ཞུན།
རྩོམ་པ་པོ།:fehb
ཡོང་ཁུངས།:བོད་ཀྱི་དྲ་བ།
དུས་ཚོད།:2008-04-03
ཀློག་གྲངས།:
མར་ཞུན་ལ་གྲོ་མའི་ཞུན་དང་ཕྱུར་བའི་ཞུན་རིགས་གཉིས་ཡོད་དེ། གྲོ་ཞུན་ནི་ཐོག་མར་གྲོ་མ་བརྔོས་ནས་ཞིབ་བཏགས་བྱས་ཏེ་བུ་རམ་རམ་ཀ་ར་ནག་པོ་བསྲེས་ཐོག་མར་ཁུ་བྮུགས་ནས་དཀྲུགས་རྗེས་སྡེར་མའམ་དཀར་ཡོལ་ནང་བཞག་སྟེ་གོང་བུ་ཆགས་རྗེས་བཟའ་བ་ཞིག་ཡིན་ལ། རླུང་ནད་འཇོམས་པ་དང་ཚེ་རིང་པོ་ཡོང་ཞིང་ལུས་སྟོབས་ཉམས་པ་གསོ་བའི་ཟས་མཆོག་ཤིག་ཡིན་ནོ།།
ཕྱུར་ཞུན་ནི་ཐོག་མར་ཕྱུར་བ་ཞིབ་བུ་བྱས་རྗེས་སྦངས་ནས་སྙི་མོར་གྱུར་དུས་མར་ཁུ་བླུགས་ཏེ་དཀྲུགས་ནས་གོང་བུ་ཆགས་རྗེས་བཟའ་བ་ཞིག་ཡིན་ལ། རོ་མངར་ཞིང་སྦྲི་དཀར་གྱི་རིགས་མང་བས་ལུས་ཁམས་ལ་ཤིན་ཏུ་ཕན་པའི་ཟས་རིགས་ཤིག་ཡིན།
འབྲེལ་ཡོད་འོས་སྦྱོར།