logo

བོད་མིའི་ཡ་རབས་གུས་ཞབས་ཀྱི་སྲོལ་བཟང་སྐོར་གླེང་བ།

རྩོམ་པ་པོ།:མཚོ་ལྷ་འབའ་གདུགས། ཡོང་ཁུངས།:ཀྲུང་གོའི་བོད་ཀྱི་དྲ་བ། དུས་ཚོད།:2007-12-14 ཀློག་གྲངས།:

   ཡ་རབས་གུས་ཞབས་ནི་འགྲོ་བ་མིའི་རིགས་སྤྱི་ལ་ལྡན་དགོས་པའི་ཁྱད་ཆོས་ཤིག་ཡིན་པ་མ་ཟད།  མི་རིསག་ཀྱི་མི་གཤིས་འཇལ་བའི་དྲང་བདེན་གྱི་ཐིག་ཤིང་ཞིག་ཡིན་ལ།  ལོ་རྒྱུས་ཀྱི་འཁོར་ལོ་ཇི་ལྟར་སྔོན་དུ་བགྲོད་ནའང་མིའི་རིགས་ལ་ལྡན་དགོས་པའི་ཡ་རབས་གུས་ཞབས་ཀྱི་སྙིང་བོ་ལ་གཏན་དུ་འགྱུར་བ་ཡོད་མི་རུང་།  གལ་ཏེ་སྐྱེ་བོ་གང་ཞིག་ལ་རྒྱུ་དབང་ཐང་དང་།  བློ་རིག་པ།  གདོང་བྱད་བཞིན་སོགས་ཀྱི་དགེ་མཚན་ཇི་འདྲ་བརྟས་ནའང་།  དེ་ལ་ཡ་རབས་གུས་ཞབས་ཀྱི་རྩ་བའི་ཁྱད་ཆོས་དང་བྲལ་ཏེ་ལུས་ངག་ཡིད་གསུམ་དང་དུག་གི་དྲི་མས་བསླད་ན།  ཁོ་ལ་མངའ་བའི་བྱེ་བྲག་གི་ཁྱད་ཆོས་དག་ནི་སྙིང་བོ་བྲལ་བར་འཇིག་རྟེན་པས་དགའ་བསུ་དང་གོང་བཀུར་གཏན་ནས་འཐོབ་མི་སྲིད་པ་རེད།  དེ་བས་བོད་མི་རིགས་ལ་མཚོན་ན་ཕྱི་ནང་གི་རྣམ་པ་གང་གི་སྟེང་ནས་ཀྱང་ཡ་རབས་གུས་ཞབས་ཀྱི་ཆ་ཅུང་ཟད་འཐུས་ཚང་ཞིག་ཡོད་པ་སྟེ།  དེ་ལ་ནང་གསེས་ཀྱིས་དབྱེ་བ་ཡོན་ཏན་ཆེ་བ་ཅན་ལ་སློབ་དཔོན་དང་།  དགེ་རྒན་ཉམས་མྱོང་གི་ཆེ་བ་ཅན་ལ་རྒན་རབས་དང་།  སྔོན་བྱོན་སྤྱི་ཚོགས་ཀྱི་གོ་གནས་ཆེ་བ་ཅན་ལ་དཔོན་པོ་དང་འགོ་ཁྲིད་བཅས་ལ་གུས་བཀུར་བྱེད་སྲོལ་དང་།  ཁྱིམ་དུ་སྐུ་མགྲོན་ཕེབས་དུས་གུས་ཞབས་ཞུ་སྲོལ་དང་ཕན་ཚུན་མིང་འབོད་སྐབས་ཀྱི་གུས་ཞབས་ཞུ་སྲོལ།  ཕན་ཚུན་ཡི་གེ་གཏོང་སྐབས་ཀྱི་གུས་ཞབས་ཞུ་སྲོལ་བཅས་རིགས་ཧ་ཅང་མང་བ་རེད།  སྤྱིར་གུས་ཞབས་ཞེས་པ་ནི་སྐྱེ་བོ་དྲག་ཞན་མཐོ་དམན་སུ་ཡིན་རུང་ཕན་ཚུན་འབྲེལ་བ་བྱེད་སྐབས་ཀྱི་རྣམ་འགྱུར་དང་།  སྐད་ཆ་བཤད་སྟངས།  ཚུར་བསུ་ཕར་སྐྱེལ་སོགས་ཀྱི་སྤྱོད་བཟང་ལ་ཟེར་བ་ལས།  དཔོན་རིགས་ལ་མི་དགའ་དགའ་མདོག་གི་མགོ་སྒུར་སྒུར་དང་གདོང་ལ་འཛུམ་འཛུམ་གྱི་བཅོས་མའི་རྣམ་པ་ཞིག་ལ་གོ་བ་མིན་པ་འདྲ།  རང་ལ་ཤེས་བྱའི་ཡོན་ཏན་སྩོལ་བའི་དགེ་རྒན་དང་ཚེ་སྲོག་བགྱི་དུས།  དེ་དག་གིས་མཚན་རྗེན་པར་མི་འཛིན་པར་ཁྱེད་ཉིད་དང་།  ཁོང་ཚང་།  སྐུ་ཉིད་ལྟ་བུའི་ཞེ་སའི་མིང་བཀོལ་དགོས་པ་དང་གཞན་གདན་ལ་བཞུགས་དང་སྐུ་ངལ་གསོས།  ཁྱིམ་ལ་ཕེབས་ལྟ་བུ་དང་།  བཏུང་བ་འདྲེན་ནའང་ལག་པ་ཡ་གཅིག་གིས་མི་འདྲེན་པ།  དེ་དག་གིས་གསུངས་པའི་བཀའ་རང་ཉིད་ཀྱི་བློ་ལ་མ་བས་ཀྱང་ངག་འཇམ་པོས་ཞུས་པ་མ་གཏོགས་ཁ་ཡན་ཟླ་དང་།  བཟང་ཚང་བར་ལ་ཁ་རྩོད་མི་རྒྱག་པ།  ཁོ་ཚོ་དང་མཉམ་དུ་ཟ་མ་ཟོས་ནའང་སྔོན་ལ་རང་ཉིད་ཀྱིས་མི་ཟ་བ།  གལ་ཏེ་ཕ་མ་དང་དགེ་རྒན་སོགས་ཕེབས་དུས་ཁོ་ཚོའི་རྗེས་དང་གཡོན་ངོས་ཀྱི་ཟུར་ནས་འགྲོ་བ་མ་གཏོགས་མདུན་དང་གཡས་ངོས་ནས་འགྲོ་བ་མིན།  ཁོ་ཚོ་ཆིབས་པར་བཞོན་ནས་འགྲོ་བ་ཡིན་ན་སྔོན་ལ་ཁོ་ཚོ་བཞོན་དུ་འཇུག་པ་དང་།  ཆིབས་པ་ལས་འབབ་ནའང་རང་ཉིད་སྔོན་དུ་བབས་ཏེ་ཁོ་ཚོའི་རྟ་ཁ་ལེན་པ་དང་དལ་མོར་འབབ་དུ་འཇུག་དགོས།  ལམ་ནས་ཁོ་ཚོ་དང་འཕྲད་ན་གུས་ཚིག་གིས་གར་འགྲོ་སོགས་ཀྱི་གཏམ་འདྲི་དགོས་ལ།  རང་ཉིད་ཀྱིས་ངོ་མི་ཤེས་པའི་རྒན་རབས་དག་ལ་འཕྲད་ནའང་ངོ་འཛུམ་པའི་རྣམ་འགྱུར་སྟོན་དགོས་པ་རེད།  ད་དུང་ཁོ་ཚོ་སླེབས་ན་རྟག་ཏུ་ཡར་ལངས་པའི་སྲོལ་ཡང་ཡོད།

  རང་ཁྱིམ་དུ་སྐུ་མགྲོན་སླེབས་ན་གུས་སྲོལ་ཞུ་ཚུལ་ཐད་མི་རིགས་རེ་རེར་ཁྱད་ཆོས་རེ་ཡོད་ནའང་།  གཡས་གྲལ་ནི་གྲལ་མགོ་དང་།  གཡོན་གྲལ་ནི་གྲལ་མཇུག་ཡིན་པས་རང་ལས་མཐོ་བའི་སྐྭ་མགྲོན་ཞིག་ཕེབས་ནས་གོང་གྲལ་བཞུགས་སུ་འཇུག་པ་དང་།  རང་ཉིད་གཡོན་གྲལ་ལ་སྡོད་པ་ཡིན།  རང་དང་མཉམ་པའི་སྐུ་མགྲོན་ཞིག་ཕེབས་ན་འང་གཡས་གྲལ་ལ་འདུག་ཏུ་འཇུག་པ་འདི་དག་ཀྱང་གུས་སྲོལ་གྱི་རིགས་ཤིག་ཡིན་པ་རེད།  ད་དུང་བོད་མིས་བླ་སྤྲུལ་རྣམས་ལ་མཇལ་སྐབས་སྐྱེས་པས་ཞྭ་མོ་ཕུད་པ་དང།  བུད་མེད་རྣམས་ཀྱིས་མགོ་དཀྲིས་ལེན་པ་བཅས་བྱས་ཏེ་མགོ་ས་སྒུར་ཞིང་གུས་ཕྱག་འབུལ་བ་དང་།  ཕྱིར་འགྲོ་ནའང་མྱུར་མོར་རྒྱབ་བསྟན་ཏེ་མི་འགྲོ་བར་དལ་མོར་ཕྱིར་ནུར་བྱས་ཏེ་འགྲོ་བ་ཡིན།  གལ་ཏེ་བླ་དཔོན་བཅས་ལ་ཁ་བཏགས་དང་ལེགས་སྐྱེས་སོགས་འབུལ་ནའང་མགོ་སྒུར་ཞིང་ལག་ཟུང་མཐོན་པོར་བཏེགས་ནས་འབུལ་བ་ཡིན།  དེ་མིན་ད་དུང་ཞུ་རྒྱུ་ཡོད་ན་གུས་ཚིག་དང་བཅས་ཏེ་སྐད་མགོ་དམའ་མོས་ཞུ་དགོས་པ་རེད།  བོད་ཀྱི་ལོ་གསར་དང་།  གཉེན་སྟོན།  སྤྲོ་གཏོང་གི་དུས་གང་ཡིན་ནའང་མགྲོན་པོ་ཁྱིམ་དུ་བསྡུས་ཤིང་གྲལ་གདན་ལ་བཀོད་རྗེས།  སྦྱིན་བདག་གིས་དཀར་ཡོལ་གཙང་དག་ཡིན་ཞིང་ཆག་གྲུམ་ཤོར་མེད་པ་ཞིག་གི་ནང་དུ་ཟས་དང་ཇ་ཆང་གང་ཡིན་བླུགས་ཏེ་འདྲེན་པ་དང་།  དེ་ནས་ཁྱིམ་ཚང་གི་རྒན་རབས་རྣམས་ལའང་དེ་ལྟར་འདྲེན་པ་ཡིན།  མགྲོན་པོ་དང་སྦྱིན་བདག་གང་གིས་ཀྱང་ཟས་ལྷག་འཐུང་ལྷག་མི་བསྐྱུར་བའི་སྲོལ་ཡོད་ལ།  གཞན་བོད་རང་གི་གུས་སྲོལ་ལྟར་ཞུ་འབུལ་ཡི་གེ་དང་ཕན་ཚུན་འཕྲིན་ཡིག་སོགས་འབྲི་དུས་གན


འབྲེལ་ཡོད་འོས་སྦྱོར།