རས་གུར།
རྩོམ་པ་པོ།:bsho
ཡོང་ཁུངས།:བོད་ཀྱི་དྲ་བ།
དུས་ཚོད།:2008-01-29
ཀློག་གྲངས།:
རས་དཀར་པོ་ཡིས་བཟོས་པའི་རས་གུས་ནི་འབྲོག་པ་གནས་སྤོ་དུས་དང་ནོར་ལུག་རྩྭ་ཆུ་འཛོམས་ས་ལ་དེད་ནས་ཉིན་འགའ་འདུག་དུས་སུ་མ་ཟད། འགྲུལ་བ་མང་པོ་ཡོང་དུས་ཕུབ་པ་དང་། སྔོན་ཆད་རས་གུར་གྱི་རིགས་འདི་ཕྱུག་པོ་ཁ་ཤས་མ་གཏོགས་གཞན་ལ་མེད་ཀྱང་། ད་ལྟ་ཁྱིམ་ཚང་ཚང་མར་ཡོད་ཅིང་། སྡེ་བ་དང་དགོན་པ་སོགས་ལ་མཚོན་ན་ཚོགས་རས་ཆེན་ པོ་ཡོད་པ་དེའི་འདབས་ཁར་ནག་པོ་དང་གོས་སྔོན་པོ་སྨུནག་པོ་སོགས་ཀྱིས་མཐའ་ཤན་བརྒྱན་པ་དང་། ནང་དུ་རས་ཁྲ་འཐེན་ཡོད་ཅིང་ཕྱི་ལ་ལཉྫ་སོགས་ཀྱི་རི་མོ་བྲིས་ཡོད་པ་རེད། རས་གུར་འདི་རིགས་དགོན་པ་དང་ཆོས་དོན་མཛད་སྒོ། དུས་སྟོན་དང་འདུ་ཚོགས་ཆེན་པོ་སོགས་ཀྱི་དུས་སུ་བེད་སྤྱོད་བྱེད།
འབྲེལ་ཡོད་འོས་སྦྱོར།