logo

ངན་པ་དགུ་འཛོམས།

རྩོམ་པ་པོ།:ས་གོང་དབང་འདུས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2007-12-07 ཀློག་གྲངས།:

  བོད་ཟླ་བཅུ་གཅིག་པའི་ཚེས་དྲུག་དང་བདུན་བར་གྱི་དུས་ཚོད་ཉིན་མཚན་གཅིག་རིང་ལ་ཉི་མ་ནག་ཆེན་དང་བཅས་པའི་ས་བདག་ངན་པ་གཞན་དགུས་དུས་མཉམ་དུ་སྐྱེལ་བའི་དུས་ཚོད་ངན་ཤོས་ཤིག་ལ་བརྩི་སྲོལ་ཡོད།  ངན་པ་དགུ་འཛོམས་ཀྱི་ཕྱི་ཉིན་འཆར་བའི་དུས་ཚོད་དེ་བཟང་པོར་རྩིས་ནས་དེར་བཟང་པོ་བཅུ་འཛོམས་ཞེས་ཤོད་སྲོལ་ཡོད།  དེ་འདྲ་སོང་ཙང་རང་རེའི་བོད་མིའི་ཁ་རྒྱུན་དུ།  ཁྱོད་ངན་པ་དགུ་འཛོམས་ཡོད་ན།  ང་བཟང་བོ་བཅུ་འཛོམས་ཡིན།  ཅེས་ཡོངས་ཁྱབ་ཏུ་ཤོད་སྲོལ་ཡོད་པ་མ་ཟད།  ད་དུང་ངན་པ་དགུ་འཛོམས་ཉིན།  ཁ་སྨྲས་གླེང་གཞིའི་ཟས་མི་ཟ།  བྱང་གི་ཕྱོགས་ལ་རྟ་མི་རྒྱུག  རྒྱལ་བའི་བཀའ་མི་སྒྲོག་ཅེས་རྩིས་གཞུང་ལའང་གསལ་ཡོད་སྟབས།  དུས་ཚོད་དེའི་ནང་བོད་མི་རྣམས་ལས་ཀ་གང་ལ་ཡང་མི་ཞུགས་པར་ངལ་གསོ་བྱས་ནས་སྡོད་པ་དང་།  ཡང་ན་དགའ་ཉེ་བློ་དཀར་ཕན་ཚུན་མགྲོན་ལ་བོས་ནས་སྤྲོ་སྐྱིད་ལ་རོལ་བ་མང་།

  གཞན་ཡང《མཛད་བརྒྱ་དཔག་བསམ་འཁྲི་ཤིང་》ཞེས་པའི་སྒྲུང་དེབ་ནང་དམངས་ཁྲོད་ལ་དར་ཁྱབ་ཆེ་བའི་སྒྲུང་《ངན་པ་དགུ་འཛོམས》ཞེས་པ་རྣ་བར་སྙན་ལ་ནང་དོན་ཤིན་ཏུ་གཏིང་ཟབ་པ་ཞིག་སྣང་བ་དེ་དང་གོང་བར་ཐད་ཀའི་འབྲེལ་བ་གང་ཡང་མེད།


འབྲེལ་ཡོད་འོས་སྦྱོར།