ཨར་ཀ་གྲོང་ཚོའི་ས་གཡང་སེར་འཁོར་གཏོང་སྲོལ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:དྲ་རྒྱ་ལས་བཏུས།
དུས་ཚོད།:2015-05-04
ཀློག་གྲངས།:
དེ་རྗེས་ད་དུང་།
གཡས་པའི་འོག་ནས་བརྒྱ་ཤོག
གཡོན་མའི་འོག་ནས་སྟོང་ཤོག
གཡས་པས་མདའ་མོ་བཏང་ནས་བཞག་ཡོད།
མདའ་མོ་ཚད་མཁན་རྒོད་ཕྲུག་དེ་ཚོ།
གཡས་བཟོ་ལགས་སོ་གཅིག་གཉིས་གསུམ།
གཡོན་བཟོ་ལགས་སོ་བཞི་ལྔ་དྲུག
གཡས་ལ་ཉི་མ་ཤར་སོང་།
གཡོན་ལ་ཟླ་བ་ཤར་སོང་།
ཉི་མ་ཟླ་བ་གླིང་བཞི་བསྐོར་ནས།
གཞས་ཆེན་གཡས་ལ་འཁྱིར།ཞེས་ཐེངས་གསུམ་ཙམ་བརྒྱབ་སྟེ་གཞས་མགོ་བཙུགས་རྗེས་གཞས་ཆེན་ཞབས་བྲོ་བཀྲ་ཤིས་ཞབས་བྲོ་རྒྱས་པ་དང་བསྡུས་པ། ཨ་ཅེ་ཨད་དུང་དཀར་པོ། གོ་པའི་གཤོག་སྤྲུགས། རྡོ་ལ་དིབ་པ། རྡོ་རྗེ་དྲིལ་བུ། ཆུ་བཤོས་རྒྱལ་པོ། བཀྲ་ཤིས་དགུ་བརྩེགས། ཕྱག་འབུལ་ཞབས་བྲོ།༼ རྒྱས་བསྡུས་གཉིས ༽ ཁམ་བུའི་མེ་ཏོག དེ་བཞིན་རྟ་པོའི་ཞབས་བྲོ་སོགས་རིམ་པར་རྒྱག་སྲོལ་འདུག དེ་དག་ལས་ཁོ་ཚོའི་དྲན་ཤེས་སུ་གསལ་བ་ཐམས་ཅད་འདིར་བཀོད་ཡོད་དེ།
༼༢༽ཨ་ཅེ་ཨད་དུང་དཀར་པོ།
ཨ་ཅེ་ཨད་དུང་དཀར་པོ་འདི་ཚོ་གཡས་ལ་ཤིག་ཤིག
གཞོན་པའི་ཤ་ཀྲད་དཀར་ཆུང་དེ་ཚོ་གཡོན་ལ་ཤིག་ཤིག
ཀོང་ཁྲོ་གསེར་གྱི་ཀོང་ལ་བཞག་ཡོད་བཞི་ལྔ་དྲུག
རྒྱས་པོ་གནང་ཞུ་ལགས། བཀྱག་ནས་ཕེབས་ཤོག་གཅིག
༼༣༽ རྒོད་པོའི་གཤོག་སྤྲུགས།
རྒོད་པོའི་གཤོག་སྤྲུགས་གཅིག་གཉིས་གསུམ་བྱས།
ཏཱ་ར་ཏཱ་ར་ཏཱ་ར།༼ཏཱ་ར་་་་་རྐང་པ་བརྡབས་པའི་སྒྲ༽
རྒོད་པོའི་གཤོག་སྤྲུགས་བཞི་ལྔ་དྲུག་བྱས།
ཏཱ་ར་ཏཱ་ར་ཏཱ་ར།
རྒོད་པོའི་གཤོག་སྤྲུགས་བདུན་བརྒྱད་དགུ་བྱས།
ཏཱ་ར་ཏཱ་ར་ཏཱ་ར། ཏཱ་ར་ཏཱ་ར། ཏཱ་ར་ཏཱ་ར་ཏཱ་ར།
༼༤༽ རྡོ་ལ་དིབ་པ།
རྡོ་ལ་དིབ་པ་གཅིག་ཞུས།
རྡོ་ལ་དིབ་པ་གཉིས་ཞུས།
རྡོ་ལ་དིབ་པ་གསུམ་ཞུས།
རྡོ་ལ་དིབ་པ་གཅིག་གཉིས་གསུམ་བཞི་ལྔ་དྲུག་བདུན་བརྒྱད་དགུ།
གཡས་པའི་འོག་ནས་ཏཱ་ར།
གཡོན་མའི་འོག་ནས་ཏཱ་ར།
གཡས་གཡོན་གཉིས་ནས་ཏཱ་ར་ཏཱ་ར་ཏཱ་ར།
༼༥༽ རྡོ་རྗེ་དྲིལ་བུ།
རྡོ་རྗེ་དྲིལ་བུ་དི་རི་དི་རི། ཡང་བསྐྱར་དྲིལ་བུ་དི་རི།
གསུམ་འཇགས་དྲིལ་བུ་དི་རི། ཐེམས་པོ་མཐོ་ལ་དི་རི།
༼ ༦༽ཆུ་བཤོས༼ཤུས༽རྒྱལ་པོ།
ཆུ་བཤོས་རྒྱལ་པོ་ལྷ་ཡི་དབང་ཕྱུག་ལྷ་ཡི་ཡུལ་ལ་འགྲན་ཟླ་མི་འདུག
བཞི་ལྔ་དྲུག
རྒྱས་པོ་གནང་བྱུང་ལགས། བཀྱག་ནས་ཕེབས་བྱུང་གཅིག
གཅིག་ཞུས། གཉིས་ཞུས།
ཆུ་བཤོས་རྒྱལ་པོ་ཀླུ་ཡི་དབང་ཕྱུག་ཀླུ་ཡི་ཡུལ་ལ་འགྲན་ཟླ་མི་འདུག
བཞི་ལྔ་དྲུག
རྒྱས་པོ་གནང་བྱུང་ལགས། བཀྱག་ནས་ཕེབས་བྱུང་གཅིག
གཅིག་ཞུས། གཉིས་ཞུས།
ཁམས་གསུམ་དབང་འདུས་མི་ཡི་དབང་ཕྱུག་མི་ཡི་ཡུལ་ལ་འགྲན་ཟླ་མི་འདུག བཞི་ལྔ་དྲུག
རྒྱས་པོ་གནང་བྱུང་ལགས། བཀྱག་ནས་ཕེབས་བྱུང་གཅིག
༼༧༽བཀྲ་ཤིས་དགུ་བརྩེགས།
བཀྲ་ཤིས་དགུ་བརྩེགས་གཅིག་གཉིས་གསུམ་བཞི་ལྔ་དྲུག་བདུན་བརྒྱད་དགུ
དགུ་ལ་བྱས་པའི་གཅིག་ཞུས།
དགུ་ལ་བྱས་པའི་གཉིས་ཞུས།
དགུ་ལ་བྱས་པའི་གསུམ་ཞུས།
༼༨༽ བཀྲ་ཤིས་ཞབས་བྲོ།
བཀྲ་ཤིས་ཞབས་བྲོ་གཅིག་གཉིས་གསུམ་བྱས་ཏཱ་ར་ཏཱ་ར་ཏཱ་ར།
བཀྲ་ཤིས་ཞབས་བྲོ་བཞི་ལྔ་དྲུག་བྱས་ཏཱ་ར་ཏཱ་ར་ཏཱ་ར།
བཀྲ་ཤིས་ཞབས་བྲོ་བདུན་བརྒྱད་དགུ་བྱས་ཏཱ་ར་ཏཱ་ར་ཏཱ་ར།
ཏཱ་ར་ཏཱ་ར། ཏཱ་ར་ཏཱ་ར་ཏཱ་ར།
༼༩༽ ཕྱག་འབུལ་ཞབས་བྲོ།
གཅིག་ཞུས་གཉིས་ཞུས། གཅིག་ཞུས་གཉིས་ཞུས།
གཅིག་གཉིས་གསུམ་བྱས་ནས་ཕྱག་འབུལ།
ཞབས་བྲོ། ལས་སེ། དི་རི། ཞེས་དང་།
ད་དུང་།
གཅིག་ཞུས། གཉིས་ཞུས། གསུམ་ཞུས། བཞི་ཞུས། ལྔ་ཞུས། དྲུག་ཞུས། བདུན་ཞུས་པའི་ཕྱག་འབུལ།
ཞབས་བྲོ། ལས་སེ། དི་རི།
༼༡༠༽ རྟ་པ་དང་སྒ་གཡོག་གི་ཞབས་བྲོ།
གཡས་རིའི་ལྡེབས་ནས་རྩྭ་ཞིག་བཟས། གཅིག་གཉིས་གསུམ།
གཡོན་རིའི་ལྡེབས་ནས་ཆུ་ཞིག་བཏུངས། བཞི་ལྔ་དྲུག
རྩྭ་ཞིག་བཟས་པའི་གཅིག་ཞུས།
ཆུ་ཞིག་བཏུངས་པའི་གཉིས་ཞུས།
སྤང་གཤོང་བདེ་མོ་དགའ། སྐྱིད།
ད་དུང་གཞན་ཞིག་ནི།
སེམས་ནང་རྟ་ཕོ་རྟ་རའི་ནང་ལ་རྒས་ཀ་ལ་ཕངས་སོང་།
རྟ་ར་གྲུ་བཞིའི་ནང་ལ་རྒས་ཀ་ལ་དང་ཕངས་སོང་།
རྒས་པ་རྟ་ལ་རྒས། བཞོན་པ་རྟ་ལ་བཞོན།
༼༡༡༽འབག་ཕྲུག་ཞབས་བྲོ།
གཅིག་གཉིས་གསུམ། གཅིག་གཉིས་གསུམ།
གཅིག་གཉིས་གསུམ་བྱས། བཞི་ལྔ་དྲུག་བྱས།
བདུན་བརྒྱད་དགུ།
༼༡༢༽ དཀྱུས་འགྲོ་ཞེས་གོང་གི་ཞབས་བྲོ་ཚང་མར་གཅིག་གི་རྗེས་ལ་གཅིག་མཐུད་སྐབས་བར་བཅུག་ཞབས་བྲོ་སྟེ།
ཉི་མ། ཟླ་བ། སྐར་མ་སྨིན་དྲུག
བཀྱགས་ནས་ཕེབས་ཤོག་དི་རི་དི་རི།ཞེས་པ་དང་།
གཡས་ལ་ཉི་མ་ཤར་སོང་།
གཡོན་ལ་ཟླ་བ་ཤར་སོང་།
ཉི་མ་ཟླ་བ་གླིང་བཞི་སྐོར་ནས།
གཞས་ཆེན་གཡས་ལ་འཁྱིར། བཅས་འདུག
༤ རྟ་པོའི་གཞས།
རྟ་ཕོ་ཡོད་ལ་རྟ་ནག་རྟིང་དཀར་ཡོད།
རྟ་སྤུ་གྲ་ཚད་དུས་མ་སྦྱངས་ན།
རྟ་ཕོ་རྟ་རའི་ནང་དུ་རྒས་ལ་ཕངས།
མི་ཕོ་ཞིག་ལ་ཁམས་གསུམ་དབང་འདུས་ཡོད།
ཕོ་དཔའ་རྩལ་ཚད་དུས་མ་སྦྱངས་ན།
ཕྱི་ཡི་དགྲ་མགོ་མ་འདུལ་རྒས་ལ་ཕངས།
བུ་མོ་ཞིག་ལ་ཡོན་ཏན་སྒྲོན་མ་ཡོད།
དམན་ཁ་འབྲས་ཚར་དུས་མ་སྦྱངས་ན།
ནང་གི་གཉེན་མགོ་མ་སྐྱོང་རྒས་ལ་ཕངས།
ཞེས་པ་དང་རྟ་རྒྱུགས་གཏོང་རན་དུས།
བསམ་གཡས་གདན་ས་སྡིངས་ཀྱི་ས་གནས་རུ།
ཤར་སྒོ་འཇམ་དཔལ་གླིང་གི་སྒོ་རུ་ཕྱེ།
བསམ་གཡས་གདན་ས་སྡིངས་ཀྱི་ས་གནས་རུ།
ལྷོ་སྒོ་རྟ་མགྲིན་གླིང་གི་སྒོ་རུ་ཕྱེ།
བསམ་གཡས་གདན་ས་སྡིངས་ཀྱི་ས་གནས་རུ།
ནུབ་སྒོ་བྱམས་པ་གླིང་གི་སྒོ་རུ་ཕྱེ།
བསམ་གཡས་གདན་ས་སྡིངས་ཀྱི་ས་གནས་རུ།
བྱང་སྒོ་སེམས་བསྐྱེད་གླིང་གི་སྒོ་མོར་བརྒྱབ།
བསམ་གཡས་གདན་ས་སྡིངས་ཀྱི་ས་གནས་རུ།
དབུས་འཛམ་བུ་གླིང་གི་སྒོ་མོར་བརྒྱབ།
དེ་རིང་གཟའ་སྐར་ཡག་ག
བདེ་ལེགས་ཕུན་སུམ་ཚོགས་སོང་།
མགུལ་དར་དར་ཚོན་སྣ་ལྔ།
ནོར་བུའི་མགུལ་ལ་བསྒྲོན།
བཀྲ་ལ་བཀྲ་ལ་ཤིས་སོང་།
གཡང་ལ་གཡང་ལ་ཆགས་སོང་།
བཀྲ་ཤིས་གཡང་ཆགས་གཉིས་པོ།
འགྱུར་བ་ཡོང་ས་མིན་འདུག
ཅེས་གཏོང་བ་དང་ཁ་བཏགས་གཡོག་པར་བྱེད་དོ།
༥ དར་གཞས།༼མདའ་དར་གྱི་དར་སྣ་ལྔ་པོ།༽
ཤར་རི་རབ་རི་ཡི་རྩེ་མོ་རུ།
དར་སེར་པོ་ཁ་གང་ནོར་ལྷའི་རྒྱན།
ལྷོ་རིན་ཆེན་འབྱུང་ལྡན་སྐེད་པ་རུ།
དར་ལྗང་ཁུ་ཁ་གང་ནོར་ལྷའི་རྒྱན།
ནུབ་སྣང་བ་མཐའ་ཡས་སྐེད་པ་རུ།
དར་དམར་པོ་ཁ་གང་ནོར་ལྷའི་རྒྱན།
བྱང་དོན་ཡོད་གྲུབ་པའི་སྐེད་པ་རུ།
དར་དཀར་པོ་ཁ་གང་ནོར་ལྷའི་རྒྱན།
དབུས་འཛམ་བུ་གླིང་གི་སྐེད་པ་རུ།
དར་སྔོན་པོ་ཁ་གང་ནོར་ལྷའི་རྒྱན།
གླིང་ཆེན་འཛམ་བུ་གླིང་ལ་བཀྲ་ཤིས་ཤོག ༼མདངས་རིང་། ༽
༦ གོ་པའི་གཞས།
དེ་རིང་གཟའ་སྐར་ཡག་ལ།
དབུས་ལ་གེ་སར་འཛོམས་པའི་བཀྲ་ཤིས་ཤོག
༼ འདིའི་རྗེས་ཀྱི་ཚིག་རེ་གཉིས་ལ་གསལ་ཆ་མི་འདུག ༽དེ་རྗེས།
འཛོམས་འཛོམས་འདི་འཛོམས་པའི་འཆར་གཞི་རུ།
གླུ་མགུར་འདི་དམན་ཆུང་བུ་མོས་བཏང་།
ཞབས་བྲོ་འདི་མཆི་མེད་ཧོང་སྒྲས་བརྒྱབ།
གཏམ་ཞིབ་དྲག་པོ་མི་ལ་སྨོན་མི་དགོས།
༼ ༡ ༽བད།
ཧའོ་ཧའོ་ཧའོ་་་་་་་་་་་་་།
རི་མཐོ་པོ་གཅིག་དང་མཐོ་པོ་གཉིས།
རི་མཐོ་པོ་ལྷ་ཆེན་ཚངས་པའི་རི།
དེ་ལ་འཁོར་གསུམ་ལྡིང་གསུམ་བཤད་ཟེར་ན།
འཁོར་བ་རྣམས་ལ་ཤ་བ་དགོ་བ་འཁོར།
ལྡིང་པ་རྣམས་ལ་ཐང་དཀར་རྒོད་པོ་ལྡིང་།
མཚོ་ཆེན་པོ་གཅིག་ལ་མཚོ་ཆེན་པོ་གཉིས།
མཚོ་ཆེན་པོ་མ་ཕམ་གཡུ་མཚོ་ལ།
དེ་ལ་འཁོར་གསུམ་ལྡིང་གསུམ་བཤད་ཟེར་ན།
འཁོར་བ་རྣམས་ལ་ཉ་དང་སྦལ་པ་འཁོར།
ལྡིང་པ་རྣམས་ལ་གསེར་བྱ་ངང་པ་ལྡིང་།
གཞིས་ཆེན་པོ་གཅིག་དང་གཞིས་ཆེན་པོ་གཉིས།
གཞིས་ཆེན་པོ་རྡོ་ཁང་གྲུ་བཞི་ལ།
དེ་ལ་འཁོར་གསུམ་ལྡིང་གསུམ་བཤད་ཟེར་ན།
འཁོར་བ་རྣམས་ལ་སྟག་ཤར་གཞོན་པ་འཁོར།
ལྡིང་པ་རྣམས་ལ་ཆང་དང་ཇ་ལོ་ལྡིང་།
༼༢༽ལྕགས་དཀར་ཁྲ་ཆེན། ༼འཇའ་ལྗང་། ༽
ལྕགས་དཀར་ཁྲ་ཆེན་དཔའ་བོའི་མཛོག་ཅིག་ཞུ།
ཨོ་མོ་གླིང་བརྒྱད་གངས་ལྷའི་ཉིན་ཞག་ཞུ།
དར་ཆེན་དེ་ཚོ་མཐུ་དང་རྒྱལ་མཚན་ཞུ།
དར་ཆུང་དེ་ཚོ་རླུང་རྟའི་རྒྱལ་མཚན་ཞུ།
པད་རྒྱན་མེ་ལོང་འཛམ་གླིང་ཞི་བདེར་ཞུ།
སྡོམ་ར་ཨབ་སེ་ལྷ་སྲིན་སྡེ་བརྒྱད་ཞུ།
དར་ཚོན་གླིང་ལྔ་ནམ་མཁའི་འཇའ་ལྟར་ཞུ།
གྲུམ་པ་རྒྱ་གྲུམ་ཤ་བ་སྤང་རྒྱན་ཞུ།
ཕུ་རུ་མ་ཆགས་ཕུ་རུ་ཆགས།
ཕུ་རུ་གངས་རི་དཀར་པོ་ཆགས།
ཕུ་གངས་རི་དཀར་པོ་མ་ཆགས་ན།
མདའ་སྐྱིད་ཆུ་སྔོན་མོ་འཁྲུངས་དོན་མེད།
མདའ་སྐྱིད་ཆུ་སྔོན་མོ་མ་འཁྲུངས་ན།
ཤིང་ཙནྡན་སྡོང་པོ་འཁྲུངས་དོན་མེད།
ཤིང་ཙནྡན་སྡོང་པོ་མ་འཁྲུངས་ན།
བྱ་ཁུ་བྱུག་སྔོན་མོ་བབས་དོན་མེད།
བྱ་ཁུ་བྱུག་སྔོན་མོ་མ་བབས་ན།
དབྱར་ཟླ་གསུམ་དང་སྟོན་ཟླ་གསུམ།
དགུན་ཟླ་གསུམ་ལ་དབྱེ་ཤན་མེད།
དབྱར་ཟླ་གསུམ་གྱི་དབྱེ་བ་མ་ཆོད་ན།
གྲོ་ནས་སྲན་གསུམ་དར་དོན་མེད།
ནས་དཀར་པོ་འདི་ཡི་ནས་ཕུད་འབུལ།
གྲོ་དཀར་པོ་འདི་ཡི་གྲོ་ཕུད་འབུལ།
སྲན་སྲན་དཀར་འདི་ཡི་སྲན་ཕུད་འབུལ།
འཇགས་ལན་པཱ་ལོ་འདིར་ཕུལ་བ་ཡིན།
སའོ་་་སའོ་་་་་་་་སྐྱིད་སྐྱིད་བསོ་བསོ།

འབྲེལ་ཡོད་འོས་སྦྱོར།