logo

མེ་ཐབ་སོགས་ཀྱི་འཛེམ་བྱ།

རྩོམ་པ་པོ།:ས་གོང་དབང་འདུས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2007-12-05 ཀློག་གྲངས།:

  རང་རེ་བོད་པ་རྣམ་པས་ནམ་རྒྱུན་དུ་ཐབ་ལ་ཞུ་དྲི་མི་ཤོར་བ་བྱ་རྒྱུར་དོ་སྣང་ཆེན་པོ་བྱེད་སྲོལ་ཡོད་དེ།  དཔེར་ན་ཤ་དང་རུས་པ་མེར་བསྲེགས་ནས་ཞུ་དྲི་བཟོ་བ་དང་།  དུག་ཚལ་སོགས་ཞུ་དྲི་ཅན་གྱི་དངོས་པོ་མེར་བསྲེགས་ནས་དྲི་ངན་བཟོ་བའི་རིགས་ལ་འཛེམ་བྱ་ཆེན་པོ་བྱེད་པ་ལྟ་བུ་རེད།  གཞན་ཡང་ཐབ་ཀྱི་སྟེང་དུ་རྐང་པ་འཇོག་པ་དང་།  ཐབ་ལ་འགམ་ནས་འགྲོ་བ།  དཀར་ཡོལ་དང་བཀོལ་སྤྱོད་ཁ་སྦུག་ཏུ་འཇོག་པ།  ཁྱིམ་གྱི་ནང་དུ་ཤུ་སྒྲ་རྒྱབ་པ།  སླེལ་པོ་སྟོང་བ་འཁྱེར་ནས་ཁྱིམ་ཚང་གཞན་པའི་ནང་དུ་འགྲོ་བ་ལ་སོགས་ནི་གཏན་ནས་བྱེད་མི་རུང་བ་ཤ་སྟག་ཡིན།


འབྲེལ་ཡོད་འོས་སྦྱོར།