logo

དམངས་སྲོལ་དང་དམངས་སྲོལ་རིག་པའི་གོ་དོན་བཤད་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:བོད་ཀྱི་ཡུལ་སྲོལ་དྲ་གནས། དུས་ཚོད།:2008-01-19 ཀློག་གྲངས།:

    དམངས་སྲོལ་དང་གོམས་སྲོལ། ཡང་ན་ལུགས་སྲོལ་དང་ཆ་ལུགས་ཞེས་བྱ་བའི་ཐ་སྙད་འདི་བོད་ཀྱི་སྔོན་བྱོན་མཁའ་བ་རྣམས་ཀྱི་གསུང་རྩོམ་སྙིང་ཤོས་དག་ལས་རྒྱུན་དུ་མཐོང་ཐུབ་པ་མ་ཟད། བོད་རིགས་དམངས་ཁྲོད་ཀྱི་སྐད་ཆའི་ནང་དུའང་ཡོངས་ཁྱབ་དུ་བེད་སྤྱོད་ཀྱིན་ཡོད་པ་ཞིག་ཡིན་པས། ཐ་སྙད་འདི་གནའ་སྔ་མོ་ནས་རང་རེའི་བོད་སྐད་ཡིག་ཐོག་དུ་བེད་སྤྱོད་ཀྱིན་ཡོད་པ་རྟོགས་ཐུབ་ལ། དེང་གི་སྐབས་སུའང་ད་དུང་ཡིག་ཐོག་དང་ཁ་སྐད་གཉིས་ཀ་ན་རྒྱ་ཆེར་བེད་སྤྱོད་བྱེད་ཀྱིན་ཡོད་སྟབས། བོད་སྐད་སྨྲ་ཤེས་པ་དང་བོད་ཡིག་ཀློག་ཐུབ་པའི་མི་ཐམས་ཅད་ལ་མཚོན་ན། ཐ་སྙད་འདིའི་དོན་མི་གོ་བ་དང་དོན་འགྲེལ་དཀའ་བ་སོགས་ཀྱི་གནས་ཚུལ་གཏན་ནས་འབྱུང་མི་སྲིད་མོད། འོན་ཀྱང་དེང་སང་གསར་དུ་དར་བའི་རིག་གཞུང་ནང་དུ་མིང་ཚིག་རྙིང་བ་འདི་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་དང་དབྱེ་ཞིབ་བྱས་ན། གོ་དོན་གསལ་བོ་མིན་པ་དང་འགྲེལ་གསལ་བོ་སོང་མེད་པ་སོགས་ཀྱི་གནས་ཚུལ་བྱུང་གིན་ཡོད། དེས་རིག་གཞུང་གསར་བའི་ནང་དུ་བེད་སྤྱོད་བཞིན་པའི་འདི་དོན་བདེ་བླག་ཏུ་རྟོགས་རྒྱུར་ཅུང་ཁག་པོའི་ཚུལ་དུ་སོང་ཡོད་པ་མཐོང་ཐུབ། དེ་ནས་སྐབས་སུ་དམངས་སྲོལ་ཞེས་པའི་ཐ་སྙད་འདིའི་དོན་གསལ་བོར་རྟོགས་པ་ཐོག་མར་རིག་གཞུང་བརྡ་ཆད་ཅིག་ཏུ་བཞག་པ་ནས་གླེང་བར་བྱ་སྟེ། སྤྱི་ལོའི་ལོར་དབྱིན་ཇིའི་མཁས་པ་ཐང་མོ་སིས་དམངས་སྲོལ་ཞེས་པའི་ཆེད་བཀོད་ཐ་སྙད་འདི། ཐོག་མར་དབྱིན་ཇིའི་སྐད་དུ་ཞེས་པ་ཆེད་ལས་ཐ་སྙད་ཅིག་ཏུ་བེད་སྤྱོད་ཅིང༌། ཁོང་གིས་དམངས་སྲོལ་ཞེས་པ་ནི་མི་ཀུན་པོའི་ཁྲོད་དུ་ཡོངས་ཁྱབ་ཏུ་སྤེལ་བཞིན་པའི་སྲོལ་རྒྱུན་གྱི་དད་མོས་དང༌། ངག་རྒྱུན་དང་གོམས་སྲོལ་ཏེ། གནའ་སྔ་མོའི་དུས་ཀྱི་སྤྱོད་ཚུལ་དང༌། གོམས་སྲོལ། གནས་སྟངས། རྨོངས་དད། དམངས་གླུ། གཏམ་དཔེ་ལ་སོགས་ཡིན། ཞེས་བརྗོད་ཡོད་པ་རེད།

    ཐང་མོ་སིས་དམངས་སྲོལ་ལ་ཐོག་མར་དེ་ལྟར་ཚིག་འགྲེལ་བགྱིས་པའི་རྗེས་ཀྱི་ལོ་བརྒྱ་དང་དྲུག་ཅུ་ཙམ་གྱི་རིང་དུ་ནུབ་ཕྱོགས་རྒྱལ་ཁབ་ཏུ་མཁས་པ་མང་བོ་ཞིག་གིས། དམངས་སྲོལ་རིག་གནས་ལ་དོ་སྣང་མཛད་པ་དང་དཔྱད་འབྲས་རྒྱ་མི་ཆུང་བ་ཞིག་བླངས་ཡོད། ཁྱད་པར་དུ་ལོ་ངོ་བརྒྱ་དང་ལྔ་བཅུ་ལྷག་གི་རིང་དང༌། མཁས་དབང་བརྒྱ་ཕྲག་མང་པོའི་བློ་སྒོ་ཡངས་མོ་ཕྱེ་པའི་གྲུབ་འབྲས་ལས། ད་ལྟ་དམངས་སྲོལ་རིག་གཞུང་འདི་འཕེལ་རྒྱས་དང་གོང་སྤེལ། ཆ་ཚང་དང་མཐུས་ཚང་དུ་སོང་བ་རེད།

    དེ་ཡང་དམངས་སྲོལ་ཞེས་པའི་ཆེད་ལས་ཐ་སྙད་འདི་ལའང་གོ་དོན་སོ་སོ་དང་མཆན་འགྲེལ་འདྲ་མིན་མང་པོ་ཞིག་བྱུང་ཡོད་ནའང༌། དེ་ལས་གྲགས་ཆ་ཆེ་བ་དང་ལུང་རིགས་ཀྱི་རྗེས་འཛིན་པ་ཅུང་མང་བ་ནི། གུང་ཞུས་ཀྱི་ཐང་མོ་སིའི་ཐོག་མའི་ཚིག་འགྲེལ་དང༌། དེའི་རྗེས་སུ་འཇར་མན་ཀུ་ལན་གཅེན་གཅུང་གཉིས་ཀྱི་དམངས་སྲོལ་ནི་མི་རིགས་ཀྱི་ཤེས་རྒྱུད་དང༌། དབྱིན་ཇིའི་མིའི་རིགས་རིག་པ་མཁས་ཅན་ཨེ་ཏི་ཧ་ཐི་ལེས༌། དམངས་སྲོལ་ནི་མི་རྒོད་དམ་གདོད་མའི་དུས་ཀྱི་མིའི་འདུ་ཤེས་དེ་དགོད་བྲོ་བའི་ཚུལ་དུ་རོལ་རྩེད་དང༌། དད་མཆོད་དང༌། གཏམ་དཔེ་དང༌། གཏམ་རྒྱུད་བཅས་ཀྱི་ནང་དུ་ཤུལ་ལྷག་ཡོད་པ་དེ་ཡིན། ཞེས་གསུངས་པ་དེ་དང༌། ཧྥ་རན་སེའི་དམངས་སྲོལ་རིག་པ་མཁས་ཅན་ཧྲིན་ཏེ་ཏྲོས། དམངས་སྲོལ་རིག་པ་དག་ནི་ཤེས་ལྡན་རྒྱལ་ཁབ་དག་གི་དམངས་ཁྲོད་དུ་རྒྱུན་སྤེལ་བྱ་བཞིན་པའི་རིག་གཞུང་དེར་ཟེར། ཞེས་པ་བཅས་གསུངས་ཡོད་པ་དེ་གསུམ་ག་ཡིན། དེའང་མི་རིགས་སོ་སོའི་བསམ་བློ་འདུ་ཤེས་དང་རིག་གནས་རྒྱབ་ལྗོངས་མི་འདྲ་བས། མི་རིགས་སོ་སོའི་འཇིག་རྟེན་ལྟ་སྟངས་དང་རིག་གནས་སྒྲིག་གཞི་མི་འདྲ་བ། དེ་མིན་རྣམ་དཔྱོད་ཡངས་པའི་མཁས་པ་སོ་སོའི་ལྟ་དགོངས་མི་འདྲ་བ་བཅས་ཀྱི་དབང་གིས་དམངས་སྲོལ་ལ་འགྲེལ་ཚུལ་དེ་འདྲ་སྣ་ཚོགས་ཤིག་བྱུང་བ་རེད།

    དེ་ནས་རང་རེའི་རྒྱལ་ཁབ་ཀྱི་དམངས་སྲོལ་རྟོག་དཔྱོད་པ་རྣམས་ལ་མཚོན་ན། གོང་གི་དམངས་སྲོལ་མཁས་ཅན་དེ་དག་ལས་ཐི་ལེའི་མི་རྒོད་དམ་མི་རིགས་རྗེས་ལུས་ཀྱི་ཤུལ་ལྷག་རིག་གནས་ཡིན་པར་སྨྲ་བའི་ལྟ་ཚུལ་དེའི་ཤན་ཐེབས་ཡོད་པ་རེད།

    དཔེར་ན། མི་ཁ་ཅིག་གིས། དམངས་ནི་འབངས་མི་དང་ཡི་གེ་མི་ཤེས་པའི་མི་ཐམས་ཅད་དང༌། སྲོལ་ནི་རིག་གནས་རྙིང་དྲགས་པ་དང་རྗེས་ལུས་ཀྱི་གོམས་གཤིས་ལུགས་སྲོལ་ཏེ། དམངས་སྲོལ་ནི་དམངས་ཁྲོད་དུ་རྙིང་ཤོས་སུ་སོང་བའི་གོམས་སྲོལ་དེ་འབངས་མི་རྣམས་ཀྱི་བློ་རྨོངས་པའི་སྒོ་ནས་རྒྱུན་སྤེལ་བྱ་བཞིན་པའི་ལུགས་སྲོལ་དེ་ཡིན་ཞེས་པར་བརྗོད་ཀྱིན་ཡོད་པ་ལྟར་རོ།

    ཡང་དམངས་སྲོལ་གཞུང་ལུགས་ཀྱི་རིག་ལམ་ཇེ་ཞིབ་ཇེ་ཕྲ་དང་གྲ་རྒྱས་པའི་དེང་དུས་སུ་བལྟས་ན། ཐི་ལེའི་ལྟ་ཚུལ་ནི་དམངས་སྲོལ་རིག་གནས་ཀྱི་ངོ་བོ་དང་ཁྱད་ཆོས་ལ་ལྟག་འགལ་དུ་སོང་ཡོད་པ་རིམ་གྱིན་ཇེ་གསལ


འབྲེལ་ཡོད་འོས་སྦྱོར།