logo

ལྷ་སའི་བར་སྐོར་གླིང་གི་བག་བྲོ་བའི་བོད་ཀྱི་ཇ་ཁང་ཞིག

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-03-18 ཀློག་གྲངས།:

ལྷ་སའི་བར་སྐོར་གླིང་གི་བག་བྲོ་བའི་བོད་ཀྱི་ཇ་ཁང་ཞིག
ལས་རིགས་སོ་སོའི་མི་རྣམས་འདི་གར་འཛོམས་ཏེ་མངར་ཇ་བཞེས་པའི་ཚུལ།

        མངར་ཇ་བཞེས་པ་ནི་བོད་མི་རྣམས་ཀྱི་ཉིན་རྒྱུན་འཚོ་བའི་ཆ་ཤས་སུ་གྲུབ་ཡོད་དེ། རང་ཁྱིམ་ལས་གཞན་ད་དུང་ཕྱི་རོལ་གྱི་ཇ་ཁང་ནི་མི་རྣམས་ཀྱིས་ཆེས་དགའ་བསུ་བྱེད་པའི་གནས་ཤིག་ཡིན་ལ། དེ་གར་ཇ་འཐུང་ཞོར་དུ་བག་ཕེབས་ངང་འཚོ་བ་རོལ་ཆོག་པ་རེད།


ཞབས་ཞུ་པས་མངར་ཇ་འདྲེན་པ།


མངར་ཇ་བཞེས་པ།

        ཇ་ཁང་ནི་མི་རྣམས་འཛོམས་ས་དང་འབྲེལ་འདྲིས་བྱེད་ས་གལ་ཆེན་ཞིག་ཏུ་གྱུར་འདུག་ཅིང་། བར་སྐོར་གླིང་གི་འོད་ཟེར་ཇ་ཁང་དུ་ལས་རིགས་སོ་སོ་དང་། ཆོས་དད་པ། གནས་སྐོར་བ། དེ་མིན་ས་གནས་ཀྱི་མང་ཚོགས་སོགས་མི་ཅི་རིགས་འདུས་ཡོད་ལ། འདི་ན་ལ་ལས་ཇ་དཀར་ཡོལ་གང་ཉོས་ཏེ་གཞན་ལ་འདྲེན་སྲིད་ཅིང་། ཡ་རབས་གུས་ཞབས་ལྡན་པའི་བག་ཡོད་ཀྱི་རྣམ་འགྱུར་ཞིག་ལས་ཕ་རོལ་བའི་ཡིད་སེམས་འགུག་པར་བྱེད་ངེས་པས་རང་དབང་མེད་པར་གནས་འདི་ལ་དུངས་བ་དང་བརྩེ་སེམས་ཤིག་ངང་གིས་ཆགས་པར་འགྱུར།


འབྲེལ་ཡོད་འོས་སྦྱོར།