logo

ནག་ཚང་སྟོད་ཕྱོགས་ཀྱི་ངལ་རྩོལ་གླུ་གཞས་ཁག་ཅིག

རྩོམ་པ་པོ།:ཡེ་ཤེས་སྙིང་པོ། ཡོང་ཁུངས།:མཚོ་སྔོན་པོ་དྲྭ་བ། དུས་ཚོད།:2022-01-19 ཀློག་གྲངས།:
                    འོམ་པོ་ཁུལ་གྱི་བཙས་མ་རྔ་གླུ།
 
རྒྱ་ཟོར་བསོད་ནམས་འབྲུག་རྒྱས།      ནག་པོའི་ས་རག་བཞུར་ཤོག
རྒྱ་ཟོར་བརྒྱབ་པའི་རྗེས་ལ།            ལག་པའི་ཐོག་དགོས་མ་གཏོང་།
ཨོ་ལོའི་སྦར་ཆག་དང་པོ།             སྟེང་ཕྱོགས་ལྷ་ལ་འཕུལ་ཅིག  
རྒྱ་ཟོར་ཡུ་བ་འགུལ་བྱུང་།             ལ་ཆ་ཉི་མའི་དྲོས་འདུག
ཀྲང་ཀྲང་སོ་བ་མ་བཞོག              རྒྱ་ལམ་འགྲུལ་པས་འཆའ་བ།
བཙས་མ་ཨེ་ཤེས་མི་ཤེས།           ཕུབ་བུའི་འཇོག་བཟོར་ལྟོས་དང་།
འབྲོག་པའི་བཙས་མ་མི་ཤེས།        ཉྭ་གཞུ་མདའ་ལས་འདྲོངས་བྱུང་།
ཞང་ཞུང་བཙས་མ་རྒྱག་དུས།         ལྷོ་རོང་ཡུར་མའི་སྒང་རེད།
ནམ་ཟླ་ཡོལ་བའི་སྤྲིན་པ།            རི་ཟུར་འགྲིམ་ནས་ཐག་སོང་།
ཀྲང་ཀྲང་སེམས་པའི་ལང་ཞོར།        གོག་རོགས་ལ་མོ་རྒྱབ་སོང་།
ཞིང་ལ་སྐྱེས་པའི་ལོ་ཏོག             ལྷོ་རོང་སྨྱུག་མ་འདྲ་བྱུང་།
ཤེས་པ་ལག་རོགས་ཅན་གྱིས།        མ་ཤེས་སློབ་རོགས་གནང་དང་།
ལག་རོགས་བཟང་པོ་བ་ཞིག         ངན་པ་སྐྱོང་རོགས་གནང་དང་།
བདག་རེའི་སྔུན་ལ་བཞེངས་པའི།     མེན་ཐང་མདའ་ལས་འདྲོངས་བྱུང་།
གཅེས་ཕྲུག་རང་དང་མ་མྱོང་།         གཡུ་རྣ་ལེགས་པོ་བཏགས་ཡོད་།
ལག་རོགས་ངན་པ་ཞིག་གིས།       ཨོག་པོའི་ཟུར་འགྲོས་བཏང་བྱུང་།
རྒྱ་ཟོར་བསོད་ནམས་འབྲུག་དབྱིབས། སོག་མ་འུབ་ཀྱིས་བསྡུས་བྱུང་།
སོག་མ་མ་བུ་གསུམ་གྱི།           འདོག་ཁྱི་འདོག་ལས་བཏང་བྱུང་།
བཙན་མ་ལག་པས་བརྔ་བར།        མགོ་བོ་གཡུག་དགོས་མི་འདུག
མཁའ་སྟོད་ཐོ་རེངས་སྐར་ཆེན།       འབྲས་བུ་འབྱོར་ས་ཡོད་དོ།
སྐར་མ་དབྱུག་པ་ཤར་སོང་།          དབྱུག་ཟོར་གཏོང་དགོས་མ་རམ།
དབུས་ཀྱི་རི་རྒྱལ་ལྷུན་པོ།           མ་འགྱུར་བརྟན་པོར་བཞུགས་དང་།
ཉི་མ་ཟླ་བའི་འཁོར་ཕྱོགས།          ནོར་ཡོང་བསམ་པ་མི་འདུག
ཕ་ཡུལ་གཡང་ཆགས་རི་འདི།       མཐོ་རེངས་སྨུག་པའི་སྒྲོམ་ཁོར།
ལས་ལ་དཀའ་རྒྱུ་མི་འདུག         བསམ་བློའི་གཏོང་ཕྱོགས་རེད་དོ།  
ཀྲང་ཀྲང་ཀྲང་གི་ངང་ནས།           གོག་རོགས་ལ་མོ་རྒྱབ་སོང་།
ཤ་བ་རི་ལ་འདུག་གོ               རྭ་བཅུ་མིག་གི་ལྟ་མོ།
ཞིང་ཆུང་དབྱེར་པའི་ཁ་ནས།         ལོ་ལེགས་བཙས་མ་རྔ་ཡོད། 
ཞིང་ལ་ཉལ་ཕྱོགས་མི་འདུག        ཁྱི་རྒན་ཉལ་ཉལ་རེད་བཞག
ཐུབ་བུ་རྡོ་རྗེ་རྒྱ་ཊམ།               སྟེང་ཕྱོགས་ལྷ་ལ་འཕུལ་ཡོད།
ཕུབ་བུ་རྒྱ་ཊ་རྡོ་རྗེ།                 ལྕོག་ལ་ལྕོག་བཟོ་མི་འདུག
བཙས་མ་ཨེ་ཤེས་མི་ཤེས།         ཕུབ་བུའི་འཇོག་བཟོར་བལྟོས་དང་།
བོད་ཏ་བཙས་མའི་སྒང་ལ།          ཨ་འབྲོག་འབྲོག་པ་སྐྱིད་བྱུང།
འབྲོག་པའི་བཙས་མ་མི་ཤེས།       གྱིད་པ་མདའ་ལས་དྲང་འདུག
རྒྱ་ཟོར་ཐང་ལས་གྲམ་དུས།         སོག་མ་འུབ་ཀྱིས་དྲིལ་བྱུང།
སྒོ་དག་དགྲ་ལྷའི་རྒྱལ་པོ།          གོམ་གང་མདུན་དུ་སྤོས་དང།
སྐེད་པ་བརྒྱ་ནག་རྒྱལ་པོ།          རྒྱ་བྱ་བཞིན་དུ་གུར་ཤོག
སྐེད་པ་ཤ་ཡི་ཨ་ལོང་།             འགུག་པ་ཤིང་ལས་གྱོང་བྱུང།
བྲག་དང་ལྷག་པ་སྡེབས་ནས།      རྒོད་པོའི་གྲོ་ལ་ཟན་བྱུང།
སྐྲ་ལོ་རིང་མིན་ཐུང་མིན།           ཁྲ་ཆུང་མིག་ལ་ཟན་བྱུང།
ཐར་རོ་ཐར་རོ།                   
སད་དང་སེར་བའི་ཁ་ནས་ཐར་རོ།   འབུ་དང་གྲོག་མོའི་ཁ་ནས་ཐར་རོ།
འབྱུང་པོ་ལོ་ཉལ་གྱི་ཁ་ནས་ཐར་རོ། ཞིང་མོ་ཁྱོད་ལ་གནོད་པའི་དགྲ་བོ་ཀུན་རྒྱ་ཟོར་གོག་པོའི་འོག་ལ་མ་འདུས་མེད་དོ།
 
                    འོམ་པོ་ཁུལ་གྱི་འོང་གླུ།
 
ཕྲུ་མ་རྒྱ་ཕྲུའི་འོག་ནས།                རླུང་སང་སྒོ་མོ་ཕྱེ་ཤོག།
ལས་ཀའི་བླ་མ་ཀོན་མཆོག             ལས་རླུང་ཤུག་བ་གནང་རོགས།
རླུང་གི་རྟ་པ་དཀར་པོ།                 ལྷག་གིན་འདུར་གིན་རྒྱུགས་ཤོག 
ལྷ་ས་སྐྱིད་པའི་སྒང་ལ།                སྐྱིད་ཆུའི་གཡས་སྐོར་རྒྱབ་བྱུང།
ཕ་ཡུལ་སྐྱིད་པའི་སྒང་ལ།              ལོ་ལེགས་རྩ་བ་འཚུགས་སོང་།
རླུང་ལ་གར་རྒྱག་མི་འདུག            དར་ལྕོག་རང་འཚུགས་ཟིན་སོང་།
རླུང་གི་རྟ་པ་དཀར་པོ།                རླང་སེང་སྒོ་མོ་ཕྱེ་ཤོག
མཐོན་པོའི་མཆོད་ཁང་བརྩིགས་ཡོད།   སྙན་པོའི་རྒྱ་གླིང་ཀྱུར་ཡོད།
མཆེད་གྲོགས་ཐུགས་ལ་གང་ཡོད།     ཞལ་གསང་ཁྱོ་ནས་མ་གནང་།
ཕ་ཡུལ་གཡང་ཆགས་རི་ལ།          མཐོ་རེངས་སྨུག་པའི་སྒྲོམ་འགོ
འོང་སྟོད་ལྟད་མོ་ཆེ་བྱུང་།              འོང་གཤམ་འབྲུ་སྣ་འཛོམས་བྱུང་།
འོང་གི་སྐྱེད་པ་ཟིན་སོང་།              འོང་ཆང་སིལ་མ་ཁྱེར་ཤོག
མ་མཆོག་སྲིད་པ་རྒྱལ་མོ།           སྨུག་མོའི་འོང་ལ་གཟིགས་ཤིག
ཤར་རི་སྤང་སྤོས་ལོགས་ནས།        སྤང་སྤོས་ངད་པ་ཞིམ་བྱུང་།
རྫ་རི་ཤང་ཤང་མ་གསུངས།           འབྲོང་ཆུང་སེམས་ལ་ཟན་བྱུང།
ཆུ་མོ་ཆུ་རིས་ཤིག་ཤིག              རླུང་བུས་གཡུག་ཕྱོགས་རེད་དོ།
ཆུ་མོ་ཆེ་ཆུང་མ་རེད།                རབ་ཁ་བདེ་ལོད་འདུག་ག
བདག་དང་ཨ་ཁྱུང་གྲེས་པོ།          རྒས་ནས་གཞོན་དུ་གཞོན་དུ།
ཕྱྭ་འཁུག་ཤོག                     གཡང་འཁུག་ཤོག
ཕྱུག་པོ་ཆེན་པོ་གསུམ་གྱི་ཕྱུགས་གཡང་འཁུག་ཤོག
སོག་རྟ་མང་གི་རྟ་གཡང་འཁུག་ཤོག
ཅོ་རོ་ལུག་གི་ལུག་གཡང་འཁུག་ཤོག
སྔོན་མོ་འབྲུ་ཡི་འབྲུ་གཡང་འཁུག་ཤོག
འཛི་སེའི་འཛི་ལ་མ་ལྟ། ག་བའི་མདོངས་ལ་མ་ལྟ། འཕྱྭ་མ་འགྲོ། གཡང་མ་འགྲོ།
 
                    ནག་ཚང་སྟོད་ཕྱོགས་ཀྱི་བལ་གླུ།
 
རྣམ་རྒྱལ་ལུག་ལྷ་དཀར་ཆུང་ལགས།           ལུག་ལག་པ་མ་གཅོད་ཞལ་གྱི་བཞེས།
རྣམ་རྒྱལ་ལུག་ལྷ་དཀར་ཆུང་ཝེ།               ལུག་དང་ལག་པའི་བར་དུ་ལ།
དཔལ་དགྲ་ལྷའི་སྤྱན་མིག་མ་ཡེངས་གཟིགས།  མཚོན་སྲུང་དམ་པ་དགུ་སྒྲིལ་རྒྱོབ།
 
བྱ་ངང་མ་འདྲ་བའི་སྐེ་ཞིག་སྲིངས།   བན་ཆོས་བ་འདྲ་ལའི་སྒོམ་ཞིག་རྒྱོབ།
 
ཆོས་བ་འདྲ་བའི་སྒོམ་ཤིག་རྒྱོབ།     སྒོམ་རྒྱག་ས་དམར་གཡང་བྲག་ལ་བྱིས།
སྒོམ་བདག་ཚེ་དབང་རིག་འཛིན་ཡོད། བྱ་ངང་པ་འདྲ་བའི་སྐེ་ཤིག་བསྲིང་།
སྐེ་བདག་ཙུག་ན་རིན་ཆེན་ཡོད།
 
དབ་མགོ་རས་དཀར་ལྕོག་པོ་རེད།      རས་དཀར་པོའི་བཞི་ལྡབ་ལྷོག་གེ་ཡོད།
སྟག་ཤར་དཔུང་གྲལ་ཧྲག་ས་རེད།      ཕྱུགས་སེ་ལུའི་ཕར་འབུངས་བཟང་ས་རེད།
ཡུལ་འདི་ལ་ཉན་པོའི་ཕོ་རོམ་འདུག     གདོང་གཡག་སྦྲུལ་ཙམ་ཞིག་གྱིར་རེ་འདུག
རྭ་འདོམ་གང་གནམ་ལ་ཕྱར་རེ་འདུག   བལ་ཁྲུ་གང་ས་ལ་འཇོལ་ལེ་འདུག
ས་བཟང་གང་དུ་སྡད་ལེ་རེད།          བདག་བཟང་སུ་འདྲའི་འཚོས་ལེ་རེད།
 
ཁའི་ནང་དུ་ལུག་གུའི་སིལ་ཆུང་འདུག   རྒྱབ་ནི་ལ་ཐོང་ཚེར་གྱི་དགྲ་ལོ་འདུག
གོས་དགུན་གོས་ཕུད་ནས་དབྱར་གོས་གྱོན།
ཚི་དཀར་ནག་གཉིས་ལ་རྩོད་པ་ཡོད།    བལ་ཆེ་ཆུང་གཉིས་ལ་རྩོད་པ་མེད།
ཚི་དཀར་ནི་གུ་ཟིའི་སྐྱ་ཡངས་ནི།       མཛུབ་མོའི་རྩེ་ལ་ཤང་ངེ་འདུག
ཚི་དཀར་ཐུ་ལུ་གཞོག་གཞོག་རེད།    ཚི་ནག་གད་པ་ཆེད་ཆེད་རེད།
ཚི་དཀར་ནག་ལ་ཕོ་ལྷའི་དབྱེ་བ་ཆོད།
 
བརྡར་རྡོ་བརྡར་རྡོ་མ་ཟེར།             རྡར་རྡོ་རོགས་ལུའི་འདོགས་ས་རེད།
བརྡར་ཆུ་བརྡར་ཆུ་མ་ཟེར།             བརྡར་ཆུ་དགུང་གནམ་གཡོགས་ས་རེད།
རྩྭ་ཟ་རྒྱུ་རྩི་དཀར་རྩི་སྨུག་ཡིན།       ཆུ་འཐུང་རྒྱུ་གཡའ་ཆུ་གངས་ཆུ་ཡིན།
འགྲོ་རོགས་ལྷ་བྱ་གོང་མོ་ཡིན།       བྱ་གོང་མོའི་གསུང་སྐད་སྙན་ལེ་ཅིག
ནམ་སྔ་རོགས་ཡ་ཡུད་ཀུན་ལ་ཡོད།   དགོང་ཕྱི་དྲོ་ཡོད་ན་ཡོད་བདེན་རེད།
སྟག་ཤར་བ་དཔུང་སྒྲ་ཧྲག་ས་རེད།    ཕྱུགས་སེ་ལུ་བལ་འབོངས་བཟང་ས་རེད།
ཕྱེད་ཀ་གུ་རུམ་འདྲོགས་འདྲོགས་རེད།
 
ཉི་ལུང་མཐོན་པོའི་དབུ་རྩེ་ན།         གནམ་ཆུ་སྤྲིན་སྒོ་མོ་རོང་ངེ་འདུག
ངོ་ཤེས་ན་གཡང་མོའི་རྒྱབ་ཆར་རེད།  ངོ་མ་ཤེས་སྟག་ཤར་ཤ་ཆུ་རེད།
 
ང་བྱ་བོའི་སྔོན་མོ་རྩིབ་ཁྱེམ་ནི།     ཡར་འདེགས་ས་ཨ་སྔོན་གུང་ལ་རེད།
མར་བབས་ས་བལ་དཀར་སྟེང་ལ་རེད།
 
ལོ་གང་ཉལ་བའི་སྔོན་མོ་ནི།          ཟླ་རེ་རྒྱུག་པའི་ཁ་ཆད་ཡོད།
གྲི་ཁམ་གཡས་ལྔ་གཡོན་དྲུག་ཡིན།  ཞོགས་གཡས་གཡོན་བརྗེ་བོ་སློག་ཡོང་དུས།
བྱ་རྟ་དང་ཉི་རྩེ་བཏང་འདྲ་ཡོད།        མ་ཕམ་ཞལ་ཁ་ཕྱེ་འདྲ་ཡོད།   
 
བྱ་བོ་མི་རྒྱའི་མཐའ་མ་ཡིན།    བྱ་བོ་ཁ་རྒས་ལུག་གོག་རེད།
ཁ་རྒས་རྒྱུ་ཟེར་ལེ་ཡོད་ནའང་།  ལུས་གོག་རྒྱུ་ཟེར་བ་མེད་ན་ཨང།
 
བླ་ཟར་ལུག་པོའི་ཐོབ་ཐང་ཡིན།          བླ་ཟར་ཕུབ་ཙམ་མ་བཞག་ན།
བྱང་ད་རོག་གི་ངར་ར་ཤོག་དགོས་ཡོད།   ལྷོ་བོད་རོང་གི་མཁར་མགོ་འགྲིམ་དགོས་ཡོད།
ལུག་བལ་ཆེན་མྱལ་བ་ཚ་མྱལ་རེད།     བལ་མེད་ལེ་ཤྭ་བའི་སྐྱ་ཧྲང་ཡིན།
བལ་ཆེ་ན་ཆེ་ལ་དགའ་ཡི་ཡོད།          བལ་བོངས་ཆེ་བར་ལྟ་ཡི་ཡོད།
བལ་ཆུང་ན་ཆུང་གི་དགའ་ཡི་ཡོད།       ཁ་གྲངས་མང་བར་ལྟ་ཡི་ཡོད།    
                                                                                                                                                                       
ནམ་སྔོ་རོགས་ཤེད་ཆེན་དཔུང་གི་སྐུལ།  དགོང་ཕྱི་དྲོ་རྩུབ་ཤ་དར་གྱི་གཅོད།
གངས་སྤྲིན་འདྲ་བའི་དཀར་མོ་འདི།     ཁ་སང་གངས་སྤྲིན་རི་ལ་ཡོད།
དེ་རིང་གངས་སྤྲིན་གཞུང་ལ་འདུག
 
ཕྱུགས་སེ་ལུ་ཕོ་ཁྱུ་མོ་ཁྱུ་ཡོད།     ཁ་སང་ཕོ་ཁྱུའི་རྩེད་ཡ་ཡིན།
དེ་རིང་མོ་ཁྱུའི་རྩེད་ཡ་ཡིན།

སང་ད་ལོའི་མཇལ་འཛོམས་དེ་ག་གྱིས།  ནངས་བར་མཇལ་བའི་སྨོན་ལམ་ཡོད།
ཆེ་ཐོང་བའི་ཕོ་རོམ་གཡང་རེ་ཆགས།     ཆུང་ལུག་གུའི་ཞོ་ཉལ་ཉམས་རེ་དགའ།
དཔུང་ཡོད་ན་དཔུང་བ་ངོམ་ས་འདུག     དཔུང་མེད་ན་རང་དང་འདྲ་འདྲ་རེད།
 
གནམ་ལྕགས་འདི་ལ་མདངས་གཉིས་འདུག   མདངས་གཉིས་མི་ཚད་མདངས་གསུམ་འདུག
མདངས་འདོན་མཁན་དབྱར་ཟླ་སྤུན་གསུམ་རེད།
 
བྱ་བོ་ཁ་རྒས་ལུག་གོག་རེད།     ཁ་རྒས་རྒྱུ་དམར་ཡག་སྟག་ལའང་ཡོད།
ལུས་གོག་རྒྱུ་བྲེ་སེར་འབྲོང་ལའང་ཡོད།
 
རི་མིག་རི་ལ་གཅེར་རེ་འདུག           ཁག་མི་འདུག་སྤང་རྩྭ་དྲན་སོང་རེད།
སྐྱོན་མི་འདུག་བདག་པོའི་སྒོ་ལ་འདུག  ཡུན་རིན་པོ་བྱ་བོའི་འགོར་གྱི་མག
འགོར་སོང་ན་བྱ་བོ་མནའ་མེད་རེད།     སྐྱ་ཏོག་གེ་སྤང་དཀར་མགུལ་ལ་ཕེབས།
 
རྡར་རྡོ་གནམ་རྡོ་གོར་མོ་རེད།              བརྡར་ཆུ་གནམ་ཆུ་སིལ་མ་རེད།
གནམ་ལྕགས་སྔོན་མོ་མདངས་གཉིས་རེད། མདངས་རེ་རེ་སྟན་དུས་གནམ་ལྕགས་རེད།
མདངས་རེ་རེ་སྟན་དུས་འུ་ལུ་རེད།
བསྡུ་སྒྲིག་བྱེད་མཁན། ཡེ་ཤེས་སྙིང་པོ།
འབྲེལ་ཡོད་འོས་སྦྱོར།