རྨ་ཆུའི་རྟ་ཐོག་སྤོ་ལོ་རུ་ཁག་དང་རྟ་ཐོག་སྤོ་ལོའི་འཛིན་སྤེལ།
རྨ་ཆུའི་རྟ་ཐོག་སྤོ་ལོ་རུ་ཁག་དང་རྟ་ཐོག་སྤོ་ལོའི་འཛིན་སྤེལ།
རྨ་ཆུའི་རྟ་ཐོག་སྤོ་ལོ་རུ་ཁག
རྨ་ཆུའི་རྟ་ཐོག་སྤོ་ལོ།
རྟ་ཐོག་སྤོ་ལོ་ནི་ལོ་རྒྱུས་རིང་བའི་གནའ་བོའི་ལུས་རྩལ་རིགས་ཤིག་ཡིན་ལ། རྗེས་སུ་ནུབ་ཕྱོགས་སུ་དར་ཏེ་ད་ལྟ་ཨ་རི་དང་། དབྱིན་ཇི། ཕྱི་སོགས། རྒྱ་གར། ཨ་ཇིན་ཐེ་ན། ཨེ་ཤ་ཡ་དཀྱིལ་མ་སོགས་ཤར་ནུབ་ཀྱི་རྒྱལ་ཁབ་མང་པོར་རྟའི་གནས་ཀྱི་མཚོན་བྱེད་ལུས་རྩལ་གཙོ་བོ་ཞིག་ཏུ་གྱུར་ཡོད། ཀྲུང་གོ་ནང་ཁུལ་ན་ཡང་རྟ་ཐོག་སྤོ་ལོ་རྩེ་པའི་རུ་ཁག་ནང་སོག་དང་ཐེན་ཅིན། ཟི་ཁྲོན་སོགས་ཞིང་ཆེན་འགའ་ན་ཡོད།
རང་རེའི་བོད་ལ་མཚོན་ན། བོད་བཙན་པོའི་སྐབས་ནས་བཟུང་རྟ་ཐོག་སྤོ་ལོ་རྩེ་བའི་སྲོལ་ཡོད་པ་ལོ་རྒྱུས་དང་ཐང་ཡིག་གསར་མ་སོགས་ཁུངས་ལྡན་གྱི་ལོ་རྒྱུས་ཡིག་ཆ་ཁག་ཏུ་གསལ་བོར་བཀོད་ཡོད་ལ། རྟ་ཐོག་སྤོ་ལོའི་ཆེས་ཐོག་མའི་མཆེད་ཁུངས་ཀྱང་རང་རེའི་བོད་ཡུལ་ཡིན་པར་འདོད་མཁན་ཡོད་ནའང་། དེང་སང་བོད་ཡུལ་ན་གདོད་མའི་ལུས་རྩལ་འདི་ལ་གསལ་ཆ་ཡོད་མཁན་ཉིན་མོའི་སྐར་མ་ལྟ་བུ་གྱུར་ཡོད། རྒྱ་ནག་ལ་མཚོན་ན་ཐོག་མའི་མཆེད་ཁུང་རྒྱ་མི་རིགས་ཡིན་ཟེར་ནས་ཡང་མང་པོ་བཤད་ཀིན་འདུག་མོད། དེར་ད་དུང་དཔྱད་པ་གཏོང་དགོས།
རྨ་ཆུའི་རྟ་ཐོག་སྤོ་ལོ།
རྨ་ཆུའི་རྟ་ཐོག་སྤོ་ལོ་རུ་ཁག
ད་ལྟ་རྨ་ཆུ་རྫོང་རྨ་ཁུགས་རྟ་ར་ཟེར་བའི་ཡུལ་སྡེ་མདོ་སྨད་རྟའི་ཆོལ་ཀའི་རིགས་བཟང་རྒྱུད་གཙང་མའི་རྟའི་རིག་གནས་གོང་སྤེལ་གཏོང་བ་དང་། གནའ་བོའི་ལུས་རྩལ་དེ་བོད་ཡུལ་ནས་ཉམས་པ་སླར་གསོ་བྱ་ཆེད་ནང་སོག་ནས་ཆེད་མཁས་པ་གདན་དྲངས་ཏེ། ཡུལ་དེ་གའི་རྟ་རྩལ་ལ་བྱང་པའི་གཞོན་ནུ་ལོ་ཆུང་ཚོར་ལུས་རྩལ་དེ་ཇི་ལྟར་རྩེ་བའི་སྐོར་གྱི་ཡུལ་དངོས་སློབ་སྟོན་བྱས་ནས་རྟ་ཐོག་སྤོ་ལོའི་རུ་ཁག་བརྒྱད་རྩ་འཛུགས་བྱས་པ་དང་། རྗེས་མར་འགྲན་སྡུར་གྱི་བྱེད་སྒོ་སྣ་ཚོགས་རབ་དང་རིམ་པ་སྤེལ་ནས་ལུས་རྩལ་དེའི་ས་བོན་དམངས་ཁྲོད་དུ་དར་བའི་མཐུན་རྐྱེན་ཕུན་སུམ་ཚོགས་པ་ཞིག་བསྐྲུན་ཐུབ་ངེས།
རྨ་ཆུའི་རྟ་ཐོག་སྤོ་ལོ།