་བ་རྐྱང་པའི་བོད་ལྷམ་དང་། སྤུ་ཤུར་གྱི་བོད་ལྷམ། མེ་ཏོག་ཅན་གྱི་ཡུ་བཅད་བོད་ལྷམ་ཞེས་སུ་དབྱེ་ཡོད་པ་དང་། བཟོ་ལྟའི་ཐད་ནས་ཡུ་རིང་དང་། ཡུ་ཐུང་ཞེས་སུ་བགར་ཡོད་པ། བཀོལ་སྤྱོད་ཀྱི་ཐད་ནས་རྐྱང་པ་དང་། བལ་གྱིས་བཟོས་པ་བཅས་མི་འདྲ་བ་ཡོད། དེ་མིན་ད་རུང་རྟ་ཞོན་དུས་སུ་གྱོན་པའི་འཇུར་རྟ་ཡུ་རིང་དང་། ཕྱིང་ལྷམ། བླ་མས་གྱོན་པའི་མདོང་ནང་རས་དམར་གྱི་ལྷམ་ཡུ་འབྲིང་སོགས་ཡོད།  ཡུལ་ཤུལ་ས་ཁུལ་གྱིས“ལྷམ་པ”ཞེས་འབོད་པའི་བོད་ལྷམ་འཇོང་འཇོང་ལ་ཁྱད་ཆོས་ཆེན་པོ་ལྡན་ཏེ། རྒྱན་སྤྲོས་ཀྱི་ཉམས་དོད་པོ་ལྡན་པ་དང་། ལྷམ་ངོས་ནག་པོ་དཀྱིལ་ངོས་སུ་གསེར་མདོག་གི་ཐིག་རིས་ཡོད་ཅིང་། གཞོགས་གཉིས་སུ་ཆ་འགྲིག་པའི་ལེབ་མོ་དམར་པོའམ་སྨུག་མདོག་གིས་བརྒྱན་ཡོད་པ་དང་། ཡུ་མདོང་སྟེང་དུ་ཚོན་མདོག་གི་ཐིག་རིས་ཀྱིས་བརྒྱན་མེད། ལྷམ་མགོ་ཡར་གྱེན་དུ་རྩེན་པ་དེ་ནི་བཀོལ་སྤྱོད་ཀྱི་རིན་ཐང་ལྡན་པར་མ་ཟད་མིག་ལ་ཧ་ཅང་མཛེས་ཤིང་སྡུག
     བོད་ལྷམ་ལ་ད་རུང་ཁྱད་ཆོས་ཤིག་ལྡན་པ་ནི་རྐང་པ་གཡས་གཡོན་མི་བགར་བ་དེ་ཡིན་ཞིང་། དེ་ནི་ཇི་ལྟར་བཟོ་བ་ཡིན་པ་དང་། ཇི་ལྟར་བྱས་ན་ད་གཟོད་རྐང་པ་གཡས་དང་གཡོན་མི་བགར་བ་ཡིན་ནམ་ཞེ་ན། དེ་ནི་འཚོ་བའི་ཁྲོད་ཀྱི་མི་ལ་ལའི་རྐང་པར་སྐྱོན་ཡོད་པ་དང་། ཡང་ལ་ལས་རྐང་པ་དྲུད་ནས་འགྲོ་བ་ཡིན་པས། ལ་ལས་ལྷམ་མཐིལ་གྱི་གཡོན་གཞོགས་ཟད་པ་མགྱོགས་པ་དང་། ལ་ལས་གཡས་གཞོགས་ཟད་པ་མགྱོགས་པ་ཡིན། བོད་ལྷམ་གྱི་བཟང་ཆ་ནི་ལྷམ་གྱི་ཕྱོགས་གང་རུང་ལ་ཟད་སྐྱོན་བྱུང་བ་ཤེས་ཚེ་ལྷམ་བརྗེས་ཏེ་དུས་ཡུན་རིང་པོ་ཞིག་ལ་མུ་མཐུད་དུ་གྱོན་ན་ཆོག བོད་ལྷམ་ཡོངས་ལ་ལྷམ་སྒྲོག་ཡོད་ཅིང་། ལྷམ་སྒྲོག་ནི་བོད་ལྷམ་བཟོ་བའི་གོ་རིམ་ཁྲོད་ཀྱི་མཛེས་སྡུག་ལྡན་ཞིང་དང་དོད་ཆེ་བའི་ལག་ཤེས་བཟོ་རྩལ་ཞིག་ཡིན་པས། སྤྱིར་བཏང་དུ་ལྷམ་སྒྲོག་ནི་ཁུ་ལུ་ཕྲ་མོས་འཐགས་ཏེ་དེའི་སྟེང་དུ་རི་མོ་སྣ་ཚོགས་བཀོད་པ་དང་། སྣེ་གཉིས་སུ་ཚོན་སྙེ་བཞག་སྟེ་ཚོན་མདངས་རྣམ་པར་བཀྲ་ཞིང་། དེ་དང་བོད་ལྷམ་གཉིས་མཉམ་དུ་བཞག་ན་དེ་བས་ལྟ་ན་སྡུག་པ་ཞིག་ཡིན།
     བོད་ལྷམ་ནི་བོད་རིགས་ཀྱི་རྒྱན་གོས་མཚོན་པའི་ཁྱད་ཆོས་གལ་ཆེན་ཁྲོད་ཀྱི་ཚབ་མཚོན་ཞིག་ཡིན་ཞིང་། བོད་ལྷམ་གྱི་རིགས་སུ་ཁྲུ་རྣམ་དང་། གོ་ཙི་ཤང་། འགག་རྩའི་བོད་ལྷམ། མཚོ་སྔོན་བོད་ལྷམ་སོགས་ཡོད། ས་ཁུལ་སོ་སོའི་ཆ་རྐྱེན་མི་འདྲ་བ་དང་། བཀོལ་བའི་རྒྱུ་ཆ་མི་འདྲ་བའི་དབང་གིས། དེར་ཀོ་བ་རྐྱང་མའི་བོད་ལྷམ་དང་། སྤུ་ཤུར་གྱི་བོད་ལྷམ། མེ་ཏོག་ཅན་གྱི་ཡུ་བཅད་བོད་ལྷམ་ཞེས་སུ་དབྱེ་ཡོད་པ་དང་། བཟོ་ལྟའི་ཐད་ནས་ཡུ་རིང་དང་། ཡུ་ཐུང་ཞེས་སུ་བགར་ཡོད་པ། བཀོལ་སྤྱོད་ཀྱི་ཐད་ནས་རྐྱང་པ་དང་། བལ་གྱིས་བཟོས་པ་བཅས་མི་འདྲ་བ་ཡོད། དེ་མིན་ད་རུང་རྟ་ཞོན་དུས་སུ་གྱོན་པའི་འཇུར་རྟ་ཡུ་རིང་དང་། ཕྱིང་ལྷམ། བླ་མས་གྱོན་པའི་མདོང་ནང་རས་དམར་གྱི་ལྷམ་ཡུ་འབྲིང་སོགས་ཡོད། ཡུལ་ཤུལ་ས་ཁུལ་གྱིས“ལྷམ་པ”ཞེས་འབོད་པའི་བོད་ལྷམ་འཇོང་འཇོང་ལ་ཁྱད་ཆོས་ཆེན་པོ་ལྡན་ཏེ། རྒྱན་སྤྲོས་ཀྱི་ཉམས་དོད་པོ་ལྡན་ཞིང་། ལྷམ་ངོས་ནག་པོ་དཀྱིལ་ངོས་སུ་གསེར་མདོག་གི་ཐིག་རིས་ཡོད་ཅིང་། གཞོགས་གཉིས་སུ་ཆ་འགྲིག་པའི་ལེབ་མོ་དམར་པོའམ་སྨུག་མདོག་གིས་བརྒྱན་ཡོད་པ་དང་། ཡུ་མདོང་སྟེང་དུ་ཚོན་མདོག་གི་ཐིག་རིས་ཀྱིས་བརྒྱན་མེད། ལྷམ་མགོ་ཡར་གྱེན་དུ་རྩེན་པ་དེ་ནི་བཀོལ་སྤྱོད་ཀྱི་རིན་ཐང་ལྡན་པར་མ་ཟད་མིག་ལ་ཧ་ཅང་མཛེས་ཤིང་སྡུག