ཕུ་ཐུང་གཡས་པ་ཕུད་སྲོལ།
རྩོམ་པ་པོ།:ས་གོང་དབང་འདུས།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2010-01-23
ཀློག་གྲངས།:
བོད་རིགས་ས་ཁུལ་གྱི་ཞིང་འབྲོག་དུ་བོད་མིས་ཕྱུ་པ་གྱོན་སྐབས་སུ་ཕུ་ཐུང་གཡས་པ་ཕུད་པ་རྟག་ཏུ་མཐོང་རྒྱུ་ཡོད། དེ་ནི་གཅིག་ནས་ཐོན་སྐྱེད་ངལ་རྩོལ་སོགས་གང་བྱས་ཀྱང་ཤུགས་མང་ཆེ་བ་ལག་པ་གཡས་པས་འདོན་དགོས་པའི་དབང་གིས། སྟབས་བདེ་དང་ལས་ཕྱོད་ཆེ་བ་ཡོང་ཕྱིར་ཕུ་ཐུང་ཕུད་པ་དང་། གཉིས་ནས་བོད་ཡུལ་གྱི་ཉིན་རེའི་གནམ་གཤིས་ཚ་གྲང་གི་འགྱུར་བ་དེ་ས་ཆ་གཞན་དག་ལས་མྱུར་བས་དྲོ་དུས་ཕུ་ཐུང་ཕུད་པ་དང་། འཁྱགས་དུས་སུ་ལམ་སང་གྱོན་པ་བཅས་གནམ་གཤིས་ཀྱི་ཚ་གྲང་དང་བསྟུན་བདེ་བ། གསུམ་ནས་བླ་མ་དང་། རྒན་རབས་ཡོན་ཏན་ཅན་སོགས་ལ་འཕྲད་སྐབས་ཕུ་ཐུང་ཕུད་པ་དེ་དཔུང་པ་གཡས་པའི་ཐོག་ཡར་བསྐྱལ་ནས་གུས་ཞབས་མཚོན་པར་བྱེད་ཀྱི་ཡོད།
འབྲེལ་ཡོད་འོས་སྦྱོར།