༄༅།།བོད་ཀྱི་དམངས་སྲོལ་རིག་གནས་ལས་སྐག་གི་འཛེམས་བྱའི་སྐོར།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2020-05-09
ཀློག་གྲངས།:
སྐག་གི་ཐོག་ལ་འཛེམས་བྱ་གང་ཡིན་གླེང་སྐབས་དང་པོ་རང་སྐག་རྩུབ་པའི་འཛེམས་བྱ། བརྩི་བྱའི་རང་སྐག་རྩུབ་པའི་འཛེམས་བྱ་ནི་སྐྱེ་བོ་ཕོ་མོའི་ལོ་རྟགས་གང་རུང་ཞིག་གི་སྟེང་དུ་གནམ་ལོའི་ལོ་རྟགས་ཀྱང་བརྩི་བྱའི་ལོ་རྟགས་དང་གཅིག་ཏུ་མཐུན་ན། དེ་ལ་རང་སྐག་རྩུབ་པའི་འཛེམས་བྱ་ཞེས་གྲགས་ཀྱི་ཡོད། དཔེར་ན། གནམ་ལོ་བྱི་ལོ་ཤར་བའི་སྐབས་སུ་བརྩི་བྱ་ཕོ་མོ་ལོ་རྟགས། མེ་བྱི་ལོ་བ། ས་བྱི་ལོ་བ། ལྕགས་ཀྱི་ལོ་བ། ཆུ་བྱི་ལོ་བ་བཅས་འཛེམས་བྱ་དང་། གནམ་ལོ་སྟག་ལོ་ཤར་བའི་སྐབས་སུ་བརྩི་བྱ་ལོ་རྟགས། ཤིང་སྟག་ལོ་བ། མེ་སྟག་ལོ་བ། ས་སྟག་ལོ་བ། ལྕགས་སྟག་ལོ་བ། ཆུ་སྟག་ལོ་བ་བཅས་འཛེམས་བྱ་དང་། གནམ་ལོ་ཡོས་ལོ་ཤར་བའི་སྐབས་སུ་བརྩི་བྱ་མེ་ཡོས་ལོ་བ་དང་། ཤིང་ཡོས་ལོ་བ། ས་ཡོས་ལོ་བ། ལྕགས་ཡོས་ལོ་བ། ཆུ་ཡོས་ལོ་བ་བཅས་ཀྱི་འཛེམས་བྱ། གནམ་ལོ་འབྲུག་ལོ་ཤར་བའི་སྐབས་སུ་བརྩི་བྱ་ཤིང་འབྲུག་ལོ་བ་དང་། མེ་འབྲུག་ལོ་བ། ས་འབྲུག་ལོ་བ། ལྕགས་འབྲུག་ལོ་བ་བཅས་ཀྱི་འཛེམས་བྱ་དང་། གནམ་ལོ་སྦྲུལ་ལོ་ཤར་བའི་སྐབས་སུ་བརྩི་བྱ་ཤིང་ལོ་བ་དང་། མེ་སྦྲུལ་ལོ་བ། ས་སྦྲུལ་ལོ་བ། ལྕགས་སྦྲུལ་ལོ་བ། ཆུ་སྦྲུལ་ལོ་བ་བཅས་ཀྱི་འཛེམས་བྱ། གནམ་ལོ་རྟ་ལོ་ཤར་བའི་སྐབས་སུ་བརྩི་བྱ་ལོ་རྟགས་ཤིང་རྟ་ལོ་བ། མེ་རྟ་ལོ་བ། ས་རྟ་ལོ་བ། ལྕགས་རྟ་ལོ་བ། ཆུ་རྟ་ལོ་བ་བཅས་ཀྱི་འཛེམས་བྱ། གནམ་ལོ་ལུག་ལོ་ཤར་སྐབས་སུ་བརྩི་བྱ་ལོ་རྟགས་ཤིང་ལུག་ལོ་བ། མེ་ལུག་ལོ་བ། ས་ལུག་ལོ་བ། ལྕགས་ལུག་ལོ་བ། ཆུ་ལུག་ལོ་བ་བཅས་ཀྱི་འཛེམས་བྱ། གནམ་ལོ་སྤྲེལ་ལོ་ཤར་བའི་སྐབས་སུ་བརྩི་བྱ་ལོ་རྟགས་ཤིང་སྤྲེལ་ལོ་བ། མེ་སྤྲེལ་ལོ་བ། ས་སྤྲེལ་ལོ་བ། ལྕགས་སྤྲེལ་ལོ་བ། ཆུ་སྤྲེལ་ལོ་བ་བཅས་ཀྱི་འཛེམས་བྱ། གནམ་ལོ་བྱ་ལོ་ཤར་བའི་སྐབས་སུ་བརྩི་བྱ་ཤིང་བྱ་ལོ་བ་དང་། མེ་བྱ་ལོ་བ། ས་བྱ་ལོ་བ། ལྕགས་བྱ་ལོ་བ། ཆུ་བྱ་ལོ་བ་བཅས་ཀྱི་འཛེམས་བྱ། གནམ་ལོ་ཁྱི་ལོ་ཤར་བའི་སྐབས་སུ་བརྩི་བྱ་ཤིང་ཁྱི་ལོ་བ། མེ་ཁྱི་ལོ་བ། ས་ཁྱི་ལོ་བ། ལྕགས་ཁྱི་ལོ་བ། ཆུ་ཁྱི་ལོ་བ་བཅས་ཀྱི་འཛེམས་བྱ། གནམ་ལོ་ཕག་ལོ་ཤར་བའི་སྐབས་སུ་བརྩི་བྱ་ཤིང་ཕག་ལོ་བ་དང་། མེ་ཕག་ལོ་བ། ས་ཕག་ལོ་བ། ལྕགས་ཕག་ལོ་བ། ཆུ་ཕག་ལོ་བ་བཅས་ཀྱི་འཛེམས་བྱ་སོགས་ལྟ་བུའོ། བརྩི་བྱ་ཕོ་མོ་གང་ཡིན་རུང་གོང་གསལ་གྱི་རང་སྐག་རྩུབ་པའི་འཛེམས་བྱའི་ཐོག་ཏུ་སླེབས་སྐབས། ས་བརྐོ་རྡོ་སློག་སྟེ་ཁང་པ་གསར་རྒྱག་དང་། ཁང་པ་ཉམས་བཟོ་སོགས་དང་། གཞན་ཡང་ཉེ་དགའི་ནད་གཞི་ལྗི་བའི་ནད་པའི་འགྲམ་དུ་བསྐྱོད་རྒྱུར་འཛེམས་པ་སོགས་ཀྱི་རང་སྐག་རྩུབ་པའི་འཛེམས་བྱའོ།།
འབྲེལ་ཡོད་འོས་སྦྱོར།