ལྷ་སའི་མ་སྐྱེས་ཨ་མའི་གསོལ་ཁང་དུ་བོད་ཟས་རིག་གནས་ལོངས་སུ་སྤྱོད་པ།
ཁང་པ་སེར་པོ་ནི་མ་སྐྱེས་ཨ་མའི་མཚོན་རྟགས་ཡིན།
མ་སྐྱེས་ཨ་མའི་ཐོག་ཁང་གི་ཡང་སྟེང་ནས་བར་སྐོར་ལ་གཟིགས་པ།
མིག་གིས་མཐོང་བ་ཙམ་གྱིས་མཆུ་མ་དབང་མེད་དུ་ཤོར་སྲིད་པའི་ཟས་ཞིམ།
མི་རིགས་ཀྱི་ཁྱད་ཆོས་མངོན་པར་བཏོད་པའི་བོད་ལུགས་ཀྱི་ཁང་བའི་ཡང་སྟེང་།
ལན་འཕྲིན་འཇོག་དེབ་ལ་ལྟ་བ།
གསར་འགོད་པས་མ་སྐྱེས་ཨ་མར་མྱོང་ཚོར་བྱེད་པ།
དུས་ཚིགས་འདིར་ལྷ་སར་མ་སྐྱེས་ཨ་མའི་གསོལ་ཁང་དུ་འགྲོ་དགོས་བསམས་ན། སྔ་མོ་ནས་སྡོད་ས་སྔོན་མངག་བྱེད་དགོས། གལ་ཏེ་སྔ་མོ་ནས་སྡོད་ས་སྔོན་མངག་མ་བྱས་ཚེ་སྡོད་ས་སྒུག་དགོས་ངེས་ཡིན། བོད་ཀྱི་བཟང་བཏུང་ལས་རིགས་ཀྱི་ཚོང་རྟགས་གྲགས་ཅན་ཞིག་ཡིན་པའི་ཆ་ནས་བཤད་ན། མ་སྐྱེས་ཨ་མ་དེ་བོད་ཀྱི་བཟའ་བཏུང་རིག་གནས་ཀྱི་མཚོན་བྱེད་དང་མིག་དཔེ་ལྟ་བུ་ཞིག་ཏུ་གྱུར་ཡོད། དེ་ལྟའི་གྲུབ་འབྲས་ཧ་ཅང་ཆེན་པོ་དེ་ནི་ཁང་པ་སེར་པོ་འདི་ནས་ངག་རྒྱུན་དུ་གྲགས་པའི་མི་རྣམས་སེམས་འགུལ་ཐེབས་སུ་བཅུག་པའི་གཏམ་རྒྱུད་ལས་བྱུང་བ་ཡིན་ནོ། །