logo

འོ་མ་འཇོ་དུས་སྒྲོལ་མ་འགུག་པའི་སྲོལ།

རྩོམ་པ་པོ།:dykh ཡོང་ཁུངས།:བོད་ཀྱི་དྲ་བ། དུས་ཚོད།:2008-01-02 ཀློག་གྲངས།:

 

   སྔོན་གྱི་དུས་ཤིག་ན།  ང་ཚོའི་ཁ་བ་ཅན་དུ་གཙོ་བོ་ཕྱུགས་ཟོག་ལ་བྱུང་དྲགས་པའི་ནད་རིགས་ཏེ རི་བྱིདངགེགཅེས་པ་བྱུང་ཏེ། ཉིན་ཞིག  ཁྱིམ་ཚང་ཞིག་གི་ནོར་ལྷས་ན་བུད་མེད་ཅིག་གིས་འབྲུ་མོའི་འོ་མ་བཞོ་བཞིན་པ་དེརི་བྱིདངགེགགཉིས་ཀྱིས་མཐོང་ནས་དེ་ལ་གནོད་ཅིག་སྐྱེལ་བར་གྲོས་འཆམ་སྟེ།  གཅིག་གིས་གཅིག་ལ ཁྱོད་སོངཞེས་ཡང་ཡང་བསྒོས་མཐར།    རི་བྱིའགྲོ་བར་ཐག་བཅད་པས།   རི་བྱིབུད་མེད་དེས་འབྲུ་མོ་བཞོ་བཞིན་པའི་གམ་དུ་སོང་བ་མ་ཟད།  འབྲུ་མོའི་རྔ་མའི་ནང་དུ་རེག་པ་འགའ་བྱས་པས།  འབྲུ་མོས་ཚོར་ཏེ་བཞོ་ཟེའུ་ལ་ཕྲ་ཞིག་བཏབ་པའི་རྐྱེན་གྱིས་ཟེའུ་ནང་གི་འོ་མ་ཉུང་ཤས་ཙམ་ས་ལ་འཕྱོ་སོང་བས།  བུད་མེད་སེར་སྣའི་དབང་གིས་དྲག་ཏུ་ཁྲོས་ཤིང་འབྲུ་མོའི་གསུས་པར་ཤུགས་གང་ཡོད་ཀྱིས་ཁུ་ཚུར་འགའ་བཞུས་པ་མ་ཟད།  ཁ་ནས་ཀྱང རི་བྱི་བྱུང་རྒྱུ་མཞེས་སྡུག་མོ་གང་བྱུང་དུ་བཏོན་པས།   རི་བྱིཡི་འདོད་ཐོག་ནས་རྟ་བརྒྱུགས་པ་ལྟར་འབྲུ་མོ་དེ་དེ་མ་ཐག་ རི་བྱིཡིས་ཤི་སོང་བ་རེད།

 

  ཉིན་ཞིག   ཡང་བུད་མེད་ཅིག་གིས་ནོར་ཁུལ་དུ་མཛོ་མོ་ཞིག་བཞོ་བཞོན་པ རི་བྱིདངགེགགཉིས་ཀྱིས་མཐོང་ནས།   རི་བྱིགེགལ་བཤད་རྒྱུར།  ད་ནི་གནོད་སྐྱེལ་གྱི་འགན་ཁུར་དེ་ཁྱོད་ཀྱི་མགོར་བབས་ཡོད་པས།  ད་ལྟ་ཉིད་དུ་འགྲོ་དགོསཞེས་བཀའ་ཕབ་པས།  གེགཀྱང་མི་འགྲོ་ཀ་མེད་དུ་གྱུར།  དེ་ནས་གེགགིས་ཀྱངརི་བྱིལྟར་བཞོ་བཞིན་པའི་མཛོ་མོ་དེའི་རྔ་མའི་སྣེར་རེག་པ་ཙམ་བྱས་པ་དེས་མཛོ་མོ་དྲག་ཏུ་འདྲོགས་ཏེ་སྣ་ནས་བོའུ་སྐད་ཅིག་གྲག་པ་དང་མཉམ་དུ་ཐོག་འདྲ་བའི་ཕྲ་ཞིག་བཏབ་པས།  བུད་མེད་གན་རྐྱལ་དུ་བསྒྱེལ་བ་མ་ཟད་ཕྲ་དེ་བཞོ་ཟེའུ་ཡི་ནང་དུ་འཁེལ་བས།  ཟེའུ་ཞབས་ཕུད་ཅིང་འོ་མ་ཡོད་ཚད་ས་ལ་བསྲེས་སོང་།  ཡིན་ན་ཡང་།  བུད་མེད་དེ་ཁྲོ་བ་ཕྲན་ཙམ་མེད་པརགཡང་ལ་མ་འདི།  ཡང་སྔོན་འདི་འདྲ་ཞིག་མིན་པས།  ད་ཅི་མ་ལེགས་སམཟེར་བཞིན།  ཨྃ་རྗེ་བཙུན་འཕགས་པ་སྒྲོལ་མ་ལ་ཕྱག་འཚལ་ལོཞེས་སྒྲོལ་མ་དབྱངས་ཀྱི་རྟ་ལ་དྲངས་ཏེ་ཡང་བསྐྱར་མཛོ་མོ་བཞོ་བར་བརྩམས།  ཁོ་མོས་ངག་ལ་སྐྱོར་བཞིན་པའི་རྗེ་བཙུན་འཕགས་མ་སྒྲོལ་མའི་བྱིན་རླབས་ཀྱིསགེགདེ་དེ་མ་ཐག་དམ་ལ་བཏགས་པས་གཞན་ལ་གནོད་སྐྱེལ་མ་ཐུབ་པ་ཞིག་ཏུ་གྱུར་སོང་བས།  ད་ལྟའངགེགནད་དེརི་བྱིལྟ་བུར་ཁྱབ་ཆེ་བ་ཞིག་མིན་པའང་དེ་ལ་ཐུག་ཟེར་རོ།།

                                      


འབྲེལ་ཡོད་འོས་སྦྱོར།