logo

འོང་ཁ་དང་རི་ཁར་འཛེམ་དགོས་པའི་སྐོར།

རྩོམ་པ་པོ།:ས་གོང་དབང་འདུས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2007-12-05 ཀློག་གྲངས།:

  དབྱར་གཞུང་འོང་ཁའི་དཀྱིལ་དུ་འགྲོ་དུས་བོད་པར་འཛེམ་དགོས་པའི་ཆ་མང་པོ་ཡོད་དེ།  བུད་མེད་རྣམས་ལུས་ལ་པང་གདན་མེད་པའམ་ཡང་ན་མགོ་ལ་སྤ་ཕྲུག་དང་ཞ་མོ་མགོ་རས་སོགས་གང་ཡང་མ་གྱོན་པར་སྐྲ་ནག་པོར་འོང་ཁའི་དཀྱིལ་དུ་འགྲོ་བའི་རིགས་དང་།  དེ་བཞིན་ཤ་དམར་པོ་དང་ཕུང་པོ་འཁུར་ནས་འོང་ཁའི་དཀྱིལ་ལ་འགྲོ་བའི་རིགས་ཅི་ནས་ཀྱང་བྱས་མི་ཆོག  ལྷག་དོན་དབྱར་གཞུང་གི་དུས་སུ་འོང་ཁའི་དཀྱིལ་དང་རིའི་སྟེང་དུ་སྐད་སྒྲ་འུར་སྒྲ་ཤུགས་ཆེན་རྒྱག་སྲོལ་མེད།  གལ་ཏེ་འདི་ལྟར་བྱས་ཚེ།  ཡུལ་ལྷ་གཞི་བདག་ཁྲོས་ནས།  སྟོན་ཐོག་ལ་སེར་བ་དང་ཐོག་གི་འཇིགས་པ་ཡོང་བར་ངོས་འཛིན་བྱེད་སྲོལ་ཡོད།


འབྲེལ་ཡོད་འོས་སྦྱོར།