logo

བོད་ཁང་གི་རྩིག་བཟོ་ལས་ཀ་བ་བརྗེ་སྲོལ།

རྩོམ་པ་པོ།:བྱ་རིགས་པ་བློ་བཟང་རྣམ་རྒྱལ། ཡོང་ཁུངས།:བོད་ཀྱི་དྲ་བ། དུས་ཚོད།:2008-01-29 ཀློག་གྲངས།:

  བོད་ཁང་གི་ཁང་བའི་ཀ་བ་ཐང་པོ་མེད་པའི་རིགས་ལ་འདེགས་རོགས་ཀྱི་ཀ་བ་གསར་བ་བརྗེ་སྟངས་ནི་ཀ་བ་སྐྱོན་ཅན་དེའི་གཞུང་ཆུང་ལ་ཤིང་སྦོམ་ཕྲ་ཀ་བ་ལས་ཕྲ་ཙམ་གཉིས་བཙུགས་པའི་འོག་ཏུ་ཤིང་རིང་ཐུང་སྦོམ་ཕྲ་སྙོམས་པ་རེ་རེའི་རྩེ་མོ་ཀ་སྐྱོར་དེའི་འོག་ཏུ་བཅུག་ནས་རྩ་བ་གྱེན་དུ་སྐྱེར་བའི་སྟེང་ལ་བྱ་མ་དོ་པོའམ་མི་གྲངས་མང་ཉུང་ཆ་སྙོམས་ཀྱིས་མནན་ཤིང་བཟོ་བ་དེའི་བཀོད་འདོམས་བཞིན་དལ་བུས་མནན་ཏེ་གདུང་མ་བཏེགས་རྗེས་ཀ་བ་རྙིང་བ་སྐྱོན་ཅན་དེ་ཚུར་བླངས།  དེ་ནས་ཀ་བ་གསར་བ་བཙུགསཏེ་འགྱོག་ཤིང་རིམ་བཞིན་གནོན་ཤུགས་ཇེ་ཡང་དུ་བཏང་ནས་ཀ་བ་ཚུགས་མཚམས་ཀ་སྐྱོར་དེ་ལེན་གྱི་ཡོད།  ཀ་བ་བརྗེ་བ་དེ་ཁང་བ་ཐོག་གཅིག་ཙམ་མ་ཟད།  ཐོག་བརྩེགས་ཁ་ཤས་ཡོད་པའི་འོག་ཁང་གི་ཀ་བ་ཡང་བརྗེ་སྲོལ་ཡོད།


འབྲེལ་ཡོད་འོས་སྦྱོར།