མཛུབ་རིས་བརྟག་ཐབས་ཀྱི་རིག་པ།
མཛུབ་རིས།
མཛུབ་རིས་བརྟག་ཐབས་ཀྱི་རིག་པ་འདི་ནི་ཉི་ཧོང་རྒྱལ་ཁབ་ཀྱི་དཔེ་དེབ་ཅིག་ལས་བོད་ཡིག་ཏུ་བསྒྱུར་བ་ཞིག་ཡིན་ཞིང་། དཔེ་དེབ་དེའི་ནང་དུ་གསལ་བཤད་བྱས་པ་ལྟར་ན། ཉི་ཧོང་རྒྱལ་ཁབ་ཀྱི་ཉེན་རྟོགས་ལས་ཚན་ཁག་གིས་མིའི་མཛུབ་རིས་ལ་ལྟོས་ནས་ཉེས་གཞི་ཐག་གཅོད་བྱེད་ཅིང་ལག་ལེན་ཡང་བྱེད་བཞིན་ཡོད་པའི་གནས་ཚུལ་དང་། མཛུབ་རིས་བརྟག་ཐབས་ཀྱི་རིག་པ་འདི་ནི་དེ་འདྲའི་དཔྱོད་དེབ་ཅིག་ཏུ་བྲིས་པ་ཞིག་ཡིན་ཞིང་། མི་རྣམས་ཀྱི་ལག་པའི་མཛུབ་རིས་ལ་བལྟས་ན་མི་དེའི་བྱ་བ་དང་སྤྱོད་ལམ། ནུས་པ་སོགས་མི་དེ་ཇི་འདྲ་ཞིག་ཡིན་པ་སོགས་གསལ་བོར་ཤེས་ཐུབ་པ་དང་། རིག་པ་འདིས་མི་བརྒྱ་ཆའི་བརྒྱ་ནས་བརྒྱད་ཅུ་ཙམ་གྱི་རང་གཤིས་ལ་ནོར་འཕྱུག་མེད་པར་ཡང་དག་པར་ཤེས་ཐུབ་ཅེས་བརྗོད་འདུག་པའོ། །
གསལ་བཤད་མདོར་བསྡུས། ཕོ་རྣམས་ཀྱི་ལག་པ་གཡོན་པ་དང་། མོ་རྣམས་ཀྱི་ལག་པ་གཡས་པའི་མཐེབ་ཆེན་ནས་མགོ་བཟུང་སྟེ་བརྩི་དགོས། @རྟགས་འདིའི་མིང་ལ་བྲག་ཟེར་ཞིང་། oརྟགས་འདིའི་མིང་ལ་མཚོ་ཟེར་བའོ།།
@@@@@མི་འདིའི་རིགས་ལ་མི་ཚུལ་དང་ལྡན་ཞིང་ནུས་པ་ཆེ་བ། མི་གཤིས་ལྷོད་ཆགས་སུ་གནས་པ། དྲང་མོ་ཡིན་པ། སེམས་སུ་འདྲ་མི་འདྲ་ཤར་རྒྱུ་མང་ཡང་། འོན་ཀྱང་རྒྱུ་འབྲས་བརྩི་ཐུབ་པ་ཞིག་ཡིན་ནོ།།
@@@@oམི་འདིའི་རིགས་ལ་ནུས་པ་ཆེ་ཞིང་། སེམས་སུ་དྲན་རྒྱུ་མང་བ། གྲིམ་པོ་རིགས་འདི་ལྟ་བུས་མི་གཞན་ལ་མགོ་གཡོག་སླ། མི་འདི་ཅན་གྱི་མང་ཆེ་བ་ནད་པ་ཡིན། ཁྲིམས་ཆད་མགོ་ལ་ཡོང་སླའོ། །
@@@ooམི་འདིའི་རིགས་ཀྱིས་ཁ་ཡག་བཤད་ཤེས་པ། མཛའ་བརྩེ་ཆེ་བ། སྔོན་དུ་བཟང་ཡང་རྗེས་སུ་དོན་ངན་རེ་འབྱུང་སྲིད། མཉམ་མ་བཞག་ན་ཆག་སྒོ་ཡང་འབྱུང་སླའོ། །
@@oooམི་འདིའི་རིགས་མཛའ་བརྩེ་ཆེ་ཞིང་ཐབས་དང་བཀོད་པ་ཡོད་པ། ཡར་མར་ལ་འགྲོ་ཐུབ་པ། ནུས་ཤུགས་ཆེ་ཡང་འོན་ཀྱང་བྱ་བ་མི་བཟང་བ་མགོ་ལ་མ་ཡོང་བའི་སྔོན་ལ་བསམ་བློ་གཏོང་མི་ཤེས་པ་ཞིག་ཡིན་ནོ། །
@ooooམི་འདིའི་རིགས་ཀྱིས་བཤད་ཐུབ་པ་དང་སྒྲུབ་ཐུབ་པ། སེམས་བཟང་པོ་ཞིག་ཡིན་ཞིང་བརྟན་པོ་ཞིག་ཀྱང་ཡིན། རང་གཅིག་པུ་མཐོ་ན་དགའ་བ། འོན་ཀྱང་བར་ཆད་ཤིན་ཏུ་ཆེའོ། །
oooooམི་འདིའི་རིགས་ལ་བསམ་པ་བཟང་ཞིང་བྱ་བ་བསྒྲུབ་ན་ནན་ཏན་ཡིན་པ། མགོ་ཁྲིད་ཀྱི་ནུས་པ་ཡོད་པ། མི་གཞན་གྱི་བསམ་འཆར་ལ་མི་ཉན་པ། རང་ཤེད་ཀྱིས་ཐག་གཅོད་བྱེད་པ་ཞིག་ཡིན་ནོ། །
oooo@མི་འདིའི་རིགས་མི་བརྟན་པོ་ཞིག་དང་འདོད་བློ་ཅན། ཚེ་སྟོད་དུ་འཚོ་བར་དཀའ་ལས་རྒྱག་པ། དཀའ་ལས་ལ་ཐུག་ཀྱང་མི་སྐྲག་པ་དང་ཚེ་སྨད་ལ་བདེ་ཞིང་སྐྱིད་པ་ཡིན་ནོ། །
ooo@@མི་འདིའི་རིགས་ལ་དད་སེམས་ཆེ་ཞིང་། ཕྱིའི་ཚུལ་ལ་ལྟས་ན་ནུས་པ་ཆུང་། བྱ་བ་སྒྲུབ་ན་མགོ་མཇུག་མེད་པ་ཞིག་ཡིན་ནོ། །
oo@@@མི་འདིའི་རིགས་ཀྱིས་ཡོན་ཏན་ལ་སྦྱངས་འདོད་ཆེ་བ། བྱ་བ་སྒྲུབ་ན་མི་གཞན་ལ་ཧ་ཅང་མཐུན་པ། མི་ཕྱིའི་ཚུལ་ལྷོད་པོ་ཡིན། མི་འདི་ཅན་གྱི་ལག་ཏུ་མི་གཞན་འཆི་སླའོ། །
o@@@@མི་འདིའི་རིགས་སེམས་བཟང་ཞིང་ཕྱིའི་ཚུལ་འཇམ་པ་ལག་ཤེས་ཅན་ཞིག་ཡིན་པ་རེད། འོན་ཀྱང་ཨུ་ཚུགས་མཐའ་སྐྱེད་ཀྱི་སྤྱོད་པ་བཤད་མཁན་ཞིག་ཡིན།
@ooo@མི་འདིའི་རིགས་ལ་བརྩེ་དུང་ལ་ཧ་ཅང་དུང་བ་ཆེ་ཞིང་། རང་ཉིད་གཞན་གྱི་རྗེས་སུ་ལུས་ན་མི་འདོད་པ། བཤད་པ་ལྟར་སྒྲུབ་པ་ཞིག་ཡིན། འོན་ཀྱང་བྱ་བ་སྒྲུབ་ན་མི་གཞན་ལ་མཐུན་མི་ཐུབ་པ་ཞིག་ཡིན་ནོ། །
o@@@oམི་འདིའི་རིགས་ཀྱིས་གནས་ལུགས་མེད་པར་གནས་ལུགས་བཤད་པ། བསམ་བཞིན་དུ་གཞན་གྱི་སྐྱོན་འཚོལ་བ། རང་གི་རང་ལ་བསྟོད་པ་བྱེད་པ། རྟགས་འདི་ཅན་གྱི་མི་ཕྱེད་ཙམ་ལ་ནད་ཡོད་དོ།།
o@@ooམི་འདིའི་རིགས་ལ་ལས་འགན་ལག་ཏུ་བཞག་ན་སྒྲུབ་པའི་ནུས་པ་ཡོད་པ། བརྩེ་དུང་ཟབ་པ། མི་གཞན་ལ་རོགས་བྱེད་རྒྱུར་དགའ་བ་བཅས་ཡིན། འོན་ཀྱང་མི་གཞན་ལ་བསྙེན་བཀུར་མི་བྱེད་དོ།།
@oo@@མི་འདིའི་རིགས་ལ་མཛའ་བརྩེ་ཆེ་ཞིང་། འོན་ཀྱང་སྐྱོན་ཅུང་ཙམ་ཡོད་པ་ཞིག་ཡིན། བྱ་ངན་མགོ་ཐོག་ཏུ་མ་ཡོང་བའི་སྔོན་ལ་བསམ་བློ་གཏོང་མི་ཤེས་ཤིང་། བསམ་པ་བརྟན་པོ་མིན་པ་ཞིག་ཡིན་ནོ།།
@o@@@མི་འདིའི་རིགས་ཕྱི་ནས་ལྟོས་ན་མི་ཚུལ་ལྡན་ཞིག་ཡིན་ཅིང་། ང་རྒྱལ་ཧ་ཅང་ཆེ། བློ་རིག་ཆེ་ཞིང་ནུས་ཤུགས་མི་གཞན་ལས་ཧ་ཅང་ཆེའོ། །
ooo@oམི་འདིའི་རིགས་ལ་སྤྱི་ཚོགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པ་དང་། མི་གཤིས་བཟང་ཞིང་ཡ་རབས་ཞིག་དང་ཚེགས་ཡང་ཞིག་ཡིན་པ་རེད། འགུལ་སྐྱོད་ཀྱི་ནུས་པ་ཆེ་ཡང་འོན་ཀྱང་དབུལ་བོ་ཞིག་ཡིན་ནོ།།
@@@o@མི་འདིའི་རིགས་ཅུང་ཙམ་བརྟན་པོ་ཞིག་ཡིན། བྱ་བ་སྒྲུབ་ན་ནན་ཏན་ཡིན་པ། ཨུ་ཚུགས་ཆེ་བ་ཡིན་པས་བར་ཆད་ཆེའོ།།
@@oo@མི་འདིའི་རིགས་སྙིང་སྟོབས་ཆེ་ཡང་སྟོང་བ་ཡིན། སྟོང་བསམ་ཆེ་ཞིང་སྐྱིན་པ་ལེན་པའི་གྲོགས་པོ་མང་། འོན་ཀྱང་མི་འགྱངས་པར་བྱ་བ་ལས་མི་ཐུབ་པ་ཞིག་ཡིན། བྱ་བའི་མགོ་ཡོད་ཅིང་མཇུག་མེད་པ་ཞིག་ཏུ་འགྱུར་སྲིད་དོ།།
oo@ooམི་འདིའི་རིགས་སྤྱང་གྲུང་ལྡན་པ་ཞིག་དང་། ལག་ཤེས་ཅན་དང་བརྩེ་སེམས་ཆེ་བ། འཚབ་འཚུབ་ཅན། འོན་ཀྱང་གྲོགས་མོ་བཟང་བོ་ཞིག་ལག་ཏུ་ཡོང་ཐུབ་པོ། །
@@o@@མི་འདིའི་རིགས་ལ་གྲོགས་པོ་མང་བོ་ཡོད་པ། བརྩེ་དུང་བརྟན་པོ་ཅན་ཞིག་ཡིན་པ་དང་། མི་ཡ་རབས་ཀྱི་བྱ་བ་ཆེན་པོ་སྒྲུབ་ན་རྗེས་འབྲང་བཟང་བོ་ཡིན། འོན་ཀྱང་དབུལ་བོ་ཞིག་ཡིན་ནོ།།
@@o@oམི་འདིའི་རིགས་མི་བཟང་ཡང་གཏུམ་དྲེགས་ཆེ། ཁ་ཕོ་འུ་འུར་སྒྲོག་པ་ལ་ཧ་ཅང་དགའ། མི་འདི་ཅན་ཕལ་ཆེར་གྱི་ལག་ཏུ་མི་གཞན་འཆི་སླའོ། །
oo@o@མི་འདིའི་རིགས་ལག་ཤེས་ཅན་ཞིག་ཡིན་པ་དང། གཙང་མ་བྱེད་རྒྱུར་དགའ་བ་དང་། འགུལ་སྐྱོད་ཀྱི་ནུས་པ་ཡོད་པ། སེམས་གཉོག་འཛིངས་ཡིན་པ། མི་འདི་ཕལ་ཆེར་ལ་སྙིང་རྗེ་མེད་དོ། །
@oo@oམི་འདིའི་རིགས་ཀྱིས་ཞབས་བྲོ་འཁྲབ་པ་དང་རོལ་ཆས་ལ་དགའ་བ། མི་བརྟན་པོ་ཡ་རབས་ཞིག་དང་བྱ་བ་སྒྲུབ་ན་ནན་ཏན་ཡིན་པའི་མི་ཞིག་ཡིན་ནོ། །
oo@@oམི་འདིའི་རིགས་ལ་སེམས་ཅན་ཡིད་ཆེས་ཡོད་པ། མི་གཞན་གྱིས་བཀག་འགོག་ལ་མི་ཉན་པ། སྐྱོ་སྣང་ཆེ་ཞིང་དྲན་རྒྱུ་མང་བ་ཞིག་ཡིན་པ་དང་། བར་ཆད་ཡོད་དོ། །
@o@o@མི་འདིའི་རིགས་ལ་ཐབས་བཀོད་པ་དང་འགུལ་སྐྱོད་ཀྱི་ནུས་པ་ཡོད་པ།སེར་སྣ་མེད་པ། བྱ་བ་སྒྲུབ་ན་མཐའ་ཆོད་པ། དཔོན་པོ་ལ་འདུག་པའི་ལས་དབང་ཡོད་པའོ། །
o@@o@མི་འདིའི་རིགས་ཀྱིས་མི་གཞན་པ་ལག་འོག་ཏུ་འགུག་ཐུབ་པ། རིག་པ་བརྟན་པོ་ཡིན་པ། བརྩེ་དུང་སེམས་ནས་མི་འདོར་མཁན་ཞིག་ཡིན་ཡང་མཇུག་མཐར་འབྲས་བུ་མི་བཟང་ངོ་། །
o@oooམི་འདི་རིགས་ཀྱིས་བྱ་བ་སྒྲུབ་ན་འགྲུབ་ཐུབ་པ། སེམས་བརྟན་པོ་ཡིན་པ། འདོད་ཆགས་ཀྱི་སེམས་ཡོད་པ་མཐའ་ཆོད་མི་ཐུབ་པ་ཡིན་ནོ། །
o@o@oམི་འདིའི་རིགས་བརྩེ་དུང་ཧ་ཅང་ཟབ་པ། འགུལ་སྐྱོད་ཀྱི་ནུས་པ་ཡོད་པ། རང་གི་འདོད་སེམས་ཁོ་ནར་བརྟེན་ནས་ལས་དོན་ཐག་གཅོད་བྱེད་མཁན་ཞིག་ཡིན་པ་དང་། སྐྱོ་སྣང་ཆེ་ཞིང་དྲན་རྒྱུ་མང་བ་ཡིན་ནོ། །
@o@ooམི་འདིའི་རིགས་བརྟན་པོ་ཡིན་པ་གང་ས་གང་དུ་འགྲོ་ཐུབ་པ། མགོ་ཁྲིད་ཀྱི་ཚུགས་ཀ་ཡོད་པ། གོ་ས་མཐོ་སར་ཐོན་ན་རྐང་འདྲེན་བྱེད་པའོ། །
@o@@oམི་འདི་རིགས་སྙིང་རྗེ་མེད་པ། ས་ཕྱོགས་གང་དུའང་འགྲོ་ཐུབ་པ། ཕྱི་ལྟོས་ཀྱི་མཛའ་སེམས་ཆེ་བ། མི་འདི་དག་གི་ནང་ནས་མི་མང་ཆེ་བས་མི་ཚེ་གཅིག་ལ་གཉེན་སྒྲིག་གཉིས་བྱེད་དོ། །
o@oo@མི་འདིའི་རིགས་མཛའ་བརྩེ་ཆེ་ཞིང་། བློ་རིག་མི་གཞན་ལས་ཆེ་བ། དོན་རྟོགས་པ།བསམ་ཤེས་བྱེད་ཐུབ་མཁན་ཞིག་ཡིན་ནོ། །
o@o@@མི་འདིའི་རིགས་ཡིད་ཆེས་ཀྱི་བསམ་པ་བརྟན་པོ་ཧ་ཅང་ཆེ་བ། ལས་དབང་བཟང་བ། རང་གཤིས་བཟང་བ། ལོ་སུམ་ཅུ་ལྷག་ལོན་དུས་ཕྱུག་པོར་འགྱུར་ཐུབ་པ་ཡིན་ནོ། །