གཟིག་ལྤགས་ཀྱི་མཐའ་རྒྱན།
བོད་མིས་གཟིག་དང་སྟག་གི་པགས་པ་ཕྱི་བའི་གོང་བར་གཏོང་བ་དེ་ནི་གང་བྱུང་དུ་དྲན་པའི་མཛེས་རྒྱན་ཙམ་མིན་པར། དེར་ཐོག་མར་བྱུང་བའི་ལོ་རྒྱུས་དང་རང་རང་གི་དགོས་པ་ངེས་གཏན་ཞིག་ཡོད། དེ་ཡང་ཐོག་མར་བཙན་པོའི་སྐུ་དུས་སུ་གཡུལ་ལས་རྒྱལ་པའི་དཔའ་རྟགས་ཀྱི་ཕྱག་རྒྱར་སྟག་སློག་དང། སྡར་མའི་རྐྱེན་ཏུ་ཝ་ཞུ་གནང་སྲོལ་ཡོད་པར་གཞིགས་ན། དེ་ནི་གནའ་དུས་བོད་པའི་ཐོབ་ཐང་དང་གོ་གནས་མཚོན་བྱེད་ཀྱི་དངོས་པོ་ཁྱད་པར་ཅན་ཞིག་ཡིན། དེ་ནས་སྲིད་དང་སྤྱི་ཚོགས་ཀྱི་འཕོ་འགྱུར་དང་བསྟུན་ནས་རིམ་པས་དམངས་ཁྲོད་ཀྱི་མཛེས་རྒྱན་ལྟ་བུར་གྱུར་རུང་། གོང་བ་དང་མཐའ་རྒྱན་སྟག་གཟིག་གི་པགས་པ་ལས་གྲུབ་པའི་ཕྱི་བ་དག་ནི་སྔར་བཞིན་ཕྱི་བ་ཀུན་གྱི་མཆོག་ཏུ་བརྩི་སྲོལ་ཡོད།
རང་རེའི་དགྲ་ལྷ་ཟོ་དོར་ལྟ་བུའི་སྐུ་འདྲ་དག་གི་ལུས་ལ་སྒྲོན་པའི་སྟག་ལྤགས་དག་ནི་ཆོས་གཞུང་དུ་སྟོང་ཉིད་རྟོགས་པའི་མཚོན་རྟགས་སུ་གསུང་རུང་། དོན་དམ་དུ་གནའ་དུས་བོད་པ་ཚོས་དཔའ་རྟགས་སུ་བཀུར་བའི་སྲོལ་དེ་དང་འབྲེལ་བ་ངེས་ཅན་ཞིག་ཡོད་ངེས་ལགས།