བོད་རིགས་ཀྱིས་ཇ་འཐུང་བའི་གོམས་སྲོལ་ཆགས་གྲུབ།
ཇ་འཐུང་བ་དེ་བོད་མི་རིགས་ཧྲིལ་བོའི་དགའ་ཞེན་ཞིག་ཡིན་ཞེས་བཤད་ཆོག བོད་རིགས་ཀྱི་གཏམ་དཔེའི་ནང་དུ་ཡང་། “རྒྱ་ཟས་ཀྱིས་རྒྱགས། བོད་ཇ་ཡིས་རྒྱགས”ཟེར་སྲོལ་ཡོད་པ་དང་། དེས་བོད་རིགས་ཇ་ལ་དགའ་བ་ནི་རྒྱུན་དུ་མཐོང་རྒྱུ་ཡོད་པ་དང་། ཇ་འཐུང་བའི་འབོར་ཚུལ་ཡང་མང་པོ་ཡོད་པ་མཚོན་པར་བྱས་ཡོད། སྤྱིད་བཏང་གི་གནས་ཚུལ་འོག་བོད་རིགས་དབུལ་ཕྱུག་གང་འདྲ་ཡིན་རུང་ཉིན་རེར་ཇ་ཐེངས་ལྔ་ནས་དྲུག་པར་འཐུང་གྱིན་ཡོད་པ་རེད། ལས་དལ་གྱི་སྐབས་སུ་མི་རྣམས་ཐབ་ཀྱི་མདུན་དུ་བསྡད་དེ་ཇ་འཐུང་བཞིན་དུ་སྐད་ཆ་ཤོད་པ་ནི་རྒྱུན་ལྡན་ཞིག་ཡིན་པ་དང་། རྒན་འཁོགས་འགའ་རེས་མ་ཎི་ལག་སྐོར་བསྐོར་བ་དང་། “མ་ཎི་ཡིག་དྲུག”བགྲངས་བཞིན་དུ་བག་ཕེབས་ཀྱིས་ཇ་བཏུངས་ནས་སྡོད་ཀྱི་ཡོད། ཇ་འཐུང་བ་དང་ཆོས་དད། ཚེ་ཕྱི་མར་སྨོན་ལམ་འདེབས་པ་དང་དོན་དངོས་ལོངས་སྤྱོད་བྱེད་པ་བཅས་འདི་ལྟར་ནུས་ལྡན་གྱིས་ཟུང་དུ་སྤྲེལ་ཡོད། འོན་ཀྱང་སྔོན་ཆད་བོད་ལ་ཇ་སྐྱེས་ཀྱི་མེད་པ་དང་། ཇ་ཚང་མེས་རྒྱལ་ནང་ས་ནས་དབོར་གྱིན་ཡོད། ཇ་ནི་དུས་གཙང་ཙམ་ཞིག་དང་། མི་གང་འདྲ་ཞིག་གིས་བོད་དུ་ནང་འདྲེན་བྱས་པ་ཡིན་ནམ་ཞེ་ན། བོད་ཡིག་གི་གནའ་བའི་ལོ་རྒྱུས《ཡིག་ཚང་མཁས་པ་བགས་བྱེད》ཀྱི་ནང་ལྷ་སྒྲུང་དང་འདྲ་བའི་ལོ་རྒྱུས་འདི་འདྲ་ཞིག་བཀོད་ཡོད་པ་སྟེ།
“དུས་ནམ་ཞིག རྒྱལ་པོ་སྙུང་དྲག་པོ་ཞིག་གིས་ཐེབས་པའི་དུས་བོད་ན་སྨན་དཔྱད་གཞུང་བཞིན་དུ་ཤེས་པ་ནི་མེད། ཟས་དང་སྤྱོད་ལམ་རིག་བཟོ་ལ་བརྟེན་པ་ཙམ་ཡོད་པས། སྐུ་ངལ་གསོས་ནས་བཞུགས་ཡོད་པའི་སྐབས་སུ། ཕོ་བྲང་གི་པུ་ཤུའི་ཟུར་ན། བྱ་ཡིད་དུ་འོང་བ་སྔར་མཐོང་མ་མྱོང་བ་ཞིག་གི་ཁ་ན་ཤིང་ཕྲན་ལོ་འདབ་དང་བཅས་པ་ཉུང་ཤས་ཤིག་ཁྱེར་ནས། སྐད་སྙན་སྒྲོག་གི་འདུག་པ་གཟིགས་ནའང་བཙན་པོས་ཐུགས་སྣང་ཆེར་མ་མཛད། སང་གནངས་འང་ཉི་ཤར་གྱི་མཚམས་སུ་དེ་བཞིན་བྱེད་ཀྱིན་འདུག་པས། བཙན་པོསི་ཐུགས་ལའང་ཐེ་ཚོམ་སྐྱེས་ཏེ་ཤིང་ལོ་དེ་ལ་ཞིབ་ཏུ་གཟིགས་པ་ན། སྔར་མེད་པའི་ཤིག་འདུག་ཅིང་ཤིང་ལོའི་རྩེ་མོ་ཞལ་དུ་བཞེས་ནས་བྲོ་བ་མྱང་པ་ན། ཞལ་སྐྱེམས་པ་གསོས་ཤིང་། བཏུང་བའི་མཆོག་ཏུ་གྱུར་པ་མངོན་ནས་བཀའ་བསྩལ་ནས་ཤིང་འཚོལ་བར་བཏང་བ་དང་། མཐར་རྒྱ་ཡུལ་གྱི་ཤིང་ནགས་སྟུག་པོའི་ཁྲོད་ནས་ཤིང་དེ་རྙེད་པ་དང་། ཁུར་པོ་གཅིག་བརྔས་ནས་རྒྱལ་པོར་ཕུལ་བ་དང་། རྒྱལ་པོ་དགྱེས་ཤིང་སྙིང་གལི་གསོ་བ་ལ་ཡང་ཕན་འབྲས་ཆེན་པོ་ཐོན་པར་གྱུར།”དེས་ན་དེ་ལུས་བདེ་ཕན་སྲུང་ལ་ཕན་པ་ཞིག་ཏུ་བརྩིས་ཤིང་། དེ་ནི་ཇ་ཡིན། ཚང་མས་ཤེས་གསལ་ལ་བོད་རིགས་ནི་ས་མཐོ་གང་ངར་ཆེ་བ་དང་། གསོ་རླུང་མི་འདང་བ། སྐམ་ཤས་ཆེ་བའི་ཁུལ་དུ་འཚོ་སྡོད་བྱེད་ཀྱི་ཡོད་པ་ད་ང། ཁོ་ཚོའི་བཟའ་ཆ་ནི་གཙོ་བོ་རྩམ་པ་དང་། ནོར་ལུག་གི་ཤ་ཡིན་ཞིང་། སྔོ་ཚོད་དང་ཇ་ཡི་རིགས་ཆད་ཡོད། འཚོ་བཅུད་རིག་པའི་ངོས་ནས་བཤད་པ་ཡིན་ན། ཁོ་ཚོའི་བཟའ་ཆའི་སྒྲིག་གཞི་དེ་ནི་ཆ་མི་ཚང་བ་ཞིག་ཡིན་ཞིང་། ཇའི་ནང་དུ་ཝེ་ཏ་མན་ཕུན་སུམ་ཚོགས་པོ་ཡོད་པའི་རྐྱེན་གྱིས་མིའི་ལུས་ཁམས་ལ་ཕན་པ་ཆེ་བ་དང་། ཚ་བ་སེལ་བ་དང་། དུག་སེལ་བ་ལ་སོགས་པའི་ཕན་པ་ཡོད་ཅིང་། དེས་ཁོ་ཚོའི་ལུས་པོའི་ཐོག་མི་འདང་བའི་རྒྱུ་ཆ་ཁ་སྐོང་ཐུབ་ཀྱི་ཡོད་པ་རེད། དེས་ན་བོད་རིགས་ཀྱིས་ཇ་ལ་བཟུང་བའི་ངོས་འཛིན་ཡང་ཐོག་མ་སྨན་བཅོས་བདེ་སྲུང་གི་ནུས་པའི་ཐོག་ནས་བྱུང་བ་དེ་ཡང་ཧ་ཅང་རང་བྱུང་ཞིག་ཡིན།
གལ་ཏེ་འདུས་སྲོང་གིས་སྨན་གྱི་ཚབ་ཏུ་ཇ་ནང་འདྲེན་བྱས་པ་ཡིན། ཇ་དེ་བོད་དུ་མི་ཚང་མས་དགའ་པོ་བྱེད་པའི་འཐུང་བྱར་ག་དུས་གྱུར་པ་ཡིན་ནམ།
ཐང་བོད་བར་གྱི་འབྲེལ་བ་རིམ་བཞིན་མང་དུ་འགྲོ་བ་དང་། ལྷག་པར་དུ་ནང་སའི་གྲྭ་པ་མང་པོ་ཐུ་བོད་ཆོས་བཤད་པར་འགྲོ་བ་དང་ཡང་ན་ཐུ་བོད་བརྒྱུད་ནས་རྒྱ་གར་ལ་ཆོས་སྦྱོང་བར་འགྲོ་བ་དང་བསྟུན་ནས་གོམས་སྲོལ་དེ་རིམ་བཞིན་བོད་ལ་དར་བ་ཡིན་པ་རེད། དུས་རབས་དགུ་བའི་དུས་འགོར་རལ་པ་ཅན་གྱིས“གྲྭ་བ་མི་རེར་ཐེམ་དུད་བདུན”གནང་བའི་རྗེས། བོད་ཀྱི་གྲྭ་པ་རྣམས་ཐོན་སྐྱེད་ངལ་རྩོལ་བྱེད་མི་དགོས་པ་བྱུང་བ་དང་། ཉིན་རེར་དུས་ཚོད་རིང་པོར་དཔེ་ཆ་ཀློག་ནས་སྡོད་པའི་བོད་ཀྱི་གྲྭ་པ་རྣམས་ཀྱི་ངོས་ནས་བཤད་ན། རྒྱའི་གྲྭ་པའི་ཇ་འཐུང་བའི་གོམས་སྲོལ་དེ་མིག་དཔེ་བལྟ་བའི་རིན་ཐང་དང་ལྡན་པ་ཞིག་ཏུ་གྱུར་པ་དང་། དེས“གཉིད་ལས་སངས་པ་དང་། རྙོག་དྲ་མེད་པ་དང་སྐོམ་པ་སེལ་བ”བཅས་ཀྱི་ལུས་ཁམས་ཐད་ཀྱི་ནུས་པ་ཐོན་ཐུབ་པ་ཙམ་མ་ཟད། གྲྭ་པའི་ཁེར་རྐྱང་གི་འཚོ་བར་སེམས་ཁམས་ཀྱི་སེམས་གསོ་ཞིག་ཀྱང་ཡིན། དེ