༄༅།།བུ་མོའི་སྐྲ་སྟོན།
རྩོམ་པ་པོ།:མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-03-17
ཀློག་གྲངས།:
བུ་མོའི་སྐྲ་སྟོན(བག་སྟོན་ཡང་ཟེར)ནི་མཚོ་ལྷོ་ས་ཁུལ་དུ་དར་ཁྱབ་ཆེ་ཞིང་ལྷག་པར་ཏུ་ཁྲི་ཀའི་ཡུལ་དུ་དར་ཆེ་བའི་བུ་མོ་ནར་སོན་པ་མཚོན་པའི་མཛད་སྒོ་ཞིག་ཡིན། མཛད་སྒོ་འདི་ཆ་རྐྱེན་དང་བརྒྱུད་རིམ། ལམ་སྲོལ་ངེས་ཅན་ཞིག་གི་སྒོ་ནས་སྤེལ་བཞིན་མཆིས། ཐོག་མར་བུ་མོ་ལོ9ནས19སོན་པའི་བར་གྱི་ཡ་གྲངས་ཀྱི་ལོ་ཞིག་འདེམས་ནས་བག་སྟོན་བྱེད་ལ། ཞོར་དུ་མོ་རྩིས་ལུང་བསྟན་ཞུས་ཏེ་ཉིན་བཟང་སྐར་བཟང་ཞིག་གཏན་འཁེལ་བྱེད་དགོས། དེ་དང་བསྟུན་ནས་གྲྭ་བཙུན་གདན་འདྲེན་བྱསཏེ་བུ་མོར་བཀྲ་ཤིས་ཁ་གཡང་དང་དོན་འགྲུབ་སྨོན་ལམ་གྱི་ཆོ་ག་ཉིན1ནས7བར་བསྒྲུབ་པ་རེད།
བུ་མོའི་སྐྲ་སྟོན་ནི་མཛད་སྒོ་འདི་བརྒྱུད་རིམ་བཞི་རུ་དབྱེ་སྟེ། དང་པོ་སྐྲ་ཀླས་པའི་བརྒྱུད་རིམ། གཉིས་པ་བཀྲ་ཤིས་སྨོན་འདུན་ཞུ་བའི་བརྒྱུད་རིམ། ཉིན་དེའི་ཐོ་རེངས་ཁར་བུ་མོ་གདན་དཀར་སྟེང་བསྡད་ནས་བླ་མའམ་གྲྭ་བཙུན་ཚོགས་ཀྱིས་བཀྲ་ཤིས་སྨོན་འདུན་གྱི་གཡང་འབོད་ལ་ཞུགས་ཤིང་རང་ཉིད་ཀྱིས་ཀྱང་ལྷ་དཀོན་མཆོག་ལ་མཆོད་ཕྱག་འབུལ་དགོས། གསུམ་པ་བག་མ་འཕྲོག་པའི་བརྒྱུད་རིམ། འདི་ནི་རྩེད་མཚར་རིགས་གཙོ་ཤས་ཡིན། བག་མའི་ཨ་ཕ་གཙོས་སྐྱེས་པ་ཚོས་བུ་མོ་འཕྲོག་པ་དང་བུད་མེད་རྣམས་ཀྱི་བཀག་འགོག་བྱེད་ཚུལ་སོགས་རྩེད་མཚར་སྣ་ཚོགས་སྤེལ་བར་ཆ་རྩེད་ཡང་ཟེར། མཐར་བག་མ་བུད་མེད་རྣམས་དང་མཉམ་དུ་སྙན་པའི་གླུ་གཞས་ལེན་བཞིན་རང་ཁྱིམ་དུ་ལོག བཞི་བ་མགྲོན་བསུ་བརྒྱུད་རིམ། སྐྲ་སྟོན་གྱི་མགྲོན་པོ་གཙོ་བོ་ཨ་ཞང་ཚང་ཡིན། གཉེན་ཚང་གིས་མགྲོན་བསུའི་ཆོ་ག་མང་པོ་ཞིག་བརྒྱུད་དེ་ཨ་ཞང་ཚང་ཁྱིམ་དུ་གདན་འདྲེན་བྱེད་པ་དང་ཇ་ཆང་དང་གླུ་གར་གྱིས་མགྲོན་པོ་བསུ་ཞོར་སྲོལ་རྒྱུན་གྱི་ཆོ་གའང་མང་པོ་ཞིག་སྤེལ་རྒྱུ་ཡོད།
དུས་ཀྱི་འགྱུར་བ་དང་བསྟུན་བོད་ཀྱི་གཉེན་སྟོན་དང་བག་སྟོན་གྱི་གོམས་སྲོལ་ཀྱང་ཉམས་བཞིན་ཡོད་ལ། གསོན་ཉམས་ལྡན་པའི་མཚོ་ལྷོ་ས་ཁུལ་གྱི་སྲོལ་རྒྱུན་སྐྲ་སྟོན་མཛད་སྒོའི་རྣམ་པའང་རིམ་བཞིན་ཉམས་མས་སུ་འགྲོ་བཞིན་ཡོད་པས་སྲོལ་རྒྱུན་གྱི་རིག་གནས་འདི་མྱུར་སྐྱོབ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་འཁུམས།

འབྲེལ་ཡོད་འོས་སྦྱོར།