logo

དྲུག་པའི་གླུ་རོལ་ལམ་ལྷ་རྩེད་ཀྱི་མིང་གི་འབོད་སྟངས།

རྩོམ་པ་པོ།:amidn ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-02-02 ཀློག་གྲངས།:

   སྤྱིར་དྲུག་པའི་གླུ་རོལ་དང་དྲུག་པའི་ལྷ་རྩེད་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་གླུ་རོལ་གྱི་རྩེད་མོའི་མགོ་སྔ་གང་དུའང་ཤེས་ཐུབ་མོད།  འོན་ཀྱང་མི་རེ་གཉིས་ཀྱིས་ལྷ་རྩེད།   ཀླུ་རྩེད།  དམག་རྩེད་གསུམ་རེ་རེ་བཞིན་གོ་བ་ལེན་པར་མ་ཟད།  གླུ་རོལ་གྱི་གླུ་འདིའང་མི་འབྲི་བརཀླུ་རིགསཞེས་འབྲི་བ་དང་།   ས་ཆ་ག་གེ་མོའི་རྩེད་མོ་དེ་ལྷ་རྩེད་རེད།  ས་ཆ་ག་གེ་མོའི་རྩེད་མོ་དེ་ཀླུ་རྩེད་རེད།    ས་ཆ་ག་གེ་མོའི་རྩེད་མོ་དེ་དམག་རྩེད་རེད་ཞེས་སྨྲ་བཞིན་མཆིས་མོད།   འོན་ཀྱང་ཁོ་བོས་བལྟས་ན་དེ་ནི་དོན་ལ་གནས་པའི་གཏམ་ཁོ་ནར་ཟད།  ད་ལྟ་ཚན་རིག་དང་རིག་གནས་འཕེལ་བཞིན་པའི་དུས་སྐབས་འདི་ལྟ་བུ་ཞིག་ལ་སླེབས་རུང་གླུ་རོལ་གྱི་འབྱུང་ཁུངས་དང་ལོ་རྒྱུས།   བྱེད་ལས་སོགས་ལ་ཞིབ་འཇུག་བྱེད་མཁན་ཞིག་ཕར་ཞོག   ཐ་ན་མདོ་སྨད་ཕྱོགས་སུ་འདི་ལྟ་བུའི་དོན་སྙིང་ལྡན་པའི་རྩེད་མོའི་མཛད་སྒོ་མཆིས་པ་བོད་མི་དམངས་ལ་ངོ་སྤྲོད་བྱེད་མཁན་ཞིག་ཀྱང་མེད་ན་འདི་བོད་རིགས་ན་གཞོན་རྣམས་ཀྱི་བག་ཚའི་རྒྱུ་ཞིག་མ་ཡིན་ནམ།

  དེས་ན་འདིར་དྲུག་པའི་གླུ་རོལ་དང་ཡང་ན་དྲུག་པའི་ལྷ་རྩེད་མདོ་ཙམ་གླེང་ན།

  དེ་ཡང་བོད་ཀྱི་ས་གནས་ཁ་ཤས་སུ་ད་ལྟ་མཐོང་དང་མཐོང་བཞིན་པའི་དྲུག་པའི་ལྷ་རྩེད་དང་ཡང་ན་དྲུག་པའི་གླུ་རོལ་གང་ཞིག་རྩེ་བཞིན་པའི་སྐབས་སུ་ལྷ་རྩེད་དང་ཀླུ་རྩེད།   དམག་རྩེད་འདི་གསུམ་མ་འཛོམས་པ་མེད་པར་མ་ཟད།   ས་ཆ་གང་ཞིག་དང་ཡང་ན་ལུང་བ་གང་ཞིག་གི་རྩེད་མོའི་ངོ་བོ་དང་གོ་རིམ་བཅས་ཐམས་ཅད་འདྲ་མཚུངས་ཡིན་པ་ལས་ ཁྱད་པར་ཅན་གྱི་རྩེ་ཚུལ་མི་མཐུན་པ་ས་ཆ་གང་དུའང་མཐོང་མི་ཐུབ་བས་དྲུག་པའི་གླུ་རོལ་དང་དྲུག་པའི་ལྷ་རྩེད་གཉིས་དོན་གཅིག་ཡིན་པ་ལས་རེ་རེ་བཞིན་རེ་རེར་གོ་བ་བླངས་ན་ནོར་བར་སྙམ།  ལྷག་པར་དུ་ས་ཆ་ཁ་ཤས་སུ་མི་ལ་ལས་གླུ་རོལ་ཞེས་པའི་དགའ་སྟོན་གྱི་མཛད་སྒོ་འདིར་རྩེད་ཚུལ་དང་གོ་རིམ་སོགས་བསམ་བློ་བཏང་སྟེ་མི་དཔྱད་པར་གང་ཡིན་ཁུངས་མེད་ལུགས་ཀྱི་གཏམ་གང་འདོད་ལྟར་སྨྲ་བ་ལ་ལེགས་བཤད་རིན་ཆེན་གཏེར་ལས་ཀྱངདུས་སུ་མ་བབ་པ་ཡི་གཏམ། །གང་སྨྲ་དེ་ལ་ཀུན་གྱིས་བརྙས། །མང་བོ་སྨྲ་བའི་གཏམ་ཚིགས་ལས། །སྨྱོན་པ་རྗེས་སུ་མི་དཔོག་གམ།  །ཞེས་གསུངས་པའི་ངང་ཚུལ་ཇི་བཞིན་ནོ། །

དེ་བསཀླུ་རིགསཞེས་བྲིས་ན་ནོར་བ་དངགླུ་རོལཞེས་འབྲི་དགོས་པའི་རྒྱུ་མཚན་ནི་ལྷ་རྩེད། ཀླུ་རྩེད།  དམག་རྩེད་བཅས་རྩེད་མོའི་གོ་རིམ་གང་དུའང་ཡོད་པ་ཇི་བཞིན།

   ལྷ་རྩེད་ལས་དཔེར་ན།

   ལྷ་ངོམ་པའི་དུས་སུ་རྩེད་མཁན་རྣམས་ཀྱིས་འཁར་རྔ་དང་ལྷ་རྔའི་སྒྲའི་འགྱུར་བ་དང་བསྟུན་ནས་ངག་སྒོ་དམའ་མོས་ལྷ་སྲུང་མཐུ་བོ་ཆེ་རྣམས་ཀྱི་མཚན་ནས།

          རྨ་ཆེན་ཡེ།

          འབྲོག་གནས་ཚུལ་བཟུང་ཆ་བྱད་ཀྱིས། །

          རྟ་དཀར་མགྱོགས་འགྲོས་སྟེང་བཞུགས་ནས། །

          རྨ་རིགས་སྟོང་དང་ལྔ་བརྒྱ་ཡིས། །

          འཁོར་གྱིས་བསྐོར་ཏེ་མགྲོན་དུ་བྱོན། །

          བྱ་ཁྱུང་ཡེ།

          རལ་གྲི་སྟོང་གི་གཤོག་པ་ཅན། །

          སྟོང་གསུམ་སྐད་གཅིག་མྱུར་བགྲོད་པའི། །

          ཡུལ་ལྷའི་རྒྱལ་པོ་འཁོར་ཚོགས་རྣམས། །

          འབོད་པའི་མགྲོན་དུ་དགྱེས་པར་བྱོན། །

          སྟག་ལུང་ཡེ།

          མི་དཀར་རྟ་དཀར་འཁོར་བ་སྟོང་གི་བདག །

          སྐྱེས་ལྷ་དགེ་བསྙེན་དང་བཅས་བཙུན་མ


འབྲེལ་ཡོད་འོས་སྦྱོར།