གཉའ་བཙུག
བོད་ཡུལ་གྱི་ཞིང་ཁུལ་དུ་ཞིང་པ་ཚོས་ཞིང་རྨོ་སྐབས་གཉའ་ཤིང་ཐོག་དར་ལྕོག་དང་། རྔ་མ་དམར་པོ་སོགས་ཀྱི་རྒྱན་ཆ་སྒྲོལ་སྲོལ་ཡོད་པ་དེ་ཡང་རང་རེའི་གནའ་སྒྲུང་ལས། དུས་ནམ་ཞིག་གི་ཚེ་ན། ཐོང་རྒན་ཞིག་དང་རྨོན་གཡག་དོར་གཅིག་ཞིང་རྨོ་བཞིན་པའི་ཚེ། ལུང་བའི་ཕུ་ནས་ཁྲི་གདུགས་ཉི་མའི་འོད་ཟེར་ཡང་སྒྲིབ་པར་བྱེད་ལ་གཤོག་སྒྲོ་འགུལ་ཐེངས་རེར་ལུང་པ་ཡང་གཡོ་བར་བྱེད་པའི་བྱ་ཞིག་འཕུར་ཡོང་སྟེ། གང་གི་སྡེར་མོས་རྨོན་འདབས་ཀྱི་ལས་ལ་ཞུགས་བཞིན་པའི་ཐོང་རྒན་དང་། རྨོན་གཡག ཐོང་གཤོལ་བཅས་གནམ་དགུང་དུ་བཀྱག་ནས་གང་སོང་ཆ་མེད་ཀྱི་སར་ཁྱེར། ཡང་ཉིན་ཞིག་ལུང་པ་དེའི་གཡོན་ངོས་སུ་མཆིས་པའི་ཁྱིམ་ཚང་དེའི་བུ་རྒན་པས་ཞིང་རྨོ་བར་སོང་བ་དང་སྦྲགས་གཡས་ན་ཡོད་པའི་ཁྱི་ཚང་དེའི་ཕ་བུ་གཉིས་ཀྱང་ཞིང་རྨོ་བར་ཐོན། ཉིན་དེར་ཚ་དུབ་་ཆེ་བས་གཡོན་ན་ཡོད་པའི་ཁྱིམ་ཚང་དེའི་བུ་ཡིས་རང་གི་ཕྱི་པ་དམར་པོ་དེ་ཕུད་དེ་རྨོན་གཡག་གི་རྒལ་བར་བཀལ་བཞག་པ་རེད། དེའི་ཚེ་སྔར་ལྟར་འདབ་ཆགས་དེ་སླེབས་ཡོང་ཡང་སྔ་མ་དང་ཅུང་མི་འདྲ་བར་རྨོན་གཡག་ལ་ཕྱི་པ་དམར་པོ་བཀལ་ཡོད་པ་མཐོང་སྟབས། དེར་ཞེད་ནས་ཁྲིད་ལ་ཡོང་མ་ནུས་པར་གཞོགས་གཡས་ཀྱི་ཐོང་རྒན་ཕ་བུ་རྨོན་གཡག་དང་བཅས་པ་ནམ་མཁར་ཀྱག་ནས་ཁྱེར་སོང་བ་རེད། དེའི་ཚེ་ཐོང་རྒན་གཞན་དེས་སྐད་སྒྲ་དང་བཅས་པར་ཕྱི་པ་དམར་པོ་དེ་ནམ་མཁའི་ཕྱོགས་སུ་འཕྱར་འཕྱར་བྱས་པས་ཽང་རྒན་ཕ་བུ་གཉིས་སྡེར་ཆགས་དེའི་སྦོ་འོག་ནས་གློད་པ་རེད། ཕ་བུ་གཉིས་ཀྱིས་གྲོང་པས་ཕྱི་པ་དམར་པོ་མ་འཕྱར་ན། ང་ཕ་བུ་གཉིས་གསོན་པོར་གནས་ཐུབ་མ་སོང་བས་ཁྱེད་བཀའ་དྲིན་ཆེ་ཞེས་ཞུས་པ་རེད། དེ་ནས་བཟུང་མི་ཚོས་ཚོས་གཞི་དམར་པོར། འདབ་ཆགས་ངན་པ་འགོག་པིའ་ནུས་མཐུ་ཡོད་པ་ཤེས་ཚོར་བྱུང་ནས། སོ་སོའི་རྨོན་གཡག་ཐོག་ཚོས་གཞི་དམར་པོའི་ཅ་དངོས་སྒྲོག་པའི་སྲོལ་ཞིག་དར་ནས་རིམ་པས་མི་ཚོས་ཚོས་གཞི་དམར་པོའི་ཅ་དངོས་སྒྲོག་སྲོལ་དེ། རྒྱན་ཆའི་དྭངས་དོད་དུ་བསྒྱུར་ཏེ་རྨོན་གཡག་གི་གཉའ་ཤིང་ཐོག་དར་ལྕོག་དང། རྔ་་དམར་པོ་སོགས་ཀྱི་རྒྱན་ཆ་འདྲ་མིན་འདོགས་སྲོལ་ཞིག་ཆགས་པ་རེད། ཅེས་བཤད་སྲོལ་ཡོད།