logo

རླུང་རྟ་སོགས་ལས་རྟ་ལ་གདེང་འཇོག་བྱེད་ཚུལ།

རྩོམ་པ་པོ།:སྙིང་བོ་ཚེ་རིང་། ཡོང་ཁུངས།:བོད་ཀྱི་དྲ་བ། དུས་ཚོད།:2008-01-02 ཀློག་གྲངས།:

  རླུང་རྟ་ནི་བོད་རིགས་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི་གནའ་བོའི་ཆོས་ལུགས་ཀྱི་བྱེད་སྒོའི་ནང་གསེས་ཤིག་ཡིན་ཞིང་།  རླུང་རྟའི་ལྷ་ལ་གསོལ་མཆོད་བྱེད་པའི་ཆོ་ག་ནི་གནའ་སྔ་མོ་ཞིག་ནས་དར་ཡོད་པ་ལོ་རྒྱུས་སུ་གསལ་བ་ལྟར།  མི་རྣམས་ཀྱི་རི་དྭགས་རྔོན་པ།  ཚེ་ལ་བར་ཆད་བྱུང་བ།  ཐན་པ་དང་མུ་གེས་མནར་བ།  རང་བྱུང་གི་གནོད་འཚེ་དང་འཕྲད་པ་བཅས་མི་འདོད་པའི་གདོན་ནམ་བཀྲ་མི་ཤིས་པའི་དོན་བྱུང་ཚེ་དངངས་སྐྲག་གི་བསམ་བློ་ཞིག་གིས་གནམ་ལྷས་གཙོས་པའི་འཇིག་རྟེན་གྱི་རྔམ་ཆེ་བའི་ཆོས་ཡོད་ཚད་ལ་མཆོད་ཅིང་བསྟོད་ཚིག་ཕུལ་བ་དང་།  རིམ་བཞིན་སྲོལ་དེའི་གཞི་ཁྱོན་ཆེ་རུ་ཕྱིན་ནས་དཔའ་བོ་གཡུལ་དུ་ཞུགས་པ་།  ཕོ་གསར་ཇག་ལ་ཆས་པ།  ལོ་གསར་དང་དུས་ཆེན་ལ་སོགས་པའི་སྐབས་སུ་ཡུལ་ལྷ་གཞི་བདག  ཕོ་ལྷ་དགྲ་ལྷ།  ཆོས་སྐྱོང་སྲུང་མ་བཅས་ལ་མཆོད་ཅིང་འབོད་པ།  རླུང་རྟ་བསྐྱོན་པ།  གཡས་དུང་འབུད་པ་བཅས་ཀྱི་ཆོ་ག་དེ་ས་ཁྱབ་རྡོ་ཁྱབ་བྱུང་ནས་རིམ་བཞིན་ནང་བ་སངས་རྒྱས་ཀྱི་ཆོས་ལ་ཤན་ཞུགས་མ་ཐེབས་རང་ཐེབས་བྱུང་།  རླུང་རྟ་ཞེས་པའི་མིང་ནི་ཕྱིས་སུ་བྱུང་བ་ཞིག་སྟེ།  ཐོག་མར་གྲགས་པའི་མིང་ནི་ཀླུང་རྟའམ་ཀློང་རྟ་ཞེས་ཀྱང་བྱ།  གོ་དོན་ནི་ཀླུང་ཞེས་པ་ཡོངས་ཁྱབ་བམ་ཀུན་གྱི་བདག་ཉིད་ཅེས་པའི་དོན་དང་།  ཞེས་པ་ཅང་ཤེས་མགྱོགས་འགྲོའི་མིང་སྟེ།  བོད་ཀྱི་སྒོ་ཕྱུགས་གསུམ་གྱི་ཡ་གྱལ་ཡིན་ཞིན་བགྲོད་པ་མྱུར་བའི་མཚོན་བྱེད་ཡིན།  རླུང་རྟའི་སྟེང་གི་དཔེ་རིས་ནི་རང་བྱུང་ཁོར་ཡུག་གི་སྲོག་ཆགས་གཞན་ལས་ཐུན་མོང་མ་ཡིན་པ་སྟེ།  ཁྱུང་འབྲུག  སྟག་དང་སེང་གེ  རྟ་བཅས་རིགས་ལྔ་ལས་གྲུབ་ཅིང་ཟུར་བཞི་བོར་སྟག་སེང་ཁྱུང་འབྲུག་ཡོད་པ་དེ་ལ་རླུང་རྟ་སྡེ་བཞི་ཞེས་འབོད།  དཀྱིལ་དབུས་སུ་རྟ་མཆོག་རིན་ཆེན་ཡོད་ཅིང་ཡིད་བཞིན་གྱི་ནོར་བུ་དང་རིན་ཆེན་རྒྱན་ཆས་ལེགས་པར་བརྒྱན་འདུག  སྐར་རྩིས་སུ་རླུང་རྟའི་ནང་དོན་ཐད།  སྲོག  ལས་དབང་།  ཁེ་ལས།  རླུང་རྟ་བཅས་བཞི་ལས་གྲུབ་ཅིང་།  ཁྱུང་ནི་སྲོག་གི་མཚོན་བྱེད་དེ་ཚེ་ཐག་རིང་དུ་བསྐྱེད་ཐུབ།  སྟག་ནི་ལས་ཀྱི་མཚོན་བྱེད་དེ་ལུས་པོ་བདེ་ཐང་དང་མཚར་ལོངས་འབྱུང་ཐུབ།  འབྲུག་ནི་དབང་ཆ་དང་ཐོབ་ཐང་གོ་གནས་བཅས་ཀྱི་མཚོན་བྱེད་ཡིན་པས་དེ་རྣམས་གོང་དུ་འཕུར་ཐུབ།  སེང་གེ་ནི་བསོད་ནམས་དང་བཀྲ་ཤིས་ཀྱི་མཚོན་བྱེད་དེ་དོན་རྣམས་བདེ་བླག་ངང་འགྲུབ་ཐུབ།  དེ་ཡང་ཁ་ཅིག་གིས་སྡེ་བཞིའི་གཟུགས་སུ་བཀོད་པ་དེས་མི་འཇིགས་པ་སྟེ་རྣམས་པར་རྒྱལ་བ་མཚོན་པ་ཡིན་ཞེས་པ་དང་།  དངོས་དོན་ནི་འབྱུང་བ་ལྔའི་མཚོན་བྱེད་དུ་གོ་ན་ལེགས་ཏེ།  སྟག་ནགས་ཚལ་དུ་གནས་པས་འབྱུང་བ་ཤིང་ཁམས་སམ་རླུང་གི་ཁམས་མཚོན་པ་དང་།  སེང་གེ་རིའི་ངོས་སུ་གནས་པས་སའི་ཁམས་མཚོན།  རླུང་ནི་ཀུན་ལ་ཁྱབ་པས་ནམ་མཁའི་ཁམས་མཚོན་པ་བཅས་གསལ་བོར་བསྟན།  རྟ་མཆོག་གི་གཟུགས་སུ་བཀོད་པ་ནི་ཉེས་པ་ནས་ལེགས་པར་བགྲོད་པ།  ལྟས་ངན་པ་ནས་བཀྲ་ཤིས་པར་གྱུར་པ་སོགས་མཚོན་ཕྱིར་དང་།  རེ་བ་ཡིད་བཞིན་དུ་སྐོང་ཆེད་རྟ་མཆོག་ནོར་བུས་བརྒྱན་ནས་ཕྱིས་སུ་རླུང་རྟ་ཞེས་རླུང་གི་བཞོན་པ་ལྟར་འགྲོས་མྱུར་བའི་དོན་དང་སྦྱར་ནས་འབྲི་བ་ལྟ་བུ་ཡིད་དུ་འོང་བ།  ནད་མེད་ཅིང་འཚེར་སྐད་ཀྱིས་འཛམ་གླིང་ཁྱབ་པ།  རྒྱལ་པོའི་ཐུགས་ལ་གང་ཤར་ཤེས་པས་ཅང་ཤེས་པ།  འཛམ་གླིང་ཉིན་གཅིག་ལ་ལན་གསུམ་བསྐོར་ནུས་པའི་བང་ཤུགས་རླུང་དང་འདྲ་བ་རྟ་ཡི་རྒྱལ་པོ་ཅང་ཤེས་ལྟ་བུའོ།།

  ཕྱིའི་རྒྱལ་ཁབ་ཏུ་འང་རྟ་ལ་མཆོད་བཀུར་དང་དྲན་གསོའི་སྟེགས་བུ་མང་པོ་ཞིགས་བཞེངས་ཡོད་དེ།  མོ་སི་ཁིའི་འགྲེམ་སྟོན་ཁང་ཞིག་ཏུ་རྟ་ཕོ་གཉིས་ལ་དྲན་གསོ་བྱེད་ཆེད་དྲན་གསོའི་སྟེགས་བུ་ཞིག་ཡོད།  རྟ་ཕོ་དེ་གཉིས་ཐེངས་མང་པོའི་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས་མྱོང་བ་རེད།  གཞན་ཨ་སེ་བེ་ཅང་སྤྱི་མཐུན་རྒྱལ་ཁབ་ཀྱི་རི་གྲོང་ཞིག་ཏུའང་རྟ་ཕོའི་དྲན་གསོའི་སྟེགས་བུ་ཞིག་བཞེངས་ཡོད།  བཤད་ཚུལ་ལྟར་ན།  དེ་རུ་མི་སེམས་དམར་པོ་ལྷོག་ལྷོག་ཏུ་འགུལ་བའི་གཏམ་རྒྱུད་ཅིག་ཡོད།  ཅང་མ་འགོར་བར་གཞོན་ནུ་དེས་གཡུལ་ངོར་རང་སྲོག་བློས་བཏང་།  ཁོའི་བཅིབ་རྟ་ཕྱིར་རང་ཡུལ་དུ་ལོག་ནའང་རྟ་དེ་རྒྱུན་པར་ལམ་ཆེན་སྟེང་བརྒྱུགས་ནས་རང་གི་བདག་པོར་ཕྱིར་ཡོང་བར་རེ་སྒུག་བྱས།  དེ་ལྟར་ཉིན་ནས་ཟླ་དང་ཟླ་ནས་ལོ་བར་རེ་སྒུག་བྱས་རྗེས།  མཐར་བློས་ཐུབ་ཀྱི་རྟ་དེ་གཏན་ན


འབྲེལ་ཡོད་འོས་སྦྱོར།