བོད་ཁང་གི་རྩིག་བཟོ་ལས་གྱང་གི་སྐོར་བཤད་པ།
ས་སྐྱའི་བརྩིགས་གྱང་།
གྱང་ནི་དུས་སྐབས་གཅིག་ལ་དར་ཁྱབ་ཆེ་བའི་རྩིག་བཟོའི་གྲས་ཤིག་ཡིན། ཁམས་ཡུལ་ལ་དར་སོ་ཆེ་ཙམ་ཡོད་ཐོག སྔོན་ཆད་ལྷ་ས་སོགས་ཀྱི་ས་ཆ་མང་པོར་ལྕགས་རི་ཕལ་ཆེར་གྱང་བརྡུང་གི་ཡོད། གྱང་བརྡུང་སྟངས་ནི་འོག་ཏུ་ཆུ་ལེན་རྡོ་རྩིག་བསྟར་བ་གཉིས་གསུམ་ཙམ་བརྩིགས་པའི་སྟེང་དུ་གྱང་པར་ཞེས་ཆེད་བཟོས་པང་ལེབ་ཞེང་ཆེན་གཉིས་བསླངས་པའི་མགོ་མཇུག་གཉིས་སུ་རྒྱུག་རིལ་གཉིས་རེ་ཕྲེད་ཐག་གིས་བསྡམས་ནས་གྱང་སྒྲོམ་བཟོས་པའི་ནང་ས་འགའ་ཚན་ཕྲན་བུ་ཡོད་པ་ཞིག་བསླུགས་ཏེ་རྒྱུག་རིལ་སྣེ་གཅིག་ཟླུམ་བུ་དང་། སྣེ་གཅིག་རྩེ་མོ་ཟུར་ལེབ་ཡིན་པ་ཞིག་གིས་རྡུང་གི་ཡོད། གྱང་གི་ཁྱད་ཆོས་གཙོ་བོ་ནི་སྒྱོགས་མདེལ་ཕོག་ཀྱང་རྩིག་པ་མི་ལོག་པ་སོགས་ཀྱི་ཁྱད་ཆོས་ཡོད། གྱང་རྡུང་བའི་ཁང་པའམ་ལྕགས་རི་ཐོག་བརྩེགས་ངེས་ཡོད་པ་དཔེར་ན་ལྷ་སའི་ཕོ་བྲང་པོ་ཏ་ལའི་ཞོལ་གྱི་ལྕགས་རི་དང་། ས་སྐྱའི་ལྷ་ཁང་ཆེན་མོ་ལྟ་བུ་ཡིན།
ཁྲ་འབྲུག་ལྕགས་རི།
