ཐུན་མིན་གྱི་ཁྱད་ཆོས་ལྡན་པའི་དབུས་གཙང་གི་གཉེན་སྒྲིག
གཉེན་སྟོན་དུ་ཕེབས་པའི་མགྲོན་པོས་མནའ་མ་དང་བག་པར་མཇལ་དར་སྒྲོན་པ།
གཉེན་སྒྲིག་ནི་བོད་རིགས་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། མི་རིགས་གཞན་པའི་གཉེན་སྒྲིག་དང་བསྡུར་ན། བོད་ཀྱི་གཉེན་སྒྲིག་ལ་རང་གི་ཐུན་མོང་མིན་པའི་ཁྱད་ཆོས་ཡོད། དེ་ཡང་རྣམ་པ་དང་བརྒྱུད་རིམ་གཉིས་ཀྱི་ཐོག་ནས་མཚོན་ཐུབ།
གཉེན་སྟོན་དུ་ཕེབས་པའི་མགྲོན་པོ་ཚོར་བཞེས་ལག་འབུལ་བ།
རྣམ་པ་ལ་ཡང་ཁག་གསུམ་སྟེ། གཞན་གྱི་བུ་མོ་འཕྲོག་ནས་རང་གི་བག་མར་ལེན་པ་དང་། བུ་སྤུན་མཉམ་དུ་བག་མ་གཅིག་ལེན་པ། བུ་མོའི་ཁྱིམ་ལ་ཕྱིན་ནས་བཟའ་ཚང་གི་འབྲེལ་བ་འཛུགས་པ་བཅས་སོ།།
བརྒྱུད་རིམ་ལ་ཁག་བཞི་སྟེ། བུ་མོའི་ཕ་མར་སློང་ཆང་དྲངས་ནས་སྔོན་ལ་བུ་མོ་སློང་བ་དང་། རྟེན་འབྲེལ་གྱི་དུས་བཟང་གཏན་འཁེལ། གཉེན་སྒྲིག་གི་རྟེན་འབྲེལ། འཁོར་ཞག་བཅས་སོ།།
བོད་རིགས་ནང་ཁུལ་ལའང་ས་ཁུལ་མི་འདྲ་བའི་དབང་གིས་གཉེན་སྒྲིག་བྱེད་ཚུལ་མི་འདྲ་བ་ཕྲན་བུ་ཡོད། དེ་ཡང་རིགས་སུ་ཕྱེ་ན་ཁག་གསུམ་སྟེ། ཨ་མདོའི་ལུགས་དང་། ཁམས་པའི་ལུགས། དབུས་གཙང་གི་ལུགས་བཅས་སོ།། ཨ་མདོ་བོད་རིགས་ས་ཁུལ་གྱི་ཉེ་འདབས་སུ་མི་རིགས་གཞན་པ་མང་སྟབས། དེའི་གཉེན་སྒྲིག་ལ་ཡང་མི་རིགས་གཞན་པའི་ཤན་ཕྲན་བུ་ཞུགས་ནས་རང་གི་ཁྱད་ཆོས་ཆགས་ཡོད། ཁམས་ཁུལ་དེ་ས་བཙན་ལ་ཕྱོགས་དང་འབྲེལ་བ་ཅུང་ཉུང་བས་ན། དེའི་གཉེན་སྒྲིག་ལ་ཡང་གནའ་སྔ་མོའི་ཁྱད་ཆོས་ལྡན་ཡོད། དབུས་གཙང་ས་ཁུལ་དེ་བོད་ཀྱི་རིག་གནས་ཀྱི་ལྟེ་བར་གནས་སྟབས། དེའི་གཉེན་སྒྲིག་ལ་ཡང་བོད་རིགས་རང་གི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་མང་ཙམ་ལྡན་ཡོད།
ཨ་མདོ་དང་དབུས་གཙང་། ཁམས་ཁུལ་བཅས་ས་ཁུལ་ཆེན་པོ་དེ་རིགས་གསུམ་ལ་ཡང་ནང་གསེས་ཀྱི་ཁྱད་པར་མི་འདྲ་བ་མང་པས། ལུང་པ་རེ་ལ་ཡུལ་སྲོལ་རེ་དང་། བླ་མ་རེ་ལ་ཆོས་ལུགས་རེ་ཟེར་བ་ཇི་བཞིན། ལུང་པ་མི་འདྲ་བ་རེ་ལ་གཉེན་སྒྲིག་བྱེད་སྟངས་མི་འདྲ་བ་རེ་ཡོད།
བོད་ཀྱི་སྲོལ་རྒྱུན་གཉེན་སྒྲིག་གི་རྩ་དོན་ནི་གཉེན་ཉེའི་འབྲེལ་བ་མེད་ལ་རིགས་རུས་འདྲ་མཚུངས་ཡིན་པའི་མི་དང་བུ་མོའི་བར་གཉེན་སྒྲིག་བྱེད་པ་ལས། རིགས་རུས་མཐོ་གྲས་དང་དམའ་གྲས་བར་གཉེན་སྒྲིག་མི་བྱེད་པ་དེ་རེད།
རིགས་རུས་འདྲ་མཚུངས་ཞེས་པ་ནི་སྔར་བྲན་གཡོག་ལམ་ལུགས་ཀྱི་སྤྱི་ཚོགས་དུས་སུ་སྐུ་དྲག་དང་སྐུ་དྲག་བར་གཉེན་སྒྲིག་བྱེད་པ་དང་། གྲོང་པ་དང་གྲོང་བར་གཉེན་སྒྲིག་བྱེད་པ། བྲན་གཡོག་དང་བྲན་གཡོག་བར་གཉེན་སྒྲིག་བྱེད་པ། མགར་བ་དང་མགར་བ་བར་གཉེན་སྒྲིག་བྱེད་པར་ཟེར། ཕ་མས་རང་གི་ཁེ་ཕན་གྱི་ཆེད་དུ་ཕྲུ་གུའི་འགྲོ་སྟངས་ཚང་མ་ཇུས་གཏོགས་བྱེད་པ་ལས། ཕྲུ་གུ་རང་གི་སེམས་མཐུན་ཇི་ཞིན་གཉེ་སྒྲིག་བྱེད་པ་ཅུང་ཉུང་ཙམ་ལས་མེད།
གཉེན་ཉེའི་འབྲེལ་བ་མེད་པ་ཟེར་བ་ནི་གཉེན་སྒྲིག་བྱེད་མཁན་བུ་དང་བུ་མོའི་བར་སྤུན་མཆེད་ཀྱི་འབྲེལ་བ་མེད་པ་སྟེ། ཕ་རྒྱུད་མ་རྒྱུད་གཉིས་ཀའི་འབྲེལ་བ་མེད་པར་ཟེར།
དེ་ཡང་ཞིབ་པར་ཞུས་ན། མ་རྒྱུད་མི་རབས་བདུན་ནས་ཕན་ཚུན་གཉེན་སྒྲིག་བྱས་ཆོག་པ་དང་། ཕ་རྒྱུད་མི་རབས་གྲངས་མེད་སོང་རྗེས་གཞི་ནས་གཉེན་སྒྲིག་བྱས་ཆོག་པའི་གནའ་བོའི་ཡུལ་སྲོལ་བཟང་པོར་ཟེར། གལ་ཏེ་དེ་ལས་ལྡོག་ནས་མི་རིགས་གཞན་པ་ཇི་བཞིན་ཉེ་སའི་བར་གཉེན་སྒྲིག་བྱས་ན། དེར་རུས་པ་མེད་པའི་ཕྲུ་གུ་སྐྱེ་ཟེར་སྲོལ་ཡོད། དེ་ནི་དེང་རབས་ཀྱི་ཚན་རིག་དང་མཐུན་པའི་བོད་ཀྱི་གནའ་བོའ་ཡུལ་སྲོལ་ཞིག་རེད། ལ་ལ་བས་ནང་པ་སངས་རྒྱས་ཀྱི་ཆོས་ལུགས་བོད་ལ་དར་བའི་རྗེས། སྔར་གྱི་རུས་རྒྱུད་འདེད་ཐབས་མེད་པའི་ཁར། བོད་རིགས་རྣམས་ལ་རང་གི་ཁྱིམ་ཚང་གི་ལོ་རྒྱུས་འབྲི་བའི་ཡུལ་སྲོལ་མེད་པས། གཉེན་ཉེ་ཡིན་མིན་དཔྱད་པ་དཀའ་ཟེར་རུང་། དེ་ནི་བོད་ཀྱི་དམངས་ཁྲོད་ཀྱི་ཡུལ་སྲོལ་ལས་རྒྱུས་མངའ་མེད་པའི་ཐལ་གཏམ་རང་རེད།&nbs
