བོད་ཀྱི་སྐར་རྩིས་རིགས་གཞུང་འཕེལ་ཚུལ།
རྩོམ་པ་པོ།:སྨོན་ཚེ་མགོན།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2014-05-18
ཀློག་གྲངས།:
བོད་ཀྱི་སྐར་རྩིས་རིག་པ་དི་ནི་ལོ་ངོ་སྟོང་ཕྲག་དུ་མའི་རིང་བོད་རིགས་ཞིང་འབྲོག་མང་ཚོགས་ཚོས་རང་བྱུང་ཁམས་ཀྱི་གནོད་ཚེ་དང་འཐབ་རྩོད་བྱས་ཏེ་ཐོབ་པའི་ཉམས་མྱོང་རྨང་གཞིར་བྱས་ཐོག ཤར་ཕྱོགས་ཙི་ནའི་ཡུལ་ནས་དར་བའི་གནམ་རིག་སྐར་རྩིས་ཤེས་བྱ། རྒྱ་གར་འཕགས་པའི་ཡུལ་ནས་དར་བའི་ཕྱི་དུས་རྩིས་ཀྱི་ཤེས་བྱ་སོགས་ཀྱི་སྙིང་བཅུད་བླངས་པ་མ་ཟད། བོད་རང་གི་སྔོན་བྱོན་རྩིས་ལ་མཁས་པ་རྣམས་ཀྱི་སྣོན་འཕྲི་གང་ལེགས་མཛད་དེ་གྲུབ་པའི་རིག་པ་ཞིག་རེད། ད་ལམ་ལོ་རྒྱུས་སྨྲ་བ་རེ་འགས་གནམ་རི་སྲོང་བཙན་སྐུ་དུས་སུ་རྒྱ་ནག་ནས་བོད་དུ་སྨན་དཔྱད་དང་རྩིས་དར་ཞེས་དང་། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་དུས་དང་དེའི་རྗེས་བོད་ལ་རྩིས་གཞུང་གི་མིང་དང་ལོ་པཎ་སུས་བརྒྱུར་བའི་སྐོར་བཀོད་པ་ལས་དེའི་སྔོན་བོད་དུ་གནམ་རིག་སྐར་རྩིས་མེད་པ་ལྟར་སྣང་བས་དེ་ལྟར་ནི་ག་ལ་ཡིན་ཏེ་གནམ་རིག་བརྟག་དཔྱད་རིག་པ་དེ་བོད་དུ་ཐོག་མར་དར་བའི་དུས་ཚོད་ནི་གཉའ་ཁྲི་བཙན་པོའི་གོང་ནས་ཡིན་པར་སེམས། དེའང་མིའི་རིགས་ཀྱི་ཐོག་མར་རྡོ་ཆས་དང་རུས་ཆས་བཀོལ་ཏེ་རི་དྭགས་རྒྱག་པ་དང་རྨོ་འདེབས་བྱེད་པ། དེ་ནས་འབྲི་གཡག་སོགས་སྒོ་ཕྱུགས་སུ་བརྟེན་པ་དང་ཕྱུགས་ཟོགས་བཀོལ་ཏེ་རྨོ་འདེབས་བྱེད། ལྷག་པར་དུ་མཉམ་རུབ་དང་ཕན་ཚུན་རོགས་འདེབས་ཀྱི་ཐོན་སྐྱེད་བྱེད་པའི་ནང་མི་ཚོས་ངལ་རྩོལ་བྱས་པའི་ཉིན་གྲངས་དེ་ཤིང་ལ་རི་མོ་བྲིས་པའམ་རྡོ་དང་ཤིང་གི་ཕྲེང་བ་བཟོས་ཏེ་བརྩིས་པ་སོགས་དར་ཁྱབ་བྱུང་བ་དང་ཐང་ཡིག་གསར་རྙིང་ལྟར་ན་སྐབས་དེར་བོད་ལ་ཡི་གེ་མེད་ཅིང་ཐག་པར་མདུད་པ་རྒྱག་པ་དང་ཤིང་ལ་རྟགས་བརྒྱབ་སྟེ་རྩིས་བྱེད་ཅེས་དང་མི་རྣམས་མོ་དང་རྩིས་ལ་དད་ཅེས་པ་སོགས་ལ་བརྟགས་ན་སྐབས་དེའི་སྤྱི་ཚོགས་ནང་མོ་རྩིས་དར་བཞིན་ཡོད་པ་མཚོན། དེ་མིན་མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་རྩྭ་རྩི་ཤིང་དང་སྲོག་ཆགས་སྣ་ཚོགས་ལ་བརྟགས་བྱས་ཏེ་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་དུ་མ་འཚོལ་སྡུད་བྱས་ཡོད། དཔེར་ན། ཞིང་ཁུལ་དུ་བྱེའུ་ཅོ་ཀའི་སྐད་འབྱིན་པ་དང་། པིང་ཀྱུར་སླེབས་དུས་སྔ་འདེབས་སྔ་མ་ཟིན་པ་དང་། བྱ་པུ་ཤུད་དོན་པ་དང་འཕྱིས་ཕིག་ལངས་དུས་བར་འདེབས་སྔ་མ་ཟིན། ལུག་རྫི་ཕོ་མོ་ཞེས་པའི་བྱིའུ་དེ་འབྱོར་དུས་བར་འདེབས་ཕྱི་མ་ཟིན་པ། བྱ་ཁུག་རྟ་སླེབས་དུས་ཕྱི་འདེབས་ཟིན་པ། ཁུ་བྱུག་སླེབས་དུས་དབྱར་མགོ་ཟིན་པས་ཞིང་ལུད་འདེབས་ཚར་བ་བྱེད་དགོས་པ་སོགས་དམངས་ཁྲོད་ཞིང་འབྲོག་རྒན་པོའི་མྱོང་རྩིས་དུས་བརྟག་གནམ་དཔྱད་ལག་བསྟར་བྱུང་། ཞིང་འབྲོག་རྒན་པོའི་གསུང་རྒྱུན་དང་བོན་གྱི་གནའ་བོའི་ཤོག་དྲིལ་ཁག་ནང་དགུན་ཉི་ལྡོག་གི་རྩིས་ལའང་ལུག་རྫིས་བྱ་བྱིའུ་ཡི་རྐང་རྗེས་གསལ་མིན་ལ་བལྟ་བ་དང་ཉ་པས་ཀོ་བའི་སྐྱ་བར་འཁྱགས་པའི་དུང་སྒོར་གྱོན་མིན་ལ་བརྟག་པ། བཤས་པས་སེམས་ཅན་གསོད་སྐབས་ཁོག་ལག་བཏང་ནས་སྙིང་རྩ་གཅོད་དུས་ལག་པར་ཁྲག་མང་ཉུང་འགོས་མིན་ལ་བརྟག་པ་ལ་སོགས་བཀོད་ཡོད་པས་སྐབས་དེ་དུས་ནས་གནའ་བོའི་རང་རེའི་མེས་པོས་དངོས་པོ་དང་གནམ་གཤིས་དབར་གྱི་འབྲེལ་བར་ཞིབ་འཇུག་བྱེད་ཀྱི་ཡོད་པ་གསལ་བཤད་བྱེད་ཀྱི་ཡོད་པ་གསལ་པོར་ཤེས་ཐུབ།
རྩིས་གཞུང་ལྟར་ན་བོད་རྗེ་ཡབ་ལྷག་དལ་དྲུག་གི་དུས་ཀོང་ཙེ་འཁྲུལ་གྱི་གཏོ་ཐབས་དང་རྩིས་ཐབས་དར་ཡོད་པ་རྣམས་ངག་སློབ་དང་ལག་རྩིས་རི་མོའི་ཐོག་ལ་བརྩི་སྲོལ་ཡོད་ཅེས་པ་དང་། བོད་ཀྱི་ལོ་རྒྱུས་དེབ་ཐེར་ནང་རྒྱལ་པོ་དེའི་སྐུ་དུས་སུ་བོན་ཤེས་པ་ཅན་བཅུ་གཉིས་བྱོན་ཞེས་པ་ལས་སྨན་དཔྱད་དང་མོ་ཙིས་ཀྱི་རིག་གནས་དར་ཡོད་པ་གསལ་བཤད་གནང་ཡོད་ལ་མོན་གྱི་ལོ་ཙཱ་བ་ཆེན་པོ་བཞི་བྱོན་པ་ཡང་གསུངས་པ་མ་ཟད། བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོའི་སྐུ་དུས་སུ་བོན་གྱི་ལོ་རྒྱུས་ལྟར་ན་ཞང་ཞུང་ནས་མཁས་པ་མང་པོ་གདན་དྲང་ཤིང་། བོད་དུ་བོན་གྱི་འདུ་གནས་ཆེན་པོ་བཞི་བཅུ་ཞི་ལྔ་བཙུགས་པ་བོན་གྱི་གསུང་རབ་མདོ་འབུམ་རྒྱུད་མཛོད་སོགས་པོ་ཏི་མང་པོ་བ་སྒྱུར་དིར་གཞིགས་ན་སྐབས་དི་དུས་ནས་བོད་ལ་བོན་གྱི་ཡི་གི་ཞིག་ཡོད་པ་འདྲ་སྙམ། བོད་རྒྱལ་བརྒྱད་པ་གྲི་གུམ་བཙན་པོའི་སྐུ་དུས་སུ་ཡར་ཀླུང་ཁུལ་དུ་རྒན་མོ་བལ་མའི་ཟླ་རྩིས་ཞེས་པ་ཞིག་དར་སྲོལ་བྱུང་ཞིང་། དེ་ལས་དྲོད་རླུང་འཕེལ་བའི་དུས་དང་། འདབ་མ་རྒྱས་པའི་དུས། འབྲས་ལྡན་དུས། གྲང་རླུང་འཕེབ་པའི་དུས་བཅས་སུ་དུས་བཞི་གསལ་པོར་སྟོན་པ། ཉིན་བདུན་རེ་རེ་བརྩིས་པའི་ཟླ་བ་ག་དུས་འཆར་མིན་དང་། སྐྱེ་བོས་ཟླ་བ་མཐོང་མིན་ལས་ཚེས་གྲངས་བརྩི་སྲོལ་ཆགས་ལ་ཟླ་བའི་འཕེལ་འགྲིབ་ཀྱང་ཤེས། 《རྒན་མོ་བལ་མའི་ཟླ་རྩིས》ལས་བདུན་ནས་བདུན་གྲངས་ཞག་ཕྱིར་མར། ཟླ་བ་དར་བས་མཚན་གཅིག་ཐུབ།ཅེས་དང་བདུན་བཞི་བགྲངས་པའི་ཞག་ཕྱི་མར། རྒུད་པ་ཟླ་མེད་མཚན་མོ་ཟེར་། ཞེས་པ་ཡང་ཚེས་གཅིག་ནས་བགྲངས་པའི་བདུན་གཅིག་པའི་ཞག་ཕྱི་མ་སྟེ་བཅོ་ལྔའི་དགོང་མོ་ཟླ་བ་དར་བ་ཞེས་ཟླ་བ་ཉ་གང་བ་ཟླ་བས་མཚན་གཅིག་ཐུབ་པ། བདུན་བཞི་པ་ནས་བགྲངས་པའི་ཞག་ཕྱི་མ་སྟེ་ཚེས་སུམ་ཅུ་ལ་ཟླ་བ་རྒུད་པ་ཞེས་ཟླ་བ་སྟོང་པར་སྣང་བ་སོགས་ཀྱི་གནས་ལུགས་ཀྱང་ཤེས། དེང་དེར་ཞིང་ཁུལ་དུ་བཅོ་ལྔའི་ཟླ་བས་ནམ་ཚོད་འཛིན། ཉེར་གཉིས་རྐུན་མའི་ཟླ་བ་ཡིན།ཞེས་པ་སོགས་ཀྱི་གཏམ་དཔེ་དག་ལས་ཀྱང་། བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་དུས་ཀྱི་སྔ་ཕྱི་དང་འབྱུང་ཁུངས་གསལ་པོར་རྟོགས་ཐུབ། བོད་རྒྱལ་སོ་གསུམ་པ་སྲོང་བཙན་སྒམ་པོའི་སྐུ་རིང་དུ་རྒྱ་ནག་ཐང་རྒྱལ་རབས་ཀྱི་དུས་ཡིན་ཞིང་གནམ་རིག་སྐར་རྩིས་ཐད་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད། སྐབས་དེའི་རིང་རྒྱ་ནག་ཡུལ་དུ་སྤར་ཁ་བརྒྱད་དང་། འབྲུག་སྒྲ་ཐོག་མར་བསྒྲགས་པས་འབྲུག་ཟླ་དང་པོ་སོགས་ལོ་སྐོར་བཅུ་གཉིས་ལོ་རྩིས་རྒྱུ་སྐར་ཐོག་མ་སྨིན་དྲུག་བྱེད་པ། ལོ་དང་དུས་ཀྱི་ཐོག་མ་གྱི་བ་བཤོལ་ཟླ་འདོན་ལུགས་སོགས་དར་བ་མ་ཟད་ཐང་རྒྱལ་རབས་དུས་ནི་རྒྱ་ནག་ཡུལ་དུ་གཙུག་ལག་རྩིས་ཀྱི་ལག་ལེན་མཐོ་རླབས་ཤུགས་ཆེར་འཕྱུར་བའི་དུས་ཤིག་ཡིན། སྐབས་དེར་རྒྱ་བཟའ་ཀོང་ཇོས་རྩིས་གབ་རྩེ་སུམ་བརྒྱ་དྲུག་ཅུའི་དཔེ་རིས་སོགས་བསྣམས་ཡོད་པ་དང་། བོད་རིགས་ཀྱི་ཤེས་རབ་ཅན་མི་བཞི་རྒྱ་ནག་ཏུ་རྩིས་ཀྱི་གཞུང་ལུགས་རྒྱུད་སྡེ་དགུ་དང་འགྲེལ་པ་གསུམ་རུས་སྦལ་གྱི་གབ་རྩེའི་དཔེ་རིས་སྲིད་པ་ཧྭ་རྣམས་ཞུས་ནས་བོད་དུ་བསྒྱུར་སྐད། སྤྱི་ལོ་བདུན་བརྒྱའི་ནང་རྒྱ་ནག་ནས་རྩིས་ཀྱི་སློབ་དཔོན་དུ་ཧར་ནག་པོས་བོད་དུ་ཐེངས་གཉིས་ཕེབས་ཏེ་ཐེངས་དང་པོར་ཐུན་མོང་གི་རྩིས་གཞུང་བསྒྱུར་བ་དང་། ཐེབས་གཉིས་པར་རྩིས་གཞུང་རེན་ཆེན་གསལ་བའི་སྒྲོན་མེ་སོགས་བརྩམས། དེ་བཞིན་ལོ་ཆེན་བཻ་རོ་ཙཱ་ནས་རྒྱ་གར་ནས་སྨན་རྩིས་ཀྱི་གཞུང་ཁ་ཤས་བསྒྱུར་ཞེས་པ་སོགས་ལ་བལྟས་ན་སྤྱི་ལོ༧༠༠ནས༨༠༠ནང་བོད་དུ་རྒྱ་གར་དང་རྒྱ་ནག་གཉིས་ཀ་ནས་རྩིས་གཞུང་དར་བ་ཤེས་ཐུབ། སྨན་གྱི་རྒྱལ་པོ་གཡུ་ཐོག་ཡོན་ཏན་མགོན་པོས་ཀྱང་གསོ་རིག་གི་བསྟན་པ་ཁྱབ་སྤེལ་རྒྱ་ཆེར་གནང་བ་དང་ཆབས་ཅིག་སྐར་རྩིས་རི་བོ་སྡུལ་འབེབ་དང་། འགྲས་རྩིས་ཤིང་རྟའི་སྲོལ་འབྱེད། ལྷག་པར་དུ་རབ་བྱུང་དང་པོའི་མེ་ཡོས་ལོ་ནས་བཟུང་དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་དང་བཅས་རིག་པའི་གཞུང་རྩར་གྱུར། རབ་བྱུང་གསུམ་པར་རྗེ་བཙུན་གྲགས་པ་རྒྱན་མཚན་དང་འགྲོ་མགོན་ཆོས་རྒྱལ་འཕགས་པ་གཡུང་སྟོན་སྟེ་རྗེ་དཔལ་བཟང་བཅས་བྱོན། རབ་བྱུང་བརྒྱད་པའི་ནང་ལྷོ་ཁའི་ཡུལ་དུ་རྩིས་ལ་མཁས་པ་རྒྱ་མཚོ་རྣམ་གསུམ་བྱོན། རབ་བྱུང་བཅུ་གཅིག་པར་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སོགས་དང་། རབ་བྱུང་བཅུ་གཉིས་པར་ལྷོ་ཁ་སྨིན་གྲོལ་གླིང་གི་ལོ་ཆེན་དྷརྨ་ཤྲཱིའམ་ཆོས་ཆོས་དཔལ་བཟང་པོ། རབ་བྱུང་བཅུ་གསུམ་པར་སུམ་པ་ཡེ་ཤིས་དཔལ་འབྱོར། རབ་བྱུང་བཅུ་གསུམ་ཆུ་མོ་གླང༡༧༩༣ལོར་འཕྱོངས་རྒྱས་ཚེ་རིང་ལྗོངས་སུ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་འཁྲུངས་པ་སོགས་སྐར་ནག་རྩིས་ལ་མཁས་པའི་སྐྱེས་བུ་དམ་པ་དེ་དག་གིས་བོད་རང་གི་གནམ་ཤིས་དང་དུས་གཟེར་ལ་ཞིབ་འཇུག་ནན་ཏན་མཛད་ནས་གནམ་རིག་སྐར་རྩིས་ཀྱི་གཞུང་ལུགས་མང་དག་ཅིག་བརྩམས་གནང་བ་དང་ལྷག་པར་ཏུ་སྡེ་སྲིད་སངས་རྒྱས་རྒྱ་མཚོས་བརྩམས་གནང་བའི《བཻ་དཀར》དང་དེའི་དྲིས་ལན《གཡའ་སེལ》ནི་དེང་འདིར་རྩིས་ཀྱི་ཁུངས་གཏུགས་ས་ཞིག་ཏུ་འཛིན་གྱི་ཡོད། རབ་བྱུང་བཅོ་ལྔ་པའི་མེ་འབྲུག༡༩༡༦ལོ་ནས་སྨན་རྩིས་མཁས་དབང་མཁྱེན་རབ་ནོར་བུ་མཆོག་གིས་ལྷ་ལྡན་སྨན་རྩིས་ཁང་གི་དབུ་འཛིན་གནང་བ་དང་སྨན་རྩིས་ཀྱི་སློབ་མ་བརྒྱ་ཕྲག་མང་པོ་གསོ་སྐྱོང་གནང་བ་དང་སྦྲགས་རྩིས་དཔེ་སྣ་ཚོགས་དང་། ལྷག་པར་དུ་ལོ་ཐོ་ཕབ་པ་དང་བལྟ་བར་མཁོ་གལ་ཆེ་བ་རྣམས་འགྲེམས་སྤེལ་གནང་བ་དེས་བོད་སྤྱིར་རྩིས་འབྲས་བེད་སྤྱོད་དང་། རྩིས་འབྲས་ལས་དགེ་མི་དགེའི་འབྲས་བུ་བརྟག་པ་སོགས་སྔར་སྲོལ་ལམ་ཆགས་ཤིག་ཏུ་གྱུར་ཡོད་ལ་དེང་གི་ཆར་སྐར་རྩིས་མཁས་དབང་རྣམས་ཀྱི་དྲིན་ལས་ལྷ་ལྡན་སྨན་རྩིས་ཁང་གི་གནམ་རིག་སྐར་རྩིས་ཞིབ་འཇུག་ཁང་ནས་ལོ་རབས་དུ་མའི་ཚུལ་དུ་ལག་ལེན་བསྟར་བའི་ལོ་ཐོ་དེ་མ་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་ཀྱིས་འགྲེམས་སྤེལ་དང་གནམ་རིག་སྐར་རྩིས་ལ་བརྩོན་པའི་སློབ་མ་ཡང་མིི་ཉུང་བ་ཞིག་གསོ་སྐྱོང་གནང་དང་གནང་མུས་ཡིན།
མདོར་ན། བོད་ཀྱི་གནམ་རིག་སྐར་རྩིས་དེ་བཙན་པོའི་རྒྱལ་རབས་གོང་ནས་ད་བར་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ་བོད་ཀྱི་ཞིང་འབྲོག་ཐོན་སྐྱེད་ཁྲོད་དུ་རང་བྱུང་ཁམས་ཀྱི་ཕན་ནུས་བྱེད་ལས་མ་འོངས་སྔོན་བརྡ་ཐུབ་པར་བརྟེན་རང་རིགས་ཀྱི་རིག་གནས་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་མི་མངོན་པའི་ནུས་པ་གང་ལེགས་ཐོན་ཞིག་ཡོད།

འབྲེལ་ཡོད་འོས་སྦྱོར།